ཁ་བྱང་།སྐབས་བཞི་བའི་རྒྱུན་ལས་ལས་འཛིན་ཚོགས་འདུ་འཚོགས་པ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། བོན་བུ་མོ་ལ་དགའ་པོ་ན ip:66.31.54.*
སྤེལ་དུས། 2014-11-09 10:56:57
ཧ་ཅང་གི་ཡག་པོ་འདུག་རྣམ་པ་ཚང་མ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། སྔོན་བོན་གཤེན་རིག་འཛིན་ཀུན་གད་ཀྱི་བྱི་བ་མཁར་དང་མང་མཁར་ལྕགས་བྲང་བོན་ཕུག་སོགས་སུ་ལྷན་དུ་འཛོམས་ནས་མ་འོངས་གངས་རིའི་ལྗོངས་སུ་བསྟན་པ་སླར་ཡང་དར་ཞིང་རྒྱས་པའི་ཐུགས་སྨོན་མཛད་པའི་ལོ་རྒྱུས་ཡོད། དེང་འདིར་སྐལ་ལྡན་རིགས་ཀྱི་བུ་དང་བུ་མོ་ཚོས་་བགྲོ་གླེང་དང་བཀའ་མོལ་བོན་རང་ལུགས་ལྟར་ལྷུག་པོར་གནང་ཡོད་པའི་རེ་བ་ཆེ། མ་འོངས་ཚོགས་འདུའི་ནང་བོན་གྱི་བུད་མེད་ཚོ་ལའང་ཐོབ་གོ་གནས་འདྲ་མཉམ་ཡོད་ན་བོན་རང་ལུགས་ཀྱི་སྲིད་པ་ལུགས་དང་མཐུན་པར་སེམས། འཛམ་གླིང་ཕྱོགས་ཡོངས་ནས་ཁྱེད་རྣམ་པ་ཚོ་ལ་བལྟ་སྡོད་མཁན་མང་པོ་ཡོད་པ་རེད། ། ཅོ་ས་བོན་མོ་རྒྱལ་ལོ། །
 
སྤེལ་མཁན། ཟླ་བ་ ip:116.255.137.*
སྤེལ་དུས། 2014-11-08 18:43:33
སྐྱེས་ཆེན་རྣམ་པ་ལགས་བཀའ་དྲིན་ཆེ།  ཁྱེད་ཅག་གིས་འདི་ལྟར་ཕྱག་ལས་གནང་བ་ནི་ང་ཚོའི་བསོད་ནམས་རེད།  འགྲོ་བ་མིའི་ཐོབ་ཐང་གཅིག་པ་མ་རེད་སུ་ཞིག་གི་ཟེར་བ་རེད་།  རེད་འདྲ་འདྲ་རེད་ཁྱེད་ཀྱིས་འདི་ལྟར་སྒྲུབ་ན་ཅིས་མི་ཆོག་པ་རེད་བཀའ་དྲིན་ཆེ།   ཟླ་བ་ནས།
 
སྤེལ་མཁན། ལྷ་མིང་པ་གཡུང་དྲུང་བ ip:27.227.78.*
སྤེལ་དུས། 2014-11-08 13:40:03
༄༅་།  གཤེན་བསྟན་ཉིན་བྱེད་འོད་སྣང་གསལ་བ་
དང་།  སྐྱེ་རྒུའི་བློ་ཡི་ཟླ་གཞོན་འཛུམ་པའི་རླབས།
སྲས་བཅས་རྒྱལ་བའི་མཛད་འཕྲིན་ལྷ་ལམ་ལས།
གཟི་བྱིན་རྫོགས་ལྡན་གསར་བའི་དཔལ་དུ་ཤོག
 
སྤེལ་མཁན། ལྷ་མིང་པ་གཡུང་དྲུང་བ ip:27.227.78.*
སྤེལ་དུས། 2014-11-08 13:08:43
༄༅་།  གཤེན་བསྟན་པད་ཚལ་རྒྱས་ལ་ཟེགས་མའི་རླབས།
སྐྱེ་རྒུའི་མུན་པ་སེལ་ལ་འོད་སྣང་འབུམ།   མཁའ་ལ་ཉི་ཟླ་
བགྲོད་པ་མ་ཆད་བར།  གཟི་དཔལ་ས་གསུམ་ཀུན་ལ་ཁྱབ་
གྱུར་ཅིག
 
སྤེལ་མཁན། ཟོན་ཐར་འབུམ ip:125.69.70.*
སྤེལ་དུས། 2014-11-08 05:57:35
རང་གི་མ་འབྱོན་ན་གཞན་ལ་ཁེག་མ་འགེལ།  མི་གཅིག་གི་རེ་བ་དང་བསམ་བློ་སྒྲུབ་དགོས་པའི་ཚོགས་པ་ཞིག་ཡོད་པ་མ་རེད། སྤྱིའི་ཚོགས་པ་ཞིག་གིས་གཙོ་བོ་མཐུན་སྒྲིལ་ལ་ཁ་གཏད་ནས་བསམ་བློ་བཏང་དེ་བྱ་བ་སྒྲུབ་ན་བཟང་བར་བསམ། ཚོགས་པ་འདིར་རྒྱབ་སྐྱོར་མ་ཐུབ་ན་འགལ་རྐྱེན་མི་བཟོ་བའི་རེ་བ་ཞུ།  བོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་སྐུ་ཚེ་བརྟན་པའི་སྨོན་འདུན་ཞུ། སུམ་པའི་བུ་ཆུང་ནས།
 
