དེབ་གསར་བྱིས་པ་དགྱེས་པའི་དགའ་སྟོན།

[ཟླ་ཚེས། 2021-09-22 09:16:46][རྩོམ་པ་པོ། ཨ་ཤག་ཚུལ་ཁྲིམས་རྣམ་དག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཐོག་མའི་ཆེད་ཞུ་བློ་དཀར་སེམས་ཀྱི་སྨོན་འདུན།

     ཀ་ཡེ།  རིགས་ལ་ཞེན་པ་དཀར་ཞིང་རུས་ལ་དུང་བ་ཟབ་པའི་ཀློག་པ་པོ་ཀུན་ལ་ཐོག་མའི་ཁ་གཡང་གིས་ཁམས་བདེ་ཞུ། རྩོམ་པ་པོ་ཁོང་ནི་གྱིམ་ཤོད་ས་ཡི་ཐིག་ལེའམ། མདོ་ཁམས་ཁྱུང་པོ་སྟེང་ཆེན་གྱི་རུམ་ཁ་རུ་ཆུང་བྱིས་པའི་དུས་ནས་ཀ་ཁའི་དབྱངས་རྟ་རྫོགས་ཆུ་དང་འགྲོགས་ནས་གྱེར་ཞིང་། བོན་དང་ཆོ་གའི་ཕྱག་ལེན་ལ་འཇུག་ཞོར་ནར་སོན་ནས་དགོན་དང་དབེན་གནས་སུ་འཚོ་བའི་གྲྭ་རྐྱང་ཞིག་རེད། ཁོང་གི་མཚན་ལ་ཨ་ཤག་ཚུལ་ཁྲིམས་རྣམ་དག་ཞུ་ཞིང་སྨྱུག་མིང་དུ་དགག་སྒྲུབ་པ་ཞེས་གསོལ། ད་ཐེངས་ཁོང་གིས་སྐུ་ཚེགས་ལ་མ་འཛེམ་པར་སློབ་གཉེར་གྱི་བར་སྟོང་དང་ངལ་གསོའི་དུས་ཚོད་དག་དམ་དུ་འཛིན་ནས།  རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་དང་ཤེས་རིག་གི་དགའ་ཚལ་ན་གོམ་པ་སྤོ་མཁན་གྱི་རིགས་མཐུན་རྣམས་པའི་མིག་སྔར། རང་ནུས་ཅི་ལྕོགས་ཀྱིས་ཁོང་དང་བློ་མཉམ་དག་ལ་གྲོས་བསྡུར་གྱི་ཚུལ་དང་།  ཁོང་དང་བློ་དམན་པ་དག་ལ་ཕན་འབྲས་ཀྱི་མྱུ་གུ་ཕྲ་མོ་ཙམ་ཡང་འབུད་ཨེ་ཐུབ་བསམ་པའི་ཀུན་སློང་བཟང་པོ་གངས་དཀར་རི་བོའི་ཁ་མདོག་འཆང་བཞིན།    《བྱིས་པ་དགྱེས་པའི་དགའ་སྟོན། 》ཞེས་པའི་མཚན་ཉིད་སྐོར་གྱི་དེབ་ཆུང་ཞིག་པར་དུ་བསྐྲུན་ཡོད་ཅིང་།  དེབ་ཀྱི་རིན་པ་ནི་སྐར་ལྔ་ཡང་ལེན་འཆར་རེད་མི་འདུག རྒྱུ་མཚན་ནི་ཞེ་མཐུན་ཞིང་བློ་དཀར་བའི་མི་རིགས་འདིའི་ན་གཞོན་གྱི་སྡེ་ཚོགས་ལ་སྨན་པ་ཕྲན་ཙམ་བྱུང་ན་དེབ་རིན་ནི་དེ་ཡིས་ལྷག་ཅིག་མེད་དོ་སྙམ།  ཁུ་ལོ་ཙཱ་བ་དབལ་ཁྱུང་བསོད་ནམས་ཀྱིས་གུས་པ་དང་བཅས་ཏེ་ཕུལ་བར་དགེའོ། །
 
རྩོམ་པ་པོས།   བཀའ་དྲིན་ཞུ་ཡུལ།         བདག་ལ་ནམ་རྒྱུན་རོགས་རམ་དང་རྒྱབ་སྐྱོར་ཚད་མེད་གནང་མཁན་གྱི་ཕ་མ་དང་དགོན་འདིའི་བླ་མ་དང་དགེ་རྒན་གྲྭ་པ་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་དང་། ལྷག་དོན་དེ་རིང་བདག་གི་ལག་དེབ་འདི་ཡི་སྔོན་གླེང་དང་དེབ་ཆུང་འདི་སྒྲིག་སྦྱོར་གནང་མཁན་བདག་གི་སྙན་ངག་དགེ་རྒན་སྨྲ་ལྕེ་ལགས་དང་རྣམ་པ་ཀུན་ཏུ་བདག་ལ་བོན་སྦྱིན་སྩལ་མཁན་དང་དེབ་ཆུང་འདིའི་ཞུ་དག་པ་དང་བློ་འདྲི་ཡུལ་རྒན་ཟིལ་པ་ལགས་དང་དེབ་ཆུང་འདིའི་འགྲོ་གྲོན་ཡོངས་སུ་བཏང་མཛད་པའི་སྦྱིན་པའི་བདག་པོ་སྤུན་མཆེད་དབལ་ཁྱུང་བསོད་ནམས་རྣམ་གསུམ་ལ་ཤ་དང་རུས་པའི་གསེང་ནས་བཀའ་དྲིན་ཆེ་ལན་བརྒྱར་ཞུ་བ་མ་ཟད། མ་འོངས་པར་ཁོང་རྣམས་ཚེ་བསོད་ཀྱི་དཔལ་ཁ་དགུང་ལས་མཐོ་ཞིང་ཤེས་ཡོན་གྱི་འདབ་མ་རབ་ཏུ་བཞད་པའི་རྒྱལ་ཁ་ཅན་གྱི་སྐྱེས་བུ་ཞིག་ཏུ་འགྱུར་བར་སྨོན་ནོ།།   ཐ་ཚན་ཤེ་རྐྱ་ཆེ།  མུ་ཙུག་སྨར་རོ།། །།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།