ཁ་བྱང་།དཔྱིད་ཟླ་ར་བའི་སྐོར་ཀྱི་དཔྱད་གླེང་།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། མིང་མེད། ip:113.63.207.*
སྤེལ་དུས། 2015-03-13 21:43:51
མཁན་པའི་དབང་པོ་གངས་སེང་རིན་པོ་ཆེས་ཡག་པོ་གསུངས་གནང་འདུག་བཀའ་དྲིན་ཆེ་ཞུ།
 
སྤེལ་མཁན། རིས་མེད་པས། ip:117.136.18.*
སྤེལ་དུས། 2015-03-12 16:39:56
དཔྱད་པ་བཟང་། བཀྲ་ཤིས་བདེ་ལེགས།
 
སྤེལ་མཁན། མིང་མེད། ip:1.39.61.*
སྤེལ་དུས། 2015-01-23 11:05:39
ཡག་བྱུང་།
 
སྤེལ་མཁན། གངས་སེང་། ip:14.128.12.*
སྤེལ་དུས། 2015-01-03 23:24:36
དཔྱིད་ཞིབ་པ་ལགས་ལ་ཆེད་ཞུ། ངས་མཛོད་སྒྲ་འགྲེལ་ལས་ཧོར་ཟླ་བཅུ་གཅིག་པ་འདི་དཔྱིད་ཟླ་ར་བ་འདོད་ཀྱིན་འདུག་ཟེར་ནས་ངོ་སྤྲོད་བྱས་ཡོད། རྒྱུ་མཚན་ནི། མཛོད་སྒྲ་འགྲེལ་ནང་དུ་དགུན་ཉི་ལྡོག་པའི་ཟླ་བ་དེ་དཔྱད་ཟླ་ར་བར་གསུང་པའི་ལུང་འདི་རེད། "རྒུན་གྱི་སླུངས་སུ་ཆུད་པ་ནི་ཞེས་པ། དགུང་ཟླ་གསུམ་གྱི་ཉི་མ་སླུངས་སུ་བསྐྱལ་ནས། དཔྱིད་ཟླ་ར་བ་ལ་ལྡོག་པའོ།" དགུན་ཉི་ལྡོག་འབྱུང་བའི་ཟླ་བ་དེ་ཧོར་ཟླ་བཅུ་གཅིག་པ་ཡིན་པས་དེ་ལ་བསམ་ནས་ངས་ཧོར་ཟླ་བཅུ་གཅིག་པ་འདི་མཛོད་ལུགས་དཔྱད་ར་བ་ཟེར་ནས་ཐ་སྙད་བཏགས་ཡོད། དེ་ལ་རྒྱ་རྩིས་ལུགས་མི་ཟེར་བའི་རྒྱུ་མཚན་ནི། མཛོད་སྒྲ་འགྲེལ་དང་རྒྱ་རྩིས་གཉིས་སྒྲ་འགྲེལ་བྱུང་སྔ་བའི་རྒྱུ་མཚན་གྱིས་ཡིན།
 
སྤེལ་མཁན། དཔྱིད་ཞིབ་པས ip:49.244.84.*
སྤེལ་དུས། 2014-10-05 16:22:30
དཔྱིད་ཟླ་ངོས་འཛིན་ལ་མཛད་མདོའི་ལུགས་དང་ཀླུ་འབུམ་ལུགས་གཉིས་ཡོད་པ་མཁས་མཆོག་དགའ་སྟོན་གྱིས་སྔ་ནས་གསུང་ཡོད་མོད། མཛོད་ལུགས་ཅེས་ཐ་སྙད་གསར་པ་བཏགས་པ་འདི་ཅུང་མི་འཐད་པའི་ཚད་དུ་སྣང་། རྒྱུ་མཚན་ནི་མཛོད་ལུགས་ཡིན་ན་བོན་གྱི་མཛོད་སྒྲ་འགྲེལ་ནང་དུ་ལ་ཡང་དེ་ལྟར་བཤད་དགོས་པས་དེ་བཤད་མེད། འདི་ལ་མཛོད་ལུགས་མི་ཟེར་ནས་རྒྱ་རྩིས་ལུགས་ཟེར་ན་བཟང་འདུག་སྙམ། རྒྱ་རྩིས་ལ་དཔྱིད་ར་ངོས་འཛིན་དེ་ལྟར་བྱེད་གི་ཡོད་པ་ནི་བོད་ལྗོངས་ལོ་ཐོ་ནང་དུ་སྔ་མ་ནས་བཤད་བསྡད་གི་ཡོད་རེད།  
 
