སྤྲུལ་སྐལ་བཟང་སྨོན་ལམ་གྱི་རྩོམ་དེབ་སེམས་ཀྱི་འཆར་ཡན།

[ཟླ་ཚེས། 2019-05-05 09:14:05][རྩོམ་པ་པོ། སྤྲུལ་སྐལ་བཟང་སྨོན་ལམ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 1557019215116078.jpg1557019215795442.jpg

   སྤྲིན་དཀར་གྱི་འདབ་མ་དཔྱིད་ཀྱི་དྲོ་འཇམ་རླུང་བུས་ཕྱོགས་དང་ཕྱོགས་སུ་གཡོ་ཞིང་། དཔྱིད་གསར་གྱི་དུས་ཚིགས་མངོན་པར་ཤར་ཏེ། དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ་ཡིས་བོད་ཁམས་སྙན་པས་བསུ་བའི་དུས་སྐབས་འདིར། ཆོག་ཤེས་ཀྱི་འཚོ་བའི་ངང་ནས་གཞུང་ལུགས་རབ་འབྱམས་ལ་ཐོས་བརྩོན་གྱི་གཤོག་ཟུང་བརྐྱངས་ནས། གུས་རྟགས་ཀྱི་བརྩོན་པས་མུ་མེད་པའི་ཤེས་བྱའི་མཁའ་དབྱིངས་སུ་རྣམ་དཔྱོད་ཀྱི་རྩེད་འཇོ་རོལ་བའི་"ཁམས་བླ་ཁྲི་གཡུང་དྲུང་བོན་གཡུ་རི་བཤད་སྒྲུབ་འདུས་སྡེའི"བཀའ་རམས་པ་༧སྤྲུལ་སྐལ་བཟང་སྨོན་ལམ་ལགས་ཀྱིས། རྣམ་དཔྱོད་ཀྱི་དབལ་ཁ་གཡོ་བའི་བར་གསེང་ནས་རྣམ་པར་བཀྲ་བའི་སེམས་འགྱུའི་རི་མོ་དབྱངས་སུ་འཐེན་པའི་སྙན་རྩོམ་༼སེམས་ཀྱི་འཆར་ཡན་༽ཞེས་པ་འདི་མི་ཡུལ་དུ་སྐུ་འཁྲུངས་ཤིང་། འགྲེམ་སྤེལ་གྱི་ཡུལ་དུ་ཞུགས་པར་ཉེ་ཡོད་པས་སེམས་ཀྱི་དགའ་ཞེན་ཤེས་རིག་ལ་ཕྱོགས་ཤིང་ངག་རིགས་སྦྲང་ཆང་གི་བཅུད་ལ་རོལ་འདོད་པའི་ཀློག་པ་པོ་ལྷན་རྒྱས་ཀྱིས་དུས་ལྟར་འབྲེལ་གཏུག་གནང་བར་ཞུ།

ཞེས་རྩོམ་གྲོགས་ནང་མི་སྨྱུག་གིས་གུས་ཕུལ།

1557019214591816.jpg
འབྲེལ་གཏུག་བྱ་ཡུལ།

ཁོང་སྔོན། 188 8905 2899
སྨྱུག 17744211376

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།