ཁ་བྱང་།སྟེང་དགོན་བླ་མ་རྒྱ་མཚོ་ནོར་བུ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། མིང་མེད། ip:113.63.57.*
སྤེལ་དུས། 2013-11-16 17:26:48
མཚུངས་མེད་དྲིན་ཆེན་བླ་མའི་མཛད་འཕྲིན་ཤར་གཏོང་ཐུབ་པ་ལ།  གུས་དབྲ་ཁྱུང་བསྟན་རྣམ་པས་ཐལ་མོ་སྙིང་ཁར་སྦྱར་ཏེ་བཀའ་དྲིན་ཆེ་ཞུ།
 
སྤེལ་མཁན། 董事长 ip:218.88.7.*
སྤེལ་དུས། 2013-11-09 20:35:24
༧   སྲིད་པའི་བརྡ་དར་མཁའ་ལ་སྒྲེང་བཞིན་བཀའ་བརྟེན་དཔེ་རྙིང་ཉི་ལི་ལི།།
རང་གཞན་གཉིས་དོན་བཤད་སྒྲུབ་སྒོམ་གསུམ་འདུས་སྡེའི་རྒྱ་མཚོ་འཁྱིལ་སེ་འཁྱིལ།།
ཞྭ་དཀར་གཡུང་དྲུང་བོན་བསྟན་གསོན་པོ་བཀའ་འགྱུར་དག་མ་བསྐྲུན་ལ་ཉེ།།
མ་གྱུར་འགྲོ་བའི་གཙུག་ཏུ་བཀུར་སའི་སངས་རྒྱས་གསོན་པོ་ཁེ་རུ་མ།།
བོན་བསྟན་དོན་ལ་མཛད་འཕྲིན་སྐྱོངས་བཞིན་མི་འགྱུར་ཡུན་རིང་བཞུགས་པར་སྨོན།།

༧ ཨེ་མ་ཧོ།  ཡུལ་མཆོག་གཙོ་བོ་བླ་མའི་སྤྱན་སྔ་རུ།  
བདག་ནི་ཐོག་མར་འཁྲུལ་ནས་ད་ལྟའི་བར།  
སྡིག་བཅུ་ལ་སོགས་མི་དགེ་གྱུར་ཚད་བཤགས།  
སྡོམ་གསུམ་འགལ་སྲིད་ཁས་བླངས་ཉམས་པ་བཤགས།  
སེམས་ཉིད་མ་རྟོགས་གཟུ་ལུམ་གྱུར་ཚད་བཤགས།  
བྱང་དག་ཚངས་པ་མཆོག་གི་དངོས་གྲུབ་སྩོལ།  
ཨ་ཨཱོྃ་ཧཱུྃ།  ཅི་པར་རཌྞ་རྐོ་ཕུང་ཨག་ཤོ་ཁྲི་རྩེ་ཨུ་དུག་ཀྴ་ཡ་ནི་སྭཱཧཱ།
 
སྤེལ་མཁན། ཚ་རོང་གཞོན་ནུ། ip:218.88.4.*
སྤེལ་དུས། 2013-11-08 10:21:38
༧  སྲིད་པའི་བརྡ་དར་མཁའ་ལ་སྒྲེང་བཞིན་བཀའ་བརྟེན་དཔེ་རྙིང་ཉི་ལི་ལི།  །
རང་གཞན་གཉིས་དོན་བཤད་སྒྲུབ་སྒོམ་གསུམ་འདུས་སྡེའི་རྒྱ་མཚོ་འཁྱིལ་སེ་འཁྱིལ།  །
ཞྭ་དཀར་གཡུང་དྲུང་བོན་བསྟན་གསོན་པོ་བཀའ་འགྱུར་དག་མ་བསྐྲུན་ལ་ཉེ།  །
མ་གྱུར་འགྲོ་བའི་གཙུག་ཏུ་བཀུར་སའི་སངས་རྒྱས་གསོན་པོ་ཁེ་རུ་མ།  །
བོན་བསྟན་དོན་ལ་མཛད་འཕྲིན་སྐྱོངས་བཞིན་མི་འགྱུར་ཡུན་རིང་བཞུགས་པར་སྨོན།  །

༧   ཨེ་མ་ཧོ།  རྒྱལ་བ་ཀུན་འདུས་དཔོན་གསས་བླ་མ་ལ།  །
  སྒྲུབ་གཤེན་གཙོར་བྱས་མཁའ་མཉམ་སེམས་ཅན་གྱིས།
ལུས་ཕྱག་ཡན་ལག་ལྔ་ལྡན་ཕྱག་འཚལ་ལོ།  །
ངག་ཕྱག་སྤྲོ་དགའི་དབྱངས་ཀྱིས་ཕྱག་འཚལ་ལོ།  །
ཡིད་ཕྱག་རྩེ་གཅིག་མོས་འདུན་ཕྱག་འཚལ་ལོ།  །
སྒོ་གསུམ་ལས་ངན་སྡིག་སྒྲིབ་བྱང་གྱུར་ཅིག  །
ཨ་ཨཱོྃ་ཧཱུྃ།  ཅི་པར་རཌྞ་རྐོ་ཕུང་ཨག་ཤོ་ཁྲི་རྩེ་གུ་དུན་ཧྲུན།
 
