ཁ་བྱང་།རྒྱལ་བ་༧གཤེན་སྲས་རྣམ་གཉིས་ཀྱི་ཞབས་བརྟན་གསོལ་འདེབས།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། རག་ཤི་བ་བསྟན་འཛིན་དབ ip:117.136.18.*
སྤེལ་དུས། 2015-01-03 15:20:25
སྐུ་ཚེ་གེགས་མེད་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པར་སྨོན།
 
སྤེལ་མཁན། ཁྱུང་དཀར་ཕག་མགོན་དགེ ip:71.237.46.*
སྤེལ་དུས། 2015-01-03 12:56:40
དེ་རིང་གོ་སྐབས་འདི་བརྒྱུད་ནས་གཡུང་དྲུང་བོན་བསྟན་པའི་གཙུག་རྒྱན་༧ རྒྱལ་བ་གཤེན་གྱི་གདུང་ལས་བྱོན་པའི་སྲས་མཆོག་རྣམ་གཉིས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་མཁའ་མཐར་མཉམ་པའི་གསོལ་འདེབས་སྨོན་པ་ཤུགས་དྲག་ཞུ་རྒྱུ་ཡིན། དེ་བཞིན་སྐྱབས་མཆོག་༧ གཤེན་སྲས་རྣམ་གཉིསམ་གྱུར་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཏུ་བོན་འབངས་ཀུན་གྱི་གཙུག་མགོན་དུ་ཆིབས་བསྒྱུར་བསྐྱངས་དགོས་སྟབས་ད་ཆ་དགུང་ན་ཆུང་དུས་འདུ་འཛིའི་ལས་ལ་གཡོལ་ཅི་ཐུབ་ཀྱིས་མཁྱེན་ཡོན་ལྡན་པ་ཞིག་དགོས་རྒྱུ་ནི་དུས་ཀྱི་དགོས་མཁོར་མཆིས། སྐྱབས་མཆོག་ ༧ གཤེན་ཆེན་རིན་པོ་ཆེ་ནས་ཐུགས་འགན་གཡོལ་དུ་མེད་པ་ཞིག་ཡིན་སྟབས་དེ་དོན་ཐུགས་དགོངས་མི་གཡེལ་བ་མཁྱེན། ཞུ་མཁན་ཆུང་ངུའི་ངོ་ལ་མ་གཟིགས་པར་སྐྱེ་འགྲོའི་བདེ་སྡུག་གི་ཆེད་དུ་དོན་ཐོག་ཏུ་སྨིན་པ་ཞིག་སྐྱབས་འཇུག་ཅི་ནས་ཀྱང་མངའ་བ་མཁྱེན།། སྐྱབས་འོག་པ་སྐྱེ་འགྲོོ་སུ་ཞིག་གིས་སྐྱབས་མཆོག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྣམ་གཉིས་ཀྱི་གསེར་ཞལ་རིན་པོ་མཇལ་བའི་སྐབས་གསེར་སྐུ་བཞེངས་བཤམས་གནང་བའི་ལྟ་བུའི་ཅི་ཡང་མི་སྨྲ་བའི་ངང་ཚུལ་དོར་ཏེ་དད་ལྡན་དང་བ་འདྲེན་པའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བ་ཞིག་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ་ཞུ་ཞུ། དེ་ནི་སློབ་གཉེར་དང་། ཡོངས་འཛིན་ཚད་དང་ལྡན་མིན་ལ་རགས་ལས་སྟབས་དེ་དོན་རིན་པོ་ཆེ་མཆོག་དང་། ཉེ་གནས་སུ་བཞུགས་པ་རྣམས་ཀྱིས་ཐུགས་སུ་འཛིན་རྒྱུ་བཀའ་དྲིན་མི་ཆུང་བ་ཞུ་ཞུ་ཞུ། གུས་འབངས་ཁྱུང་དཀར་ཕག་མགོན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་གུས་ཕྱག་དང་བཅས་ཏེ་ནུབ་ཕྱོགས་ཨ་རི་ཁོ་ལ་ར་དྲོ་ནས་ཕྱི་ལོ ༢༠༡༥ ཟླ་ ༡ ཚེས ༢ ལ་ཕུལ།
 
སྤེལ་མཁན། མིང་མེད། ip:106.37.49.*
སྤེལ་དུས། 2015-01-03 10:27:05
རྣམ་འདྲེན་གཤེན་རབ་མི་བོའི་གདུང་འཛིན་གསས་པོ་རྣམ་གཉིས་མ་འོངས་པར་བོན་བསྟན་འཛིན་སྐྱོང་སྤེལ་བའི་འོས་འགན་ཆེན་པོ་ཞིག་ཡོད་པ་་དང་རིམ་དགུའི་གཤེན་བསྟན་ཡོངས་ཀྱི་མངའ་བདག་ཡིན་པས་བོན་གྱི་རིག་གཞུང་ལ་ཉམས་ཞིབ་དང་རྒྱུས་མངའ་ལོན་པ་མ་ཚད་ལུགས་གཉིས་ཀྱི་རིགས་གནས་ཐོགས་མེད་མཁྱེན་པ་བྱ་བའི་རེ་བ་ཆེ།
 
སྤེལ་མཁན། ཚེ་དབང་རྒྱལ་མཚན། ip:217.99.99.*
སྤེལ་དུས། 2015-01-02 23:03:06
གཤེན་གྱི་གདུང་སྲས་རྣམ་གཉིས་སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་རེ་སྨོན་དང་སྐུ་ན་གཞོན་པའི་སྲས་པོ་འདི་གཉིས་ལ་དབང་ལུང་ཁྲིད་ཀྱི་བརྒྱུད་ཁ་དང་སྐུ་ཡོན་སོགས་ལེགས་པོ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད་བསམ་ཡོད།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།