ཁ་བྱང་།གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རྒྱ་ཡིག་བསྒྱུར་འཆར་འགོ་འཛུགས་ཚོགས་འདུ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། མིང་མེད། ip:71.33.197.*
སྤེལ་དུས། 2013-07-27 13:28:18
དཔལ་གཤེན་བསྟན་རྩེ་དྲུག་དྲི་མེད་ཤེལ་བྲག་གླིང་གི་མཆོག་སྤྲུལ་རིན་པོ་ཆེའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་དོན་ཐམས་ཅད་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་མ་ཟད། བོན་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་འབྲལ་བར་སྲུང་ཞིང་སྐྱོབས་པའི་འཕྲིན་བསྐུལ་ཞུ་རྒྱུ་ཡིན། ད་རེས་ཀྱི་མཛད་འཕྲིན་འདི་ནི་བསྟན་པ་དང་སེམས་ཅན་སྤྱི་ཡི་ཆེད་དུ་བླ་ན་མེད་པ་ཞིག་ཡིན་སྟབས་མཛད་འཕྲིན་འདིའི་ཐོག་མཐའ་བར་གསུམ་དུ་དཀའ་ངལ་མང་པོར་གདོང་ལེན་དགོས་པ་རང་གཤིས་སུ་གྲུབ་ཡོད། སྐབས་འདིར་བསྟན་པ་དང་སེམས་ཅན་གྱི་ཆེད་དུ་མི་དང་མི་མ་ཡིན་སོགས་ཀུན་གྱིས་མཐུ་དཔུང་སྡོང་གྲོགས་མི་གཡེལ་བའི་འཕྲིན་བཅོལ་ཞུ་བཞིན་ཡོད། དེ་བཞིན་ར་དང་བོན་པོ་རོགས་ལ་སྡང་ཟེར་བའི་དཔེ་ལྟར་མ་ཡིན་པར་བསྟན་པའི་བྱ་བ་རླབས་ཆེན་འདིར་བོན་གྱི་སྡོང་གྲོགས་བོན་གྱིས་བྱེད་གསུང་པ་ལྟར་མཐུན་པའི་རྐྱེན་ཁོ་ན་ལས་མི་མཐུན་པའི་འགལ་རྐྱེན་ཕྲ་མོ་ཙམ་མི་གཞེས་པའི་དགོངས་བཞེད་ཡོད་པ་ཞུ། བསྟན་པའི་བྱ་བ་རླབས་ཆེན་འདི་ལ་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་མ་ཟད་དེ་དང་མཉམ་དུ་ཕྱར་གྲུ་མཉམ་འདེགས་གནང་མཁན་ཡོངས་ལ་གུས་པ་ཆེན་པོས་བཞེད་དོན་འབད་མེད་འགྲུབ་པའི་སྨོན་འདུན་ཞུ། ཞུ། ཞུ། ཁྱུང་དཀར་ཕག་མགོན་དགེ་བཤེས་ཀྱིས་མོས་ཕྱག་དང་བཅས་ཏེ་ཕུལ།
 
སྤེལ་མཁན། བོན་བུ་ལྟད་མོ་བས་ ip:117.136.18.*
སྤེལ་དུས། 2013-07-26 22:20:07
ཧི་བོན་དྲྭ་ལམ་ནས་གཏམ་བཟང་གཅིག་མཇུག་གཉིས་མཐུད་རེད་གདའ་བཀའ་དྲིན་ཆེ་ཞུ་
 
སྤེལ་མཁན། ཤེས་རབས་ ip:117.136.18.*
སྤེལ་དུས། 2013-07-26 22:10:46
གཏམ་བཟང་ཞིག་ཐོས་བྱུང་བཀའ་དྲིན་ཆེ་
 
