ཁ་བྱང་།སྐྱབས་རྗེ་༧རྒྱལ་བ་སྨན་རི་བས་བཀའ་དབང་ཟབ་མོ་དབུ་འཛུགས་གནང་བ།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། མུ་ཏོ་བ་ལྷུན་བསྟན་ནས ip:218.205.245.*
སྤེལ་དུས། 2013-11-20 10:12:16
༄།།  གཡུང་དྲུང་བོན་གྱི་ལྷ་ལྕམ་ཡོངས་ཀྱི་སྐུ་ཚེ་དང་འཕྲིན་ལས་མཐའ་དག་ཟླ་བ་ཡར་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་དང་བཅས་ཏེ་ཉིན་མཚན་འགོག་མེད་དུ་དར་ཞིང་རྒྱས་ལ་ཡུན་རིང་གནས་པའི་བཀྲ་ཤིས་སྨོན་ལམ་བཏབས་པར་གྱུར་བཞིན་དུ་འགྲུབ་པར་དང་སྔོན་གྱི་དཀའ་ཐུབ་པ་རིག་འཛིན་གོང་མ་རྣམས་
གྱི་གསུང་བཞིན་རིས་མེད་གྲུབ་མཐར་ཡོངས་ཀྱི་སྤྱི་ནོར་བོན་ནམ་ཆོས་ལུགས་ཡང་དག་པ་དབྱར་་གྱི་རྩི་ཏོག་དང་མཚན་མོའི་སྐར་མ་ལས་གྲངས་མང་བ་གཏིང་ཟབ་པ་དཔག་གིས་མི་དཔོགས་པ་ཡུན་ནས་ཡུན་དུའཕེལ་བ་དང་འགྲུབ་པར་གྱུར་ཅིག།།
                          གུས་སྨོན་རིིན་  ལྷུན་གྲུབ་བསྟན་འཛིན་མཐར་ཕྱིན་ནས་སྙིང་ཐག་པས་ཕུལ་ལོ
 
སྤེལ་མཁན། མིང་མེད། ip:220.182.8.*
སྤེལ་དུས། 2013-10-21 18:28:43
ཁོང་གི་བཀའ་དབང་དད་ལྡན་མང་ཚོགས་ཀྱི་སྤྱན་ལམ་དུ་ཤར་ན་ཡག་པོ་གང་འདྲས་མ་རེད་
 
སྤེལ་མཁན། གཡུང་ཚུལ། ip:80.215.40.*
སྤེལ་དུས། 2013-10-21 17:09:42
རྨད་བྱུང་འཕྲིན་ལས་ཟབ་མོར་རྗེས་སུ་ཡིད་རངས་ཞུ་བ་དང་ཆབས་གཅིག་ཏུ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་སྐུ་ཚེ་ཁྲི་ལོ་བརྟབ་པར་སྨོན།
 
སྤེལ་མཁན། མིང་མེད། ip:118.182.81.*
སྤེལ་དུས། 2013-10-20 08:52:02
ངོ་གསོལ་བསྟོད།
 
སྤེལ་མཁན། ཨེ་མ། ip:111.44.241.*
སྤེལ་དུས། 2013-10-19 20:29:06
འགྲོ་བའི་སྲིད་ཞིའི་གཙུག་རྒྱན་ཁྱད་པར་རང་ཅག་བོན་འབངས་ཡོངས་ཀྱི་སྤྱི་ནོར་དམ་པ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ཉིད་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་སྨོན།
 
སྤེལ་མཁན། སྣང་མཐའ་བསྟན་འཛིན་ཉི ip:116.255.137.*
སྤེལ་དུས། 2013-10-19 18:15:10
༄༅། །༧ལྷར་བཅས་འགྲོ་བའི་སྲིད་ཞིའི་གཙུག་རྒྱན་ཁྱད་པར་རང་ཅག་བོན་འབངས་ཡོངས་ཀྱི་སྤྱི་ནོར་དམ་པ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ཉིད་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་སྨོན།
ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ། །    རྒྱ་ནག་གི་རྒྱལ་ས་ཆེན་པོ་པེ་ཅིང་ནས་སྣང་མཐའ་བསྟན་འཛིན་ཉི་མ་རུ་འབོད་པ་དེས་སྒོ་གསུམ་གུས་པས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས།
 
སྤེལ་མཁན། ཨ། ip:110.191.52.*
སྤེལ་དུས། 2013-10-19 17:42:34
  ༧ སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་ལ་སྒོ་གསུམ་གུས་པའི་ངང་ནས་སྐྱབས་སུ་མཆིའོ། ཐུགས་རྗེ་བྱིན་རླབས་བདག་སོགས་སེམས་ཅན་ཀུན་ལ་ཕོབ་ཏུ་གསོལ། གངས་ཅན་བོད་ནས།
 
སྤེལ་མཁན། གཤེན་ཚེ་ཚང་། ip:80.134.104.*
སྤེལ་དུས། 2013-10-19 17:03:00
༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་གཙོས་གྱེར་སྤུངས་དཔོན་གསས་ཡོངས་ཀྱི་སྐུ་ཚེ་སྐལ་བརྒྱར་བརྟན་ཤིང་ཐུགས་ཀྱི་བཞེད་དགོངས་ཐ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་གསོལ་སྨོན་དུས་ཀུན་ཏུ་ཞུ།
 
སྤེལ་མཁན། ཟླ་གཞོན། ip:182.148.111.*
སྤེལ་དུས། 2013-10-19 00:15:48
༄༅། །ལས་དང་སྐལ་པ་ཤིན་ཏུ་བཟང་བས་དལ་འབྱོར་མི་ལུས་ཐོབ། །ཐོབ་པར་མ་ཟད་གཡུང་དྲུང་བོན་གྱི་བསྟན་སྒོར་ཞུགས། །ཞུགས་པར་མ་ཟད་སྐྱབས་རྗེ་མཁན་སློབ་རྣམ་གཉིས་མཇལ། །མཇལ་བར་མ་ཟད་ཕྱི་ནང་གསང་གསུམ་བཀའ་དབང་ཐོབ། །    ༧ལྷར་བཅས་འགྲོ་བའི་སྲིད་ཞིའི་གཙུག་རྒྱན་ཁྱད་པར་རང་ཅག་བོན་འབངས་ཡོངས་ཀྱི་སྤྱི་ནོར་དམ་པ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ཉིད་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་སྨོན།
ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ། །ལྷ་རྒྱལ་ལོ། །    ལྷོ་ནུབ་ཁྲིང་ཏུའུ་གྲོང་ཁྱེར་ནས་དད་སྤྲོས་རབ་ཏུ་བལྟས་བཞིན་སྒོ་གསུམ་གུས་པས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས།
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།