《བོད་ཀྱི་རིག་གནས་གསར་དཔྱད་རྩམ་ཟན་སྤྱི་ནོར》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2021-03-11 08:55:00][རྩོམ་པ་པོ། ཤར་བ་ཐོགས་མེད།][རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།][ཀློག་གྲངས། ]


《བོད་ཀྱི་རིག་གནས་གསར་དཔྱད་རྩམ་ཟན་སྤྱི་ནོར》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

  ཉེ་ཆར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་འཛུབ་སྟོན་དགེ་རྒན་ཤར་བ་ཐོགས་མེད་ཀྱིས་བརྩམས་པའི་༼བོད་ཀྱི་རིག་གནས་གསར་དཔྱད་རྩམ་ཟན་སྤྱི་ནོར༽ཞེས་པ་ད་ལྟ་དངོས་སུ་སྤྱི་ཚོགས་སུ་བཀྲམ་ཡོད།

  བརྩམས་ཆོས་འདིར་རྩོམ་པ་པོས་བགྲང་ལོ་བཞི་བཅུའི་རིང་ཞིབ་འཇུག་བྱས་པའི་འབྲས་རྟགས་དང་དཔྱད་གཞིའི་རིན་ཐང་ལྡན་པའི་དཔྱད་རྩོམ་ཁག་ཅིག་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་ཅིང་། བྱེ་བྲག་ཏུ་ཐུན་མོང་རིག་གནས་ཀྱི་གོ་དོན་དང་། རྐྱེན་གྱི་ཡེ་གེ་དང་ཟློས་སྒྲའི་སྐོར། གནས་བཤད་དང་རྟེན་བཤད་ཀྱི་སྐོར། བསྟན་བཅོས་ཀྱི་ཡན་ལག་དང་བོད་འགྱུར་མུ་སྟེགས་ལྟ་བའི་སྐོར། སློབ་གསོ་དང་སློབ་ཁྲིད་ཀྱི་ཐབས་ལམ་སྐོར། དམངས་ཁྲོད་ཡིག་ཚངས་རིག་པའམ་མི་ཆོས་རིག་པའི་སྐོར་གྱི་སྲིད་པའི་ཅང་རྒན་བསྟན་བཅོས་དང་ཞང་ཞུང་ཉི་མ་ཤེས་ལྡན། གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དང་རྫོགས་པ་ཆེན་པོའི་སྐོར་སོགས་འདུ་བ་རེད།

  དེབ་འདི་ནི་ནུབ་ལྗོངས་དར་ལམ་རིག་གནས་ཞིབ་འཇུག་ཅེས་པའི་དེབ་ཕྲེང་གི་གྲས་ཡིན་ཞིང་། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་དང་འགྲེམ་སྤེལ་བྱས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།