ཁ་བྱང་།ཐེངས་གསུམ་པའི་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འཚོགས་སྐབས་ཀྱི་མཐའ་མཇུག་གི་གྲོས་ཆོད།

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

སྤེལ་མཁན། སྟག་ལ་མེ་འབར ip:24.147.81.*
སྤེལ་དུས། 2013-10-15 17:30:12
བོན་བསྟན་མཁའ་ལ་ཉི་མ་ཤར་བ་ལྟར་སྤེལ་བར་མཛད་བཞིན་པའི་སྐྱེ་བུ་དམ་པ་ཁྱེད་རྣམས་ཀྱིས་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་བའི་་་རོགས་སྐྱོར་ཚོགས་པ་་་ཚད་ལྡན་ཚུལ་མཐུན་ཞིག་ངེས་པར་དུ་འཛུག་ཐུབ་དགོས། དེང་སང་ལག་རྩ་མེད་ན་ལས་ཀ་ལས་རྒྱུ་དཀའ་མོ་རེད། ལྷག་དོན་དུ་བོན་པོའི་དགོན་པ་དང་བླ་གྲྭ་མི་དམངས་དང་སློབ་ཕྲུག་སོགས་ལ་ད་བར་མ་དངུལ་རོགས་སྐྱོར་ཚད་ལྡན་བྱེད་མཁན་ཞིག་ཕལ་ཆེར་བྱུང་མི་འདུག་ཟེར་ནའང་ཆོག་ས་འདུག །
 
སྤེལ་མཁན། མིང་མེད། ip:118.121.218.*
སྤེལ་དུས། 2013-10-03 11:32:35
༧རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་གསར་རྙིང་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག།
 
སྤེལ་མཁན། ལྷག་བསམ་དཀར་པོས། ip:82.124.31.*
སྤེལ་དུས། 2013-10-02 05:40:12
༧རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་གསར་རྙིང་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག། ཁྱེད་རྣམ་པའི་མཛད་འཕྲིན་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་དང་ཡི་རངས་ཞུ་བ་མ་ཟད་མ་འོང་ལོ་ཟླའ་ིནང་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཐོག་བསྟན་པ་སྤྱི་ལ་སྨན་པའི་མཛད་འཕྲིན་ཡར་ཟླ་ལྟར་རྒྱས་པའི་སྨོན་འདུན་དང་ཐུགས་རྗེ་ཆེ་ཞུ་ཞུ། སྨན་རིའི་དགེ་མིང་འཛིན་པས་ནུབ་གླིང་ནས།
 
སྤེལ་མཁན། དཀོོན་མཆོག་རྒྱལ་མཚན་ ip:117.136.18.*
སྤེལ་དུས། 2013-10-01 20:50:56
ཡག་པོ་གནང་འདུག་  དགའ་བཞིན་ངང་བལྟ་བཞིན་ཡོད།
 
སྤེལ་མཁན། ཁ་བའི་སྲས་པོ། ip:182.148.111.*
སྤེལ་དུས། 2013-10-01 16:12:01
བོན་གྱི་གདན་ས་ཆེན་མོ་གྲྭ་ས་གོང་མ་སྨན་རིའི་དཔོན་སློབ་བསྟན་འཛིན་ཕུན་ཚོགས་དང་།         གཡས་རུ་མཁར་སྣ་དགོན་གྱི་དགེ་སློང་ཤེས་རབ་སྨོན་ལམ་དང་།        གྲྭ་ས་འོག་མ་གཡུང་དྲུང་གླིང་གི་མཁན་དཔོན་སློབ་རྣམས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་པའི་གཙོ་བོའི་མི་སྣ་རུ་འདེམས་འཇོག་གནང་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན་པས་ང་ཚོ་བོན་པོའི་མི་སྣ་ཡོངས་ཀྱིས་ཐུགས་གྲོས་ལེགས་པར་གནང་རྒྱུ།   ང་རང་ཉིད་ཀྱི་རེ་བ་གཙོ་བོ་ཡིན།      
 
སྤེལ་མཁན། གཤེན་ཚེ་ཚང་། ip:80.134.104.*
སྤེལ་དུས། 2013-10-01 15:32:25
རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་བར་དགའ་སྤྲོ་ཆེ། དེ་བཞིན་རྒྱུན་ལས་ལས་འཛིན་མི་སྣ་བསྐོ་བཞག་གནང་བར་ལེགས་གསོལ་དང་། བོན་དང་འབྲེལ་བའི་སློབ་གསོ་གཏོང་བ་ལ་རྨང་གཞིའི་སློབ་དེབ་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་སོགས་ཀྱི་སློབ་དེབ་རིམ་བཞིན་གྲ་སྒྲིག་བཟོ་འཆར་ཡོད་པ་ནི་ཤིན་ཏུ་ནས་གལ་ཆེན་ཡིན་སྟབས་མུ་མཐུད་ཕྱག་བསྟར་ཡོང་བའི་གསོལ་སྨོན་རྟག་ཏུ་ཞུ།
 
སྤེལ་མཁན། སྟོང་རྒྱུང་མཐུ་ཆེན་ན ip:24.147.81.*
སྤེལ་དུས། 2013-10-01 07:42:31
རྣམ་པ་ལྷན་རྒྱས་ཚང་མ་ལ་རང་སེམས་དགའ་བཞིན་སྤྲོ་བཞིན་པའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུ། ཕྱག་ལས་ཧ་ལས་པའི་ཡག་པོ་གནང་འདུག། ལྷག་པར་དུ་འགན་ཁུར་མི་སྣ་ཁག་དང། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་སློབ་འདུས་པ་རྒྱ་མཚོར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། ། བོན་རྒྱལ་ལོ། །
 
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།