ཁ་བྱང་།སྟོད་ལུང་འབྲི་ལུང་དགོན་ལ་རི་བསང་རླུང་རྟའི་གནས་ཚུལ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། རྩེ་རྣོན་པོ། ip:24.147.81.*
སྤེལ་དུས། 2014-04-21 07:01:41
ཀླུང་རྟ་དང་རླུང་རྟ་ཞེས་པའི་ཚིག་མི་འདྲ་བ་འདི་གཉིས་ལ་ཁྱད་པར་ཡོད་དམ། །
 
སྤེལ་མཁན། གླིང་བར་ནུས་མེད་ནས་ ip:113.62.48.*
སྤེལ་དུས། 2014-04-18 13:04:42
བཀྲ་ཤིས་བདེ་ལེགས།   སྟོད་ལུང་འབྲི་ལུང་དགོན་ཞིག་ཤུལ་དུ་བསངས་དང་རླུང་རྟ་དེ་བཞིན་དུ་དད་མོས་དང་ཕྱག་སྐོར་བྱེད་མཁན་དུ་ཕེབས་པའི་བླ་སློབ་ལྷན་རྒྱས་ལ་ངས་བཀྲ་ཤིས་བདེ་ལེགས་ཞུ།    མ་འོངས་པ་ལ་ཆབས་སྲིད་དང་དཔལ་འབྱོར་རིག་གནས་ལ་མི་དབེན་པ་དང་སེམས་ཁོང་ཡངས་པའི་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེའི་རྗེས་འཇུག་རྣམ་པ་ལ་ཆེད་དུ་ཞུ་རྒྱུ་ཞིག་ལ་བོན་གྱི་དགོན་གནས་རྩ་ཆེན་སྟོད་ལུང་འབྲི་ལུང་དགོན་དང་།  གཡས་རུ་དབེན་ས་ཁ།   སོག་གཡུང་དྲུང་གླིང་སོགས་ལ་ཆོག་མཆན་ཞུ་རྒྱུ་དང་ཉམས་གསོ་བྱེད་རྒྱུའི་སྐོར་ལ་ཐུགས་བསམ་བཞེས་རོགས་རེ་བ་ཤིན་ཏུ་ཆེའོ།
 
སྤེལ་མཁན། དགེ་གཤེན་ཚེ་ཚང་། ip:217.88.3.*
སྤེལ་དུས། 2014-04-15 16:39:31
མཁས་དབང་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ནས་སྟོད་ལུང་འབྲི་ལུང་དགོན་པའི་སྐོར་ངོ་སྤྲོད་དང་མཚམས་སྦྱོར་གནང་བར་བཀའ་དྲིན་ཆེ། དེ་བཞིན་ད་ལན་བོན་གནས་དེར་ཆེད་དུ་ཞབས་བཅག་པའི་ཀུན་མཁྱེན་ཤར་རྫ་འཇའ་ལུས་པའི་གདན་སའི་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གཙོས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་། དེ་བཞིན་ལྷ་ལྡན་གྲོང་གི་བོན་འབངས་དད་ལྡན་རྣམས་ཀྱིས་ལམ་ཐག་འཛེམས་མེད་ངང་ཕ་ཤུལ་བུ་འཛིན་ལྟ་བུའི་བོན་གནས་དེར་ཕེབས་པར་ཐུགས་རྗེ་ཆེ་ཞུ། མ་འོངས་པར་མུ་མཐུད་ཁྱེད་རྣམ་པས་ས་ལ་ས་བདག་དང་རྡོ་ལ་རྡོ་བདག་གི་ཚུལ་དུ་དབུས་ཁུལ་གྱི་བོན་སྡེ་རྣམས་འདུ་ཚོགས་ཡོང་སའི་འདུ་ར་ཞིག་བསྐྲུན་རྒྱུར་སྒོ་གང་ནས་འབད་པ་མི་ལྷོད་པར་མཁྱེན་ཞུ། ཞུ།
 
སྤེལ་མཁན། ཁྲ་སྐལ་བཟང་ནས།།། ip:220.182.20.*
སྤེལ་དུས། 2014-04-15 12:41:30
འབྲི་ལུང་དགོན་དེ་ཉམས་གསོ་བྱེད་ཐུབ་ན་བོན་གྱི་དགོན་སྡེ་ཆེན་པོ་ཞིག་ཆགས་རྒྱུའི་ཆ་རྐྱེན་འདུག།།།།།
 
སྤེལ་མཁན། མིང་མེད། ip:218.6.203.*
སྤེལ་དུས། 2014-04-15 08:19:59
བོན་ལ་ཤ་ཞེན་ཆེ་བའི་འཇལ་བསྐོར་བ་རྣམས་ལ་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ།



                       

                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                               ཁྲ་འགྱུར་མས་ནས།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།