ཁ་བྱང་།ཁྱུང་ཡུལ་ཀོ་རྒྱལ་དགོན་དུ་སྐབས་བཞི་པའི་ཚད་མའི་རིག་སྒྲ་འཚོགས་པ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། མིང་མེད། ip:113.63.218.*
སྤེལ་དུས། 2014-09-28 21:25:01
ཁྱུང་པོ་ཀོ་རྒྱལ་དགོན་གྱིས་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཚད་མའི་རིག་སྒྲ་ཆེ་མོ་
འཚོགས་ཐུབ་པ་ལ་བཀའ་དྲིན་ཆེ་ཞུ་བ་དང།  ཐུགས་རྗེ་ཆེ་ཞུ་བ་ཡིན།  ཡིན་ན་ཡང། ང་ཡི་རེ་བ་ལ་
ཞུ་རྒྱུ། གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་ནང་མཚན་གཡས་རུ་སྟོན་པ་བརྒྱད་པ། བོན་གྱི་སྤྱན་ལྡན་ཆེ་མོ་
འགྲོ་མགོན་བློ་གྲོས་རྒྱལ་མཚན་དེ་ཉིད་ཀྱིས་མཛད་པའི་༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་
པའི་གཏེར་མཛོད་ཞེས་བྱ་བ་༽དེ་ལ་བོན་པོའི་མཚན་ཉིད་པ་རྣམས་ཀྱིས་ཆེད་དུ་གཉེར་ནས་སྦྱོང་དགོས་ས་
རེད།  གང་ཡིན་ཟེར་ན་ཚད་མ་དེའི་ལུང་གི་རྒྱབ་བརྟེན་ཞང་ཞུང་དྲན་པ་ནམ་མཁས་མཛད་པའི་༼བོན་
ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་༽དང། འཛམ་གླིང་མཁས་པ་མི་བཞིས་མཛད་པའི་
༼མན་ངག་ལུང་གི་ཚད་མ།༽  སྒྲ་བསྒྱུར་ཤ་རུ་དབུ་ཆེན་གྱིས་མཛད་པའི་༼གལ་མདོ་ངེས་པའི་གཏན་ཚིགས་༽
སོགས་བོན་རང་ལུགས་ཀྱི་ཚད་མའི་ལུང་མང་པོ་དྲང་འདུག།  ལོ་འགའ་ཡི་རྗེས་སུ་ཧོར་ཁྱུང་གཉིས་ཀྱི་བོན་པོའི་
མཚད་ཉིད་པ་རྣམས་བསྡུ་རུག་བྱེད་ནས་འགྲོ་མགོན་ཚད་མའི་རིག་སྒྲ་ཆེ་མོ་ཞིག་འཚོག་ཐུབ་ན་དགེ་མཚན་དེ་བའི་ཆེ།
                                                   སྟོད་འགག་སྔོན་པོ་ཅན་གྱི་མགོ་རིལ་ཞིག་གིས།
 
སྤེལ་མཁན། རྣམ་ཤེས་འཁྱམས་པོ། ip:220.167.207.*
སྤེལ་དུས། 2014-09-28 15:38:10
ཁྱུང་ཡུལ་ཀོ་རྒྱལ་དགོན་ནས་ཚད་མའི་རིག་སྒྲ་ཚོགས་པ་ལ་རྟེན་འབྲེལ་ཞུ་བ་དང་།  རྗེས་སུ་ཡི་རང་བྱེད་བཞིན་ཡོད།  ་་་་་་་་་
 
སྤེལ་མཁན། མིང་མེད། ip:219.143.153.*
སྤེལ་དུས། 2014-09-27 23:42:31
དགོན་པ་ཟེར་བ་དེ་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་གྱིས་འཛིན་དགོས་པ་ལས་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐོབ་བོ།དེ་བས་ཀོ་རྒྱལ་དགོན་གྱིས་འདི་ལྟ་བུའི་བསྟན་པ་འཛིན་སྐྱོང་གི་ལས་ལ་བྲེལ་བ་སྙིང་ནས་དགའ་བོ་བྱུང་ངོ།།

                      ཧྲེ་ཤུལ་བས།
 
སྤེལ་མཁན། མུ་ལ། ip:113.62.254.*
སྤེལ་དུས། 2014-09-12 23:10:50
དགའ་བསུ་གནང་བར་ཐུགས་རྗེ་ཆེ་ཞུ།
 
སྤེལ་མཁན། མུ་ལ། ip:113.62.25.*
སྤེལ་དུས། 2014-09-09 22:46:09
དགེའོ།
 
སྤེལ་མཁན། ཕག་མགོན་དགེ་བཤེས་ཀྱི ip:71.237.46.*
སྤེལ་དུས། 2014-09-09 21:52:56
བསྟན་པའི་བྱ་བ་རྒྱ་ཆེར་གནང་བར་སྙིང་ནས་གུས་བསུ་ཚད་མེད་ཞུ།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།