ཁ་བྱང་།སྣང་ཞིག་དགོན་ནས་སྙན་ངག་བགྲོ་གླེང་ཐེངས་གཉིས་པ་འཚོགས་པ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། རིག་སྨྲ་བ།[ཨ་རི] ip:172.1.138.*
སྤེལ་དུས། 2013-05-01 12:10:33
གཤེན་རབ་མི་བོའི་ཐུགས་ཀ་ནས་འཕྲོས་པའི་འོད་མདངས་དཀར་པོས། སྟོད་མངའ་རིས་སྐོར་གསུམ་གྱི་དབེན་གནས་རི་ཁྲོད་ལ་དྲོད་ཁོལ་བསྐྱིལ་ཞིང་། རིམ་གྱིས་རྔ་བའི་གྲོང་དང་གྲོང་ཁྱེར་གྱི་ཁོར་ཡུག་ལ་འཁྱུད། དེ་རྗེས་མདོ་དབུས་ཁམས་གསུམ་གྱི་བྲང་གཞུང་ལ་ཁྱབ། དེང་གི་དུས་སུ་སྣང་བ་དབྱིངས་སུ་ཞིག་པའི་བྱིན་རླབས་ཀྱིས་ཤར་ལྷོ་ནུབ་བྱང་གང་དུའང་ཁྱབ་པར་གྱུར། །འདི་ནི་བོད་མི་རིགས་ཀྱི་གཟི་བརྗིད་རེད་ལ། བོན་པོ་ཚང་གི་བསོད་ནམས་རེད།

བཤད་སྒྲུབ་བསྟན་པ་རྒྱས་པའི་དུང་ཆེན་གྱིས། །
འགྲོ་རྣམས་རྨོངས་པའི་གཉིད་ལས་དཀྲོལ་འགྱུར་ཞིང་། །
བསྟན་འགྲོར་བདེ་སྐྱིད་འཕེལ་བའི་དགའ་ཚལ་དུ། །
དགའ་སྤྲོའི་བོན་དབྱངས་གླུ་དང་ཤོན་གར་རྩེད། ། བསྟན་པ་རྒྱས་གྱུར་ཅིང་། འགྲོ་ཀུན་བདེ་འགྱུར་ཅིག
 
སྤེལ་མཁན། མིང་མེད། ip:125.69.70.*
སྤེལ་དུས། 2013-04-30 21:47:16
སེར་མོ་བ་གཉིད་མ་འདུག ཁྱེད་ཅག་ལ་སྙན་ངག་མཁོ་ཚེ་འདི་ལྟར་མེ་ལོང་ལས་ཕྱིར་ལངས་ཏེ། རང་ཉིད་ཕྲིས། གསའ་བུ་ནས།
 
སྤེལ་མཁན། གཤེས་མདའ། ip:61.178.231.*
སྤེལ་དུས། 2013-04-29 15:14:46
སྙན་ངག་ནི་གསར་རྟགས་ཤིག སྙན་ངག་ནི་ལང་ཚོ་ཞིག་གོ
ངའི་ཕ་ཡུལ་ན་འདི་དང་འདི་ལྟ་བུ་སྔ་མོ་ནས་མཁོ་འདུག་མོད།
ཡུན་རིང་ཞིག་ལ་ཉི་མ་དེ་ཤར་བར་དཀའ་སོང་།
ཁྱེད་ཚོའི་ཤུགས་སྣོན་བྱེད་པ་ཁོ་བོས་རྗེས་སུ་ཡུད་རེངས་བྱེད།
    གཤེད་མདའ་ནས།
 
སྤེལ་མཁན། གཡུང་དྲུང་བསྟན་འཛིན། ip:211.139.92.*
སྤེལ་དུས། 2013-04-29 14:36:35
སྙན་ངག་གི་ལོ་རྒྱུས་ཕུགས་ཤིན་ཏུ་རིང་ན་ཡང་རང་ཅག་བོད་མིའི་རིག་གནས་དང་གོ་རྟོགས་
གང་གི་ཆ་ནས་འདངས་མེད་པས་ལན་ནོ།དེའི་ཕྱིར་འདི་ལྟའི་བགྲོ་གླེང་ནི་དུས་ཐོག་གི་ཆར་བ་བཞིན་ནོ།
ཞེས་གཡུང་བསྟན་ནས།
 