སྤེལ་མཁན། དགེ་བཤེས་ལྷུན་གྲུབ་ར ip:83.204.183.*
སྤེལ་དུས། 2013-07-26 19:42:27
༄།། རླབས་ཆེན་གྱི་བྱ་བ་འདི་ལྟར་གཉེར་མཁན་༧མཆོག་སྤྲུལ་རིན་པོ་ཆེ་གཙོས་བླ་སྤྲུལ་མཁས་དབང་དང་བསྟན་པའི་སྦྱིན་བདག་ཡོངས་ལ་སྙིང་ནས་གུས་འདུད་དང་ཡིད་རངས་ཞུ་རྒྱུ་མ་ཟད།། རྣམ་དཀར་གྱི་བྱ་བ་འདི་ལེགས་གྲུབ་ཡོང་བའི་སྨོན་འདུན་དང་བསྟན་སྲུང་དམ་ཅམ་བརྒྱ་མཚོའི་ཚོགས་ཀྱིས་ཐུགས་གཡེལ་བ་མེད་པར་མཐུ་དཔུང་གདོང་གྲོགས་མཛད་པའི་གསོལ་བ་སྙིང་ནས་འདེབས་རྒྱུ་ཡིན།། ཐུགས་རྗེ་ཆེ།། 非常感谢你所有中式谁支持这个项目,并玛丽特。
 
སྤེལ་མཁན། ལམ་འགྲོ་བ། ip:124.127.123.*
སྤེལ་དུས། 2013-07-26 18:46:03
དམན་པ་བདག་ལ་དྲི་བ་ཞིག་ཡོད་པ་ནི། གྱེར་སྤུངས་ཟེར་ན་དོན་ཅི་ཞིག་རེད། བོན་གྱི་བསྟན་པ་མི་ཟེར་བར་གྱེར་སྤུངས་ཟེར་བའི་དོན་ཅི་རེད། མིང་ཚིག་འདིར་འགྲེལ་བ་ཡག་པོ་བརྒྱག་ཤེས་མཁན་ཨེ་ཡོད།
 
སྤེལ་མཁན། གཤེན་ཚེ་ཚང་། ip:80.134.100.*
སྤེལ་དུས། 2013-07-26 16:12:40
འདི་ནི་སྔོན་བྱོན་གྱེར་སྤུངས་རྣམས་ཀྱི་སྨོན་ལམ་གྱི་མཐུ་དང་། དེར་བཞུགས་མཁས་དབང་དགེ་བའི་བཤེས་གཉེན་རྣམ་པའི་སྐུ་ངལ་ལྷུར་བླངས་ཀྱི་བསྟན་པའི་མཛད་འཕྲིན་རྨ་མེད་ཅིག་ཡིན་པས་བསྟན་སྲུང་བོན་སྐྱོང་རྣམས་ཀྱིས་སྡོང་གྲོགས་དང་ཕྱོགས་མཐར་བཞུགས་པའི་གྱེར་བསྟན་རིན་པོ་ཆེར་མོས་པའི་སྐྱེ་བོ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་སྨོན་རྒྱབ་སྐྱོར་དང་བསྟན་པའི་བྱ་བ་འདིའི་མཇུག་མྱུར་འགྲུབ་པའི་གསོལ་སྨོན་རྟག་ཏུ་ཞུ།
 
སྤེལ་མཁན། བོན་དད་པ་ཞིག་ནས ip:125.72.255.*
སྤེལ་དུས། 2013-07-26 15:40:11
ངོ་མ་བཟང་།ངོ་མ་བཟང་།ངོ་མ་བཟང་།ལས་གཞི་འདི་བསྒྲབ་མཁན་གྱི་བླ་མ་དང་དགེ་བཤེས།དགེ་འདུན།ཞིབ་འཇུག་པ།ཟུར་ཞུགས་མི་སྣ་ཡོངས་ལ་བཀའ་དྲིན་ཞུ།      
        ཁ་བྲོ       བཀྲ་ཤིས།  
 