སྤེལ་མཁན། ཁམས་མདའ་སྨྱུག་པ། ip:49.244.61.*
སྤེལ་དུས། 2013-11-06 18:00:35
བླ་མ་ཁོང་གི་བསྟན་དོན་མཛད་འཕྲིན་དག་ལ་རྗེས་སུ་ཡིད་རང་ཞུ། །སྐུ་ཚེ་ཡུན་དུ་བརྟན་ཞིང་ཐུགས་བཞེད་ལྷུན་གྱིས་གྲུབ་པའི་སྨོན་ལམ་ཞུ།། རོང་ཚ་བའི་ཡུལ་ནས་ཁམས་བཙུན་མདའ་མིང་པས།
 
སྤེལ་མཁན། མིང་མེད། ip:218.6.203.*
སྤེལ་དུས། 2013-11-04 11:26:05
༧ རིན་པོ་ཆེ་ཁོང་གིས་མཛད་ཕྲིན་རྣམས་གེགས་མེད་དུ་འགྲུབ་པའི་སྨོན་འདུན་ཞུའོ།  དཀོན་མཆོག་རྩ་གསུམ་འདུས་པའི་ངོ་བོ།   དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།  ཕྱི་ནང་གསང་བའི་བར་ཆོད་སོལ་ལ།  བསམ་པའི་དོན་ཀུན་འགྲབ་པར་མཛོད་ཅིག  །
 
སྤེལ་མཁན། མིང་མེད། ip:218.6.203.*
སྤེལ་དུས། 2013-11-04 11:25:45
༧ རིན་པོ་ཆེ་ཁོང་གིས་མཛད་ཕྲིན་རྣམས་གེགས་མེད་དུ་འགྲུབ་པའི་སྨོན་འདུན་ཞུའོ།  དཀོན་མཆོག་རྩ་གསུམ་འདུས་པའི་ངོ་བོ།   དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ།  ཕྱི་ནང་གསང་བའི་བར་ཆོད་སོལ་ལ།  བསམ་པའི་དོན་ཀུན་འགྲབ་པར་མཛོད་ཅིག  །
 
སྤེལ་མཁན། མིང་མེད། ip:124.31.202.*
སྤེལ་དུས། 2013-11-02 20:28:36
རྒྱལ་བ་བོན་གྱི་བསྟན་པ་རིན་པོ་ཆེ།ལྔ་སྙིག་འདུ་འཛི་རྒོད་པའི་རྩོད་རྭ་འདིར།བསླད་མེད་རྣམ་དཀར་ཕྱོགས་བཅུ་སྤེལ་བའི་གཤེན།རྒྱལ་མཚོའི་ནོར་བུ་བཞིན་དུ་བཀྲ་ཤིས་་་་་་་་ཁམས་བསྟན་དར་ནས་
 
སྤེལ་མཁན། མིང་མེད། ip:113.62.110.*
སྤེལ་དུས། 2013-11-01 23:24:04
སྐུ་ཚེ་ཁྲི་ལོ་བརྟེན་པར་ཤོག
 
སྤེལ་མཁན། མིང་མེད། ip:218.6.203.*
སྤེལ་དུས། 2013-11-01 14:44:03
རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་།  གཞན་དོན་དུ་མཆད་རྩོད་རྩོམ་གསུམ།  བསྟན་དོན་དུ་འཛིན་སྐྱོང་དཔེལ་གསུམ་མཛད་པས།  ༧ ཁྱུང་པོ་སྟེང་ཆེན་དགོན་གྱི་བླ་རབས་ཉེར་བདུན་པ་༧ འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་རྒྱ་མཚོ་ནོར་བུ་རིན་པོ་ཆེས་བསྟན་འགྲོ་སྤྱི་ལ་སྨིན་པའི་མཛད་བཟང་ལ་གུས་པ་རང་དབང་མེད་པ་དད་པའི་སྤུ་ལོང་གཡོས།  
འཛམ་གླིང་གོ་ལའི་ཁྱོན་དུ་ཁོང་དང་འདྲ་བའི་བསྟན་འགྲོའི་དོན་མཛད་ནུས་པའི་སྐྱེས་བུ་གྲངས་མེད་འབྱོན་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་ཆབ་གཅིག་ཁོང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟེན་པའི་བཀྲ་ཤིས་སྨོན་འདུན་ཡང་ཞུའོ།   བསྭོ་བྷྲུྃ་ཨ་དཀར་མུ་ལ་ཏིང་ནམ་འོད་འདུ་མུ་ཡེ་ཚེ་རྣྲི་ཛཿ
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།