ཁ་བྱང་།《བོད་ཡིག་ཚིག་མཛོད་ཆེན་མོ་》ལས་བོན་གྱི་ཚིག་མཛོད་རྩོམ་སྒྲིག་ཚོགས་པའི་ཕྱོགས་བསྡུས་ཚོགས་འདུ་འཚོགས་པ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། སྦྲ་ཤེས་མཐར། ip:116.255.137.*
སྤེལ་དུས། 2015-04-01 13:55:31
࿑འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེ་དབུས་པའི་བོན་གྱི་ཚིག་མཛོད་རྩོམ་སྒྲིག་འཚོགས་པའི་ལས་མི་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཞུ།     གང་ཡིན་ཟེར་ན་ཁྱེད་རྣམ་པས་འབྱོར་ཚེགས་དུས་གསུམ་གང་ལ་མ་འཛེམ་པར་གཏན་ཚིག་རིག་པའི་ལམ་ནས་གཞི་རྒྱ་ཆེ་ལ་གཏིང་མཐའ་ཟབ་པའི་བོན་གྱི་ཚིག་མཛོད་ཆེན་མོ་འདི་འདྲ་ཞིག་ཐོན་ལ་ཉེ་བ་ནི་ང་ཚོ་བོན་པོའི་ངོས་ནས་ཆེས་དགའ་བསུ་འོས་པ་ཞིག་རེད་ལ་བོད་རིག་པའི་བློ་སྒྲོམ་སྒོ་བརྒྱ་འབྱེད་པའི་གསེར་གྱི་ལྡེ་མིག་ཞིག་དེ་བས་རེད།      མ་ཚད་དེ་སྔོན་མི་རིགས་དཔེ་བསྐྲུན་ཁང་ནས་འགྲེམས་སྤེལ་བྱས་པའི་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ་རྒྱ་བོད་གཉིས་ཀྱི་སྐད་ཐོག་ནས་བོན་གྱི་ཐ་སྙད་དུ་མ་གོ་བ་ལོག་འགྲེལ་གྱི་སྒྲོ་བཏགས་སྐུར་འདེབས་ཚིག་ངན་དག་གིས་རྒྱ་ཆེའི་སློབ་གྲྭ་བ་དང་སྤྱི་ཚོགས་ལས་རིགས་ཁག་མི་ཉུང་བ་ཞིག་ལ་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད་ལ་རྒྱུས་མེད་མི་འགའ་ཞིག་གིས་བོན་ལ་ལྟ་ཚུལ་ངན་པ་དེ་བས་ཆགས་ཀྱི་ཡོད།      ད་ལན་ཁྱེད་ཅག་གི་རྣམ་དཔྱོད་རིག་པའི་མཛད་བཟང་གསེར་གྱི་སྨྱུག་གུས་ཐ་སྙད་ངན་པ་དེ་རིགས་སུབ་བསྣོག་གཏང་སྟེ་ནད་ཐོག་ཏུ་སྨན་དང་དུས་ཐོག་གི་ཆར་ཞེས་པའི་དཔེ་ལྟར་སླད་མར་ཐ་སྙད་དོན་མཐུན་ཁྲི་ཕྲག་གཅིག་བོད་རྒྱ་ཚིག་མཛོད་ཆེན་མོར་ཁ་སྣོན་དགོད་པ་དེ་ནི་ལྟར་སངས་རྒྱས་བསྟན་པར་བྱི་དོར་ལེགས་པར་བྱ་བའི་བདུད་རྩའི་གཙང་ཆབ་ཟིལ་མ་གནད་སྨིན་གྱི་ཕྱག་རྗེས་གཡུར་དུ་ཟ་བ་འབྱུང་བར་ངེས།   
 
སྤེལ་མཁན། རིས་མེད་པས། ip:117.136.18.*
སྤེལ་དུས། 2015-04-01 13:10:49
དཔེ་མི་སྲིད་པའི་བྱ་བ་བཟང་པོ་འདིས་བོད་སྤྱི་ལ་སྨན་པ་བཤད་ཅི་དགོས། ལེགས་གྲུབ་ཡོང་བའི་བཀྲ་ཤིས་ལན་བརྒྱ་བརྒྱར་ཞུ།
 
སྤེལ་མཁན། ལྷ:གཡུང་དྲུང་བསྟན་འཛ ip:117.136.82.*
སྤེལ་དུས། 2015-03-31 23:16:29
ཆོས་ལུགས་ཀུན་གྱི་རྩ་བ་དང་།  རིག་གནས་མཐའ་དག་འབྱུང་བའི་ཁུངས།  གཡུང་དྲུང་བོན་གྱི་ཆུ་གཏེར་ཆེར།  འཇུག་བྱེད་ཚིག་མཛོད་གྲུ་གཟིངས་རྨད།
 
སྤེལ་མཁན། མིང་མེད། ip:117.136.82.*
སྤེལ་དུས། 2015-03-31 23:07:06
ཆོས་ལུགས་ཀུན་གྱི་རྩ་བ་དང་།  རིག་གནས་ཀུན་གྱི་མ་མ་སྟེ།  གཡུང་དྲུང་བོན་གྱི་ཆུ་གཏེར་ཆེར།  གཏིང་ཟབ་རྟོགས་བྱེད་ཚིག་མཛོད་རྨད།།
 
སྤེལ་མཁན། བླ་ཁྲི་ཉི་མ་གྲགས་པས་ ip:50.137.202.*
སྤེལ་དུས། 2015-03-31 23:02:24
བསྟན་ལ་སྨན་པའི་ལོ་རྒྱུས་ལྡན་པའི་མཛད་རྗེས་ལྷན་རྒྱས་ཡོངས་ལ་ཡི་རངས་དང་
བསྔགས་བརྗོད་ཡོད་ཞུ་རྒྱུ་དང་་་ས྄རིད་གཞུང་ནས་ཀྱང་དེ་ལྟའི་ལས་དོན་ལ་
མཐུན་རྐྱེན་གནང་བར་དགའ་བསུ་དང་བཀའ་འདྲིན་ཆེ་ཞུ་རྒྱ་ལགས་
 
སྤེལ་མཁན། བཙན་མགར་དྲ་བ། ip:125.72.186.*
སྤེལ་དུས། 2015-03-31 21:06:36
ངོ་མ་བཀའ་དྲིན་ཆེན་པོ་རེད།
 
སྤེལ་མཁན། ཚེ་བརྟན། ip:139.203.161.*
སྤེལ་དུས། 2015-03-31 20:01:32
བཀྲ་ཤིས་བདེ་ལེགས།
 
སྤེལ་མཁན། ཚེ་བརྟན། ip:139.203.161.*
སྤེལ་དུས། 2015-03-31 20:01:12
བཀྲ་ཤིས་བདེ་ལེགས།
 
སྤེལ་མཁན། བོན་པ་མགོ་རིལ། ip:220.182.20.*
སྤེལ་དུས། 2015-03-31 18:00:31
ཐུགས་རྗེ་ཆེ།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།