ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་གཉིས་པའི་ཐེངས་དང་པོའི་དཔྱད་རྩོམ་འགྲེམས་སྤེལ་གནང་བ།
[ཟླ་ཚེས། 2026-03-30 20:53:29][རྩོམ་པ་པོ། སྟོང་སྲས་ལྷ་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་གཉིས་པའི་ཐེངས་དང་པོའི་དཔྱད་རྩོམ་འགྲེམས་སྤེལ་གནང་བ།

དེ་བས་དགེ་བཤེས་རྒན་རབས་པ་མང་དག་ཅིག་གི་ཞལ་གཡང་གཙང་མ་དང་ཐུགས་དགོངས་ལྷད་མེད་ཀྱི་དབང་གིས«ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ»ཞེས་པ་ཞིག་དབུ་བརྙེས་ཤིང་ལེགས་ཚོགས་དགེ་བའི་ཆ་མང་པོ་ཞིག་ཁ་སྣོན་དང་ཁ་སྐོང་ཐུབ་པ་བྱུང་ཡོད་པར་མ་ཟད་དགེ་བཤེས་ཤེས་ལྡན་འགའ་ལ་འཇོན་རྩལ་དང་རོགས་འདེགས་ཀྱི་གར་སྟེགས་ཆེན་མོ་ཞིག་ཀྱང་གནངས་ཡོད།
ད་ལན་སྐབས་གཉིས་པའི་ཐེངས་དང་པོའི་དཔྱད་རྩོམ་རྣམས་ཀྱང་ངང་སྒུག་གི་ཁྲོད་ན་ལེགས་པར་འཚོ་བའི་ཀློག་པ་པོ་དག་གི་སྤྱན་ལམ་ལ་བདེ་བླག་ངང་དཔར་སྐྲུན་འགྲེམས་པ་བྱུང་ཐུབ་ཡོད། འདི་ནི་ཉི་མ་ཆོད་ཐབས་ཙམ་དང་མིང་ཙམ་ལ་རེ་བས་སྒུག་པ་སོགས་ཉི་ཚེ་བའི་བསམ་པ་གཏན་འགོག་གི་ཐུགས་དམ་འོག་ངལ་བ་བྱས་ཤིང་རྔུལ་ཆུ་དེ་ཡང་སྤྱི་ཚོགས་དང་ཤེས་རིག་གི་མཚོ་མོ་ལ་དཀར་ཀྱི་ཐིགས་པ་ཙམ་གྱི་དགེ་བའི་ཆར་དམིགས་ནས་བསྐྲུན་པ་ལགས་སོ།།

མཐར་བྱ་བ་འདིར་འབད་ཀྱི་འགོ་མཇུག་བར་གསུམ། ཕྱི་ནང་གསང་གསུམ་ཀུན་ཏུ་བཀའ་དྲིན་བདག་སྐྱོང་མི་ཉུང་བ་གནང་མཁན་གྱི་རྒན་ལགས་རྣམ་པ་དང་ལྷག་དོན་དུ་ཁྱུང་ཡུལ་བཙུན་མའི་འདུས་སྡེ་ལྡོང་རྫོང་གཤེན་བཙུན་སྨིན་གླིང་གི་འདུས་པ་རྒྱ་མཚོས་མཐུན་རྐྱེན་རོགས་རམ་དང་གཞོགས་འདེགས། ཡང་སྒོས་སུ་སྐབས་བབ་ཀྱི་ལས་འཛིན་རྒན་གྲོགས་ཡོངས་ཀྱི་ཐུགས་འདུན་རྩེ་གཅིག་པའི་སྟོབས་ཤུགས་སོགས་ལ་བཀའ་དྲིན་བླ་ན་མེད་པ་ཆེ་ཞེས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཕྱོགས་སུ་དལ་རྟེན་རྙེད་པའི་སྟོང་སྲས་ལྷ་བུ་རུ་འབོད་པ་དེས་ཕུལ་ལོ།།