སྤེལ་མཁན། གངས་སེང་། ip:14.128.12.*
སྤེལ་དུས། 2014-09-09 00:02:47
ཁ་སེམས་གཉིས་མཐུན་ལགས་ཡག་པོ་གཟིགས་རོགས་གནོངས། མཛོད་སྒྲ་འགྲེལ་ལས།  དེ་བཞིན་དཔྱད་ཟླ་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། སྐར་མ་རྒྱལ་ལ་ཚེས་སོ། ནམ་ཟླ་དཔྱིད་ཟླ་ར་བའོ། ཞེས་པའི་སྐབས་སུ་་བཤད་པའི་རྒྱལ་ཟླ་དེ་མགོ་ཟླ་སྟེ་ཟླ་བ་བཅུ་གཅིག་པ་ཡིན་པ་སུས་ཀྱང་ལབ་མྱོང་ཡོད་ཀྱི་མ་རེད། ཁྱེད་ཀྱིས་ག་བ་ནས་གཟིགས་སོང་།
 
སྤེལ་མཁན། ཁ་སེམས་གཉིས་མཐུན། ip:202.52.235.*
སྤེལ་དུས། 2014-09-04 12:43:10
གངས་སེང་ལགས་ནས་དཔྱིད་ར་ངོས་འཛིན་གནང་སྟངས་སྐོར་མཛོད་ལུགས་དང་། མདོ་ལུགས། འབུམ་ལུགས་ཞེས་གསུམ་དུ་གསུངས་ནས་ལུང་རིག་དྲངས་འདུག་པར་བཀའ་དྲིན་ཆེ་ཞུ། འོན་ཀྱང་མཛོད་སྒྲ་འགྲེལ་ལས། "དེ་བཞིན་དུ་དཔྱིད་ཟླ་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། །སྐར་མ་རྒྱལ་ལ་ཚེས་སོ།" ཞེས་པའི་རྒྱལ་ཟླ་དེ་མགོ་ཟླ་སྟེ་ཟླ་བ་བཅུ་གཅིག་པ་ཡིན་པར་ངོས་འཛིན་གནང་ནས་མཛོད་ལུགས་ཞེས་ལུགས་སྲོལ་ཞིག་ལ་དགར་གནང་བ་དེ། ཟླ་སྐར་མགོ་དང་རྒྱལ་གཉིས་གཅིག་ཏུ་སྦམ་པའི་རྣམ་པ་ཞིག་ཐོན་པས་ན་དེ་ལ་མཛོད་ལུགས་ཞེས་སྒྲོས་བཏགས་པ་དེར་གསེར་རག་ཏུ་མི་བསྒྱུར་བའི་ངེས་པ་ཀྱང་མི་འདུག་པའི་ཕྱིར་ན། ད་དུང་ཁ་ཧམ་པས་སྒོ་བས་ཐག་ཆོད་མདོག་མི་མཛད་རོགས་ཞུ།
 
སྤེལ་མཁན། ཁྱུང་དམར་ནས་ཕུལ། ip:113.62.208.*
སྤེལ་དུས། 2014-09-04 12:00:07
དཔྱིད་ཟླ་ར་བ་འདོད་སྟངས་གསུམ་ཡོད་པའི་ནང་ནས་གཙོ་བོ་མདོ་ལུགས་དེ་བྱེད་དགོས་ཀྱི་ཨི་རེད། ང་ཚོས་སྟོན་པ་སངས་རྒྱས་དེ་ཉིད་ལོ་འགོ་ལ་སྐུ་འཁྲུངས་པའི་དུས་ཁྱད་པར་ཅན་མདོ་ལུགས་ལྟར་ངོས་འཛིན་པས་སོ།   འདི་ལྟར་དཔྱིད་ཟླ་ར་བ་བྱས་ན་དབྱར་རྒུན་གོ་ལོག་པའི་སྐྱོན་འབྱུང་གི་ཨེ་རེད་ལགས།  མཁས་དབང་གངས་སེང་ལ་དྲི་བ་ཡིན།  
 
སྤེལ་མཁན། ནོར་བུ་ནས། ip:14.128.12.*
སྤེལ་དུས། 2014-09-02 23:47:37
དཔེ་ཡག་པོ་བྲིས་གནང་འདུག
 
སྤེལ་མཁན། ནོར་བུ་ནས། ip:14.128.12.*
སྤེལ་དུས། 2014-09-02 23:45:17
དཔེ་ཡག་པོ་བྲིས་གནང་འདུག
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།