སྤེལ་མཁན། བྱ་འཕུར་ལྷུན་གྲུབ་རྒ ip:172.1.138.*
སྤེལ་དུས། 2013-07-26 08:08:35
རླབས་ཆེན་གྱི་ཕྱག་ལས་ལ་བསྔགས་བརྗོད་དང་བཅས་ཡི་རངས་ཞུ་ཞུ། །
 
སྤེལ་མཁན། ཟིང་བློ་ནས། ip:106.192.38.*
སྤེལ་དུས། 2013-07-26 03:21:49
ལོ་རེ་བཞིན་ལོ་རེར་ཞང་བོད་ཀྱི་རིག་གནས་ཀྱི་བང་མཛོད་ཁ་ཕྱེས་བ་ལ། རང་རིགས་ཀྱི་རིག་གནས་ལ་ཧ་ཅུང་གིས་གཅེས་སྐྱོང་རབ་ཏུ་ཕྱུག་པའི་བོན་གྱི་བླ་སྤྲུལ་དང་། དགེ་བཤེས། མཁས་དབང་དང་། དྲང་བདེན་ལ་མཉེས་པའི་བོད་རིགས་སྤུན་ཟླ་ཚང་མས་ཕྱར་གྲུ་མཉམ་འདེགས་ལྟར། གཅིག་གི་རྒྱབ་རྟེན་གཅིག་གིས་བྱེད་ནས་སྐུ་ངལ་འཛེམས་མེད་ངང་དུ་འབད་འབུངས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་གྲངས་མེད་ཞུ། ད་ལིང་འདི་ལྟ་བུའི་དབུ་འཛུགས་ཀྱི་ལོངས་ཕྱོགས་ཟབ་མོ་འདི་འཇིག་རྟེན་ཁམས་ལ་འཆར་ཁའི་གསེར་གྱི་ཉི་མ་ཚེས་པས། ཉིན་གུང་གི་་ཉི་མ་ཡོང་བ་ལ་མི་མཐུན་པའི་རྐྱེན་ངན་མི་བྱུང་བར་བོན་སྐྱོང་དམ་ཅན་རྒྱ་མཚོས་བསྲུང་བའི་འཕྲིན་ལས་མཛད་ངེས་ཡིན། གང་ཞེ་ན། གྱེར་བསྟན་རིན་པོ་ཆེ་རང་བསམ་ནས་རྣམ་དཀར་གྱི་ལས་ཞིག་བགྱི་བ་རེད། གཞན་ཡང་བོད་ཀྱི་གནའ་བོའིཤེས་རིག་གི་བླ་སྲོག་ནི་རྒྱལ་དང་དེའི་སྲས་ཀྱི་གསུངས་རབས་རང་ཡིན་པས། དེ་ལ་ཀུན་གྱིས་གུས་བཀུར་ངེས་པར་དུ་གནང་དགོས་ཏེ། མཛད་མདོ་ལས། ''གཤེན་རབ་སྐུ་ཡིས་འདུལ་བསྟན་རྫོགས་ན་ཡང་། མ་འོངས་འགྲོ་ཀུན་ཐར་བར་འདྲེན་པའི་དཔལ། གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། དེ་ཚེ་ང་ནི་མི་འབྱོན་ཡི་གེ་འབྱོན། རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས། འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར།''  ཞེས་གསུངས་སོ། ང་རང་ཚོ་ཚང་མས་གསུངས་རབས་རིན་པོ་ཆེ་འདི། བྲང་གི་སྙིང་དང་དབྲལ་བའི་མིག་ལྟར་གཅེས་དགོས་པ་ནི་འོས་འགན་་མེད་དུ་མི་རུང་བ་ཞིག་རེད་སྙམ། བོད་ཀྱི་སྤུན་ཟླ་ཚོ་ཡར་བཞེས་ཞིག  གཟིམ་མལ་ལས་སད་ཅིག མི་གྲལ་ལ་ཕེབས་ཤོག དྲང་བདེན་ལ་གཡུལ་འགྱེད་ཅིག
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།