«གཉན་རོང་ཆབ་མདོ་དགོན་དཔྱད་གསུམ་ལོ་ཐོ»ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

[ཟླ་ཚེས། 2020-01-05 13:00:40][རྩོམ་པ་པོ། ཀུན་དགའ་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  སྤྱིར་དེང་ཆར་སྐར་རྩིས་རིག་པའི་གཞུང་ལུགས་སྣ་ཚོགས་སུ་མཆིས་ཤིང་དེ་མཚུངས་ལོ་ཐོ་ལའང་རྒྱས་བསྡུས་སོགས་མ་ངེས་སྣ་ཚོགས་ཡོད་པ་ལས། འདིར་རང་ལུགས་ཁྱུང་སྤྲུལ་རིན་པོ་ཆེའི་རྩིས་གཞུང་ཆེན་མོ་དཔྱད་གསུམ་དག་རྩིས་དེང་རབས་ཚན་རིག་དང་མཐུན་པའི་ཡང་གསང་ལུགས་གཞིར་བྱས་ནས་སྤྱི་ལོ་༢༠༢༠བོད་ལྕགས་བྱི་ལོའི་ལོ་ཐོ་འབྲིང་པོའི་ཚུལ་འདི་ཞང་ཞུང་བར་པའི་འདུས་སྡེ་གཉན་རོང་ཨ་གྲགས་ཆབ་མདོ་དགོན་དཔལ་གཤེན་བསྟན་རྣམ་རྒྱལ་བདེ་ཆེན་གླིང་གི་སྐར་རྩིས་འཛིན་གྲྭས་སློབ་སྦྱོང་གི་བར་གསེང་དུས་ཚོད་བེད་སྤྱད་བྱས་པའི་འབད་འབྲས་ས་བཅད་མ་སྟོངས་ཙམ་ཞིག་འབྱུང་ལྡན་ཟླ་ཐིག་རྩེ་མོ་ལྕགས་བྱི་ལོའི་ལོ་ཐོ་ཤེལ་དཀར་མེ་ལོང་ཞེས་པ་འདི་ཕབ་པ་ལགས། སྤྱིར་ལོ་ཐོའི་སྒྲིག་སྟངས་ཡང་བསྟན་རྩིས་དང་ལྔ་བསྡུས་གླང་རྩིས་སོགས་དཔྱད་གསུམ་གྱི་གཞུང་ལྟར་གཞི་བཞག་ཐོག་དུས་གཟེར་སྐོར་ཞང་ཞུང་རྒན་པོའི་ངག་རྩིས་གཙོས་ཞང་བོད་དུས་གཟེར་བརྟག་ཐབས་སོགས་ཞང་བོད་མཐོ་སྒང་གི་གནམ་གཤིས་ས་བབ་དང་ཆེས་མཐུན་པའི་དཔྱད་གསུམ་དུས་གཟེར་རྣམས་ཀྱིས་ཟུར་བརྒྱན་བྱས་ཡོད། དུས་ཆེན་ཁག་དང་ཚེས་རྒྱུའི་ས་བདག་སྐོར་དང་། ཀླུ་ཐེབས་བཅས་ལྟ་བདེའི་ཆེད་རེའུ་མིག་ནང་བཀོད་ནས་མཇུག་ཏུ་བཞག་ཡོད་པ་བཅས་དེ་ལྟར་དཔྱད་གསུམ་ལོ་ཐོ་འབྲིང་པོ་འདི་ཉིད་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱིས་སྤྱན་ལམ་དུ་འབུལ་རྒྱུའི་སྐལ་བཟང་བྱུང་སོང་། ལས་དོན་འདིའི་ཐོག་མཐའ་བར་གསུམ་ལ་རྒྱབ་སྐྱོར་གནང་མཁན། བར་བཅུག་རི་མོ་བ་སྒ་ཚེ་རིང་བཀྲ་ཤིས། དེ་བཞིན་དཔེ་སྐྲུན་དངོས་ཀྱི་སྦྱིན་བདག་བཤད་སྒྲུབ་སློབ་གླིང་སྤྱི་ནས་བརྩལ་གནང་བྱུང་བ་བཅས་འདི་ལ་རྒྱབ་སྐྱོར་གནང་མཁན་གྱི་འབྲེལ་ཡོད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྩོམ་སྒྲིག་གི་དུས་ཡུན་ཐུང་ཞིང་དམིགས་བསལ་གྱི་དུས་ཚོད་དང་ཉམས་མྱོང་མེད་པ་ཞོར་ལས་སོགས་ཀྱིས་སྐྱོན་དང་ནོར་བ་མང་དག་ཅིག་ཡོད་ངེས་པས་གཙུག་ལག་རིག་པའི་གཞུང་ལ་འཇུག་པ་ཡངས་པའི་མཁས་དབང་རྣམས་ཀྱིས་དགོངས་ཁྲེལ་མེད་པར་དགེ་འདོན་སྐྱོན་སེལ་དང་རྒྱབ་སྐྱོར་ཡོད་པར་མཁྱེན། སློབ་གཉེར་བ་གཡུང་དྲུང་བསྟན་འཛིན་ནས་དབུས་ལྷ་ལྡན་ཉི་མའི་གྲོང་ནས་བྲིས།

༢༠༢༠ལོའི་ཟླ་བ་༡པོའི་ཚེས་༡ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།