གངས་ལྗོངས་ཤེས་རིག་སྤྱི་དེབ་ལྔ་བ་དང་དྲུག་པ་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2016-04-26 20:53:56][རྩོམ་པ་པོ། རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀླུ་ཕུག་དགོན་དཔལ་གཤེན་བསྟན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་དེབ་གངས་ལྗོངས་ཤེས་རིག་སྤྱི་དེབ་ལྔ་བ་དང་དྲུག་པ་འགྲེམ་སྤེལ་གནང་བ། 
12.jpg
གངས་ལྗོངས་ཤེས་རིག་སྤྱི་དེབ་ལྔ་བ་དང་དྲུག་པའི་ཕྱི་ཤོག
10.jpg
09.jpg
གངས་ལྗོངས་ཤེས་རིག་སྤྱི་དེབ་ལྔ་བའི་ནང་ངོས་པར་རིས།
03.jpg
 01.jpg
གངས་ལྗོངས་ཤེས་རིག་སྤྱི་དེབ་དྲུག་པའི་ནང་ངོས་པར་རིས།

 སྔོན་འགྲོའི་གཏམ།

   སུམ་རྩེན་གནས་ཀྱི་ལོངས་སྤྱོད་ས་ལ་འཕོས་འདྲའི་ཧོར་སྦྲ་ཆེན་ཕྱུག་མོའི་ཕང་བ་རུ་རི་ཆུ་སྟོང་ཕྲག་གི་མཛེས་པས་སྐྱེ་བོའི་ཡིག་ཡིད་འཕྲོག་ཅིང་ལྷག་བསམ་འབུམ་ཕྲག་དགུང་སྔོན་མཁའ་རུ་ལྡིང་བའི་བོན་གྱི་འདུས་སྡེ་ཆེན་པོ་གནས་མཆོག་ཀླུ་ཕུག་དགོན་ནི། ཞང་བོད་ཤེས་རིག་གི་མཁའ་དབུགས་གཙང་ཞིང་སྲོལ་རྒྱུན་རིག་གནས་ཀྱི་རོ་བཅུད་མ་ཡལ་བའི་དགོན་ཆེན་ཞིག་ཡིན་ལ། ལྷག་དོན་དུ་ད་ཐེངས་དགེ་བཤེས་གཡུང་དྲུང་གཙུག་ཕུད་མཆོག་གི་ལྷག་བསམ་གངས་རི་ལྟ་བུའི་སྐུལ་སློང་དང་བཤད་སྒྲུབ་