རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ། སྤྱིའི་འདོན་ཐེངས་གསུམ་པ།

[ཟླ་ཚེས། 2018-04-07 09:40:52][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱིས་གཙོ་གཉེར་གནང་བའི་རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོ་སྤྱིའི་འདོན་ཐེངས་གསུམ་པ།1523065295123587.jpg
མདུན་ཤོག
1523065295111947.jpg
མདུན་ཤོག་ནང་མ།
1523065295382896.jpg
1523065295132882.jpg
1523065295106262.jpg
1523065296675383.jpg
དཀར་ཆག


སྔོན་གླེང་གཡུང་དྲུང་དགུ་མིག

   གངས་ལྗོངས་ཁ་པའི་ཤེས་རིག་གི་ཕྱི་མོ་སྟེ་གནའ་བོའི་ཞང་ཞུང་གི་ཤེས་རིག་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་ཀྱི་རིག་གཞུང་སོགས་ལ་ཞིབ་འཇུག་དང་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། གནའ་བོའི་ཞང་ཞུང་སྒོ་བའི་ཁོངས་སུ་གཏོགས་པའི་མདོ་སྨད་སུམ་པའམ་ཟིང་ཆུ་ཁོག་གི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་གཙོས་པའི་མདོ་སྨད་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་མོ་༧དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་གྱི་༧མཁན་སློབ་རྣམ་པའི་བཀའ་དགོངས་གཞིར་བཟུང་སྟེ་སྤྱི་ལོ་༢༠༡༥ལོ་ནས་རིག་གཞུང་ལོ་དེབ་<<ཆུ་མྱིག་དཀར་མོ།>>ཞེས་པར་རིག་པའི་ལེ་ཚན་བདུན་གྱི་བདག་ཉིད་ཅན་ཞིག་འདོན་སྤེལ་གནང་སྟེ། སྤྱིར་གནའ་བོའི་ཞང་བོད་ཀྱི་ཤེས་རིག་དང་སྒོས་སུ་ཞང་ཞུང་སྒོ་བའི་མངའ་ཁོངས་ཀྱི་སུམ་པ་ཡུལ་གྱི་རིག་གཞུང་དར་སྤེལ་དང་རྒྱུན་འཛིན། སྔོག་འདོན་སོགས་ཀྱི་ཆེད་དང་། གཞན་ཡུལ་ལུང་འདིར་གནས་པའི་ན་གཞོན་ཤེས་ཡོན་པ་རྣམས་སྐྱེད་བསྲིངས་བྱེད་སའི་རྩོམ་རིག་གི་གར་སྟེགས་ཤིག་ཏུ་དམིགས་པ་ནི། ང་ཚོའི་རིག་གཞུང་ལོ་དེབ་ཀྱི་ཉིང་དགོས་ཡིན་ལ། ཁྱད་པར་དུ་དུས་རབས་ཉེར་གཅིག་པའི་སྐབས་འདིར་མཚོན་ན་དུས་དེབ་དང་དྲ་བའི་རིག་གནས་ནི་ཆེས་བྲིན་པའི་རིག་གནས་ཀྱི་གར་སྟེགས་ཤིག་ཏུ་ཆགས་ཡོད་སྟབས། ང་ཚོ་ཚང་མ་དུས་རབས་ཀྱི་ཁ་ཕྱོགས་དང་བསྟུན་ཏེ། དུས་དང་བསྟུན་པའི་མཛད་པ། ཞེས་པ་ལྟར། མ་འོངས་པར་ཡང་ང་ཚོས་རིག་གཞུང་ལོ་དེབ་<<ཆུ་མྱིག་དཀར་མོ།>>འདི་ཉིད་ཀྱི་འཕྲིན་ལས་ཡུན་ནས་ཡུན་དུ་འགྲེམ་སྤེལ་གནང་རྒྱུའི་ཆོད་སེམས་བརྟན་པོར་ཡོད་ལ། རྒྱ་ཆེ་བའི་ཀློག་པ་པོ་དང་རྩོམ་པ་པོ་ཡོངས་ནས་དེ་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་སྒུག་དང་བཅས།

ཞེས་རིག་གཞུང་ལོ་དེབ་<<ཆུ་མྱིག་དཀར་མོའི་>>རྩོམ་སྒྲིག་པས་༢༠༡༨་༣་༣ཉིན

1523065295759553.jpg
རྒྱབ་ཤོག་ནང་མ།
༣༣༣.jpg
རིག་གཞུང་ལོ་དེབ་ཆུ་མྱིག་དཀར་མོའི་རྩོམ་སྒྲིག་ཚན་ཆུང་།
1523065295133957.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།