སྤེལ་མཁན། བོན་ཕྲུག་ནས ip:125.69.70.*
སྤེལ་དུས། 2014-11-08 05:45:32
བཀའ་དྲིན་ཆེ་ཚོགས་གཙོ་དང་ཚོགས་མི་ལྷན་རྒྱས་ཀྱི་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ།   བོན་ཕྲུག་གིས།
 
སྤེལ་མཁན། གྲགས་ ip:118.117.176.*
སྤེལ་དུས། 2014-11-05 15:36:20
བཀྲ་ཤིས་བདེ་ལེགས
 
སྤེལ་མཁན། དཀོན་མཆོག་རྒྱལ་མཚན། ip:117.136.18.*
སྤེལ་དུས། 2014-11-04 17:06:03
རྩ་བའི་བླ་མ་དང་སྤུན་གྲོགས་རྣམ་པ་ཐུགས་རྗེ་ཆེ།
 
སྤེལ་མཁན། བོན་ནག་ཚང་་། ip:106.192.133.*
སྤེལ་དུས། 2014-11-04 01:53:55
ལགས་སོ་་་་་་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་སྐབས་བཞི་བའི་རྒྱུན་ལས་འཚོགས་པ་ལ་བཀྲ་ཤེས་བདེ་ལེགས་ཞུ། དེ་དང་ཆབ་གཅིག་ཏུ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་སྐུ་ཚེ་ཡིན་ནས་ཡིན་དུ་བརྟན་པར་ཤོག་བཅས་སྨོན་ཚིག་ཞིག་ཕུལ་འདོད་བྱུང་།
འོ་ལགས་སོ་་་་དེ་ནས་༼གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་༽ ཞེས་པའི་ཚོགས་པ་འདི་དབུ་བཙུག་ནས་བཟུང་ད་ལྟ་བར་ཏུ་མི་ལོ་ག་ཚོད་ཕྱིན་རེད་?
ཚོགས་པ་དེའི་ཚོགས་གཙོ་དང་ཚོགས་མི་ལྷན་རྒྱས་མི་ཚེ་གང་ལ་བྱེད་ཡ་རེད་དམ་?      
དངོས་གནས་ཡིན་ན་ད་ལོ་ངས་རེ་བ་མང་པོ་བྱེད་ཡིན་། ཡིན་ན་ཡང་འགྱུར་བ་གང་ཡང་ཕྱིན་མ་སོང་། དེ་འདྲ་བྱེད་ན་ཡག་པོ་མ་རེད། མ་ཟད་ཚོགས་པ་འདི་དྲང་བདེན་གྱི་ཚོགས་པ་ཞིག་ཡིན་པ་ང་ཡིད་ཆད་ཡོད།
དེ་འདྲ་ཡིན་དུས་འགོ་བླ་མ་ནས་བཟུང་ཚང་མའི་ཐུགས་བསམ་བཞེས་རོགས་གནང་འགྲོ་བ་མིའི་ཐོབ་ཐང་གཅིག་པ་རེད།
 
སྤེལ་མཁན། དགེ་གཤེན་ཚེ་ཚང་། ip:84.177.157.*
སྤེལ་དུས། 2014-11-03 18:11:54
རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཞི་བའི་རྒྱུན་ལས་ལས་འཛིན་ཚོགས་འདུ་དེ་རྒྱལ་ཁའི་འཇུག་གྲུབ་པར་དགའ་བསུ་ཚད་མེད་ཡོད། དེ་བཞིན་དྲུང་ཡིག་ཚན་ཁག་ནས་གནས་ཚུལ་ཉིན་རེའི་དུས་བསྟུན་དང་སྦྱར་ནས་ཞིབ་རྒྱས་བྲིས་གནང་བར་བཀའ་དྲིན་ཆེ།
ད་དུང་ང་ཚོ་སྐྱབས་འོག་དད་ལྡན་རྣམས་ལ་མཚོན་ན་སྐབས་སྔོན་མ་དག་གི་མཛད་འཆར་ཁག་ཇི་ཙམ་གྲུབ་ཡོད་མིན་དང་། དེ་བཞིན་ད་ལན་གྱི་ཚོགས་འདུ་ནས་མ་འོངས་པའི་མཛད་ཆར་གང་དང་ཡོད་པ་རྣམས་ཅུང་ཁ་གསལ་ཐོག་འགོད་ཐུབ་ན་དགེ་མཚན་དེ་བས་ཆེ་སྙམ། དཔེར་ན་རྔ་བའི་ཁུ་བྱུག་སྔོན་མོ་གླུ་བ་གྲགས་བྷེ་ལགས་ནས་གྲོས་འགོ་བཏང་བའི་སྟོན་པའི་རྣམ་ཐར་འཁྲབ་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་མཐོང་། འོན་ཀྱང་ད་ལན་ཚོགས་ཐོག་ནས་དེའི་སྐོར་ཐག་གཅོད་གང་འདྲ་བྱུང་མིན་ཤེས་འདོད་ཆེ། གང་ལྟར་འདིའི་ཐད་ལ་ཕྱག་ལས་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ།
 
སྤེལ་མཁན། རོང་ཡུལ་ནས། ip:14.139.236.*
སྤེལ་དུས། 2014-11-03 18:03:09
ཚོགས་འདུ་ལེགས་འགྲུབ་བྱུང་བར་དགའབསུ་དང་མུ་ཙུག་སྨར་རོ་ཞུ།།
 
སྤེལ་མཁན། བྲག་ཚེ་དབང་། ip:223.104.9.*
སྤེལ་དུས། 2014-11-03 14:48:47
ཚོགས་འདུ་ལེགས་གྲུབ་བྱུང་བར་དགའ་བསུ་དང་འདི་ལྟ་བུའི་ཚོགས་ཆེན་རེ་ཚོགས་པར་ཡི་རང་ཞུ།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།