སྤེལ་མཁན། མིང་མེད། ip:182.140.10.*
སྤེལ་དུས། 2013-04-28 12:14:44
དངོས་གནས་དེང་གི་དུས་འདིར་ཁ་ཚ་དགོས་འཏུགས་ཀྱི་ལས་ཀ་འདི་འདྲར་མུ་མཐུད་དུ་བགྲོ་གླེང་བྱེད་རྒྱུར་ང་རང་ལ་རྗེས་ཡི་རང་ཡོད།་་་མུ་ནས་མུ་མཐུད་དུ་རེམ་ཡ་བུ་རྒོད་ཚོ།   ཤེར་བློ་ནས།
 
སྤེལ་མཁན། སྣང་ཤེས། ip:223.188.63.*
སྤེལ་དུས། 2013-04-28 00:19:38
དགོན་པའི་རིག་གནས་ལ་སྙན་ངག་གི་བྲོ་བ་ཡོད་པ་བདེན་མོད། སྙན་ངག་གི་བྲོ་བས་དགོན་པའི་རིག་གནས་ཡོངས་སུ་བཅིངས་སོང་ན་དེ་ཡང་ཉན་ཁ་ཅན་གྱི་མཐའ་གཅིག་རེད། སེམས་གཙོའི་གཞུང་ལུགས་ཀྱི་རྨང་གཞི་ལ་སྙན་ངག་ལྟ་བུའི་ཐུན་མོངས་རིག་གནས་ཀྱི་རྩི་བཏང་ན་ལོས་བཟང་སྟེ། དགོན་སྡེ་དང་གྲྭ་བ་ཚོས་གཞུང་ལུགས་ཀྱི་རྨང་གཞི་བོར་ནས་སྙན་ངག་ལ་དང་དོད་བྱེད་རྒྱུ་མང་དྲགས་ན་དགོན་པ་སེར་པོ་ཙམ་དང་གྲྭ་བ་དམར་པོ་ཙམ་དུ་འགྱུར་ངེས། དེར་བརྟེན་རྩ་བ་མ་བོར་བར་ཡལ་ག་ལ་འཇུས་ན་ཇི་བས་ཀྱང་ལེགས་པར་སྙམ། སྣང་ཤེས་ཀྱིས།
 
སྤེལ་མཁན། མིང་མེད། ip:125.69.70.*
སྤེལ་དུས། 2013-04-28 00:10:33
བུ་རྒོད་རེད། དགའ་བོ་ཡོད།
རབ་རྒྱས་ནས་གུས་ཕུལ།
 
སྤེལ་མཁན། ཤེས་རབ་ནས། ip:166.137.209.*
སྤེལ་དུས། 2013-04-27 21:54:43
རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
 
སྤེལ་མཁན། མིང་མེད། ip:222.215.82.*
སྤེལ་དུས། 2013-04-27 20:14:24
གནད་དུ་སྨིན་པའི་བརྩམ་ཆོས་གང་མང་འབྱོན་པར་རེ་ཞིང་སྒུག   བཤད་པ་མི་གཙོ་ལག་ལེན་གལ་ཆེན་ནོ།།དབང་གྲགས།
 
སྤེལ་མཁན། དགེ་མིང་པ་གཤེན་ཚེ་ཚང ip:93.194.50.*
སྤེལ་དུས། 2013-04-27 19:50:28
མུ་མཐུད་ཁྱེད་ཚོའི་ཐུགས་དགོངས་ཡིད་བཞིན་དུ་འགྲུབ་པར་སྨོན། སེར་མོའི་སྙན་ངག་དང་སྐྱ་བོའི་ངག་གང་ཡང་རུང་ང་ཚོ་གྱེར་བསྟན་པའི་ལུགས་ལ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སོགས་རྒྱལ་བའི་གསུང་རབས་ཁུངས་མ་རྣམས་སུ་ཐུན་མོངས་མ་ཡིན་པའི་སྙན་ངག་གི་འགྲོས་ཞིག་མཇལ་རྒྱུ་ཡོད་སྟབས། གོང་གི་གཙོ་བརྗོད་“ང་ཚོ་སྙན་ངག་མེ་ལོང་མ་ལས་ཕྱིར་བསྣུར་བྱེད་དགོས།” ཞེས་པ་འདི་ཁོ་ནས་ཐོག་མའི་ཀུན་སློང་དེ་ལེགས་གྲུབ་བྱུང་འདུག་པས་ཐ་ཚན་མུ་ཙུག་སྨར།
 
སྤེལ་མཁན། མིང་མེད། ip:171.217.48.*
སྤེལ་དུས། 2013-04-27 18:04:16
སྙན་ངག་ནི་གསར་བུ་ཞིག་རེད། དེ་ལ་ང་ཡོངས་སུ་འཐད་པ་ཡིན།
བཀྲ་ཤིས་ནོར་བུ་ནས།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།