ཁ་བྱང་།སྟག་ཞིག་དགོན་གྱི་སྒྲུབ་གྲྭ་ཁང་།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། མིང་མེད། ip:123.150.159.*
སྤེལ་དུས། 2016-07-31 08:00:29
སྙིང་དབུས་ནས་སྟག་དགོན་སྒྲུབ་གྲྭ་ཚོར་བཀའ་དྲིན་ཆེ་དགེ་སློབ་ཚང་མ་བདེ་སྐྱིད་ལྡན་པར་ཤོག
 
སྤེལ་མཁན། བོན་གྲོས། ip:66.31.54.*
སྤེལ་དུས། 2015-04-21 00:18:25
ཡེ་ཤེས་ཉི་མ་ལགས། ཉམས་དགའ་བའི་རི་ཁྲོད་ཀྱི་གནས་མཆོག་ཁྱད་པར་ཅན་ཞིག་འདུག དར་ཞིང་རྒྱས་ལ་ཕུན་སུམ་ཚོགས་པར་ཤོག བཀའ་དྲི་ཆེ་ཞུ། སྐུ་ཚེ་རིང་། རྣམ་པ་ཚོའི་དགོངས་བཞེད་འབད་བརྩོན་གྱིས་འགྲུབ་པའི་གསོལ་འདེབས་དང་སྨོན་ལམ་ཡང་ཡང་ཞུ་བ་ཡིན། །བཀྲ་ཤིས་བདེ་ལེགས་ཞུ། བོན་རྒྱལ་ལོ། །
 
སྤེལ་མཁན། ཡེ་ཤེས་ཉི་མ། ip:117.136.18.*
སྤེལ་དུས། 2015-04-10 16:18:47
བོན་གྲོས་ལགས་ཀྱིས་བསླབ་སྟོན་གནང་བར་བཀའ་དྲིན་ཆེ།
སྟག་ཞིག་དགོན་གྱི་ས་གནས་སྤྱི་ཚོགས་རྙིང་པར་ཁམས་སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་གཏོགས།
དེང་སྐབས་བོད་ལྗོངས་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་དབོན་སྟོད་ཤང་དུ་ཁེལ་ཡོད།
 
སྤེལ་མཁན། མིང་མེད། ip:117.136.18.*
སྤེལ་དུས། 2015-04-10 16:11:56
བོན་གྲོས་ལགས་ཀྱིས་བསླབ་སྟོན་གནང་བར་བཀའ་དྲིན་ཆེ།
སྟག་ཞིག་དགོན་གྱི་ས་གནས་སྤྱི་ཚོགས་རྙིང་པར་ཁམས་སྡེ་དགེ
རྒྱལ་པོའི་མངའ་ཁོངས་སུ་གཏོགས། དེང་སྐབས་བོད་ལྗོངས་ཆབ
མདོ་ས་ཁུལ་འཇོ་མདའ་རྫོང་དབོན་སྟོད་ཤང་དུ་ཁེལ་ཡོད།
ཞིབ་གསལ་ལོ་རྒྱུས་ཞང་བོད་གདན་རབས་སུ་གསལ།
 
སྤེལ་མཁན། མིང་མེད། ip:117.136.18.*
སྤེལ་དུས། 2015-04-10 13:48:26
བོན་གྲོས་ལགས་ཀྱིས་བསླབ་སྟོན་གནང་བར་བཀའ་དྲིན་ཆེ།
ས་གནས་སྤྱི་ཚོགས་རྙིང་པར་ཁམས་སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་གཏོགས།
དེང་སྐབས་བོད་ལྗོངས་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་དབོན་སྟོད་ཤང་དུ་ཁེལ་
ཡོད། ཞིབ་གསལ་གྱི་ལོ་རྒྱུས་ཞང་བོད་གདན་རབས་སུ་གསལ།
 
སྤེལ་མཁན། བོན་གྲོས། ip:66.31.54.*
སྤེལ་དུས། 2015-04-07 20:57:04
ཧ་ཅང་གི་ལེགས་སོ། བྱིས་དུས་ཀྱི་མི་ཚེ་ནི་བདེ་སྐྱིད་ཀྱི་ཞིང་ཁམས་དངོས་དེ་ཡིན། རྩེད་མོ་དང་སྣང་བ་སྐྱིད་པོའི་དུས་ཚོད། ངལ་གསོ་དང་གཉིད་ཡུར་གྱི་དུས་ཚོད་བཅས་ཚད་ལྡན་སྤྲོད་དགོས། ཟས་བཅུད་དང་འཕྲོད་བསྟེན་ལ་དོ་ཁུར་ཆེ་བཞེས་ཀྱིས་བདེ་ཐང་གི་མི་ཚེ་ཞིག་རང་རིགས་ཀྱི་བྱིས་པ་ཚོར་སྦྱིན་ཐུབ་ན་ཤིན་ཏུ་ལེགས། དགེ་རྒན་སོགས་ཀྱིས་རྒྱག་རྡུང་དང་ཚིག་བཙུབ་དང་ང་རྒྱལ་གྱི་རྣམ་འགྱུར་མ་རུང་བའི་སྤྱོད་པ་རྣམས་དུས་གཏན་དུ་སྤོང་། བཙུན་ཆུང་རྣམས་ལ་སྒོམ་ཉམས་ལེན་དང་ལྷན་དུ་རིག་གནས་ཀྱང་ཡག་པོ་སློབ་དགོས། སློབ་མགོ་བཙུགས་པ་ཙམ་དང་སློབ་ཚུལ་སྟོན་པ་ཙམ་མིན་པར་མགོ་མཇུག་ཚང་བའི་ཤེས་ཡོན་བྱིས་པ་དེའི་རྒྱུད་ལ་སྲ་བརྟན་དུ་འཇགས་ཐག་ཆོད་རང་རྐྱ་འཕེར་ངེས་པ་ཞིག་ངང་བསྲིང་ནས་ཅིས་ཀྱང་སློབ་གནོངས། སྟག་ཞིག་དགོན་པ་འདི་མདོ་དབུས་ཁམས་གསུམ་གྱི་ས་ཆ་ག་བར་གནས་ཡོད་པ་ཡིན་ནམ།
བཀྲ་ཤིས་བདེ་ལེགས་ཞུ། བོད་ཡུལ་སླར་ཡང་བོན་ཁམས་སུ་འགྱུར་བའི་བཀྲ་ཤིས་སྨོན་ལམ་བཅས། །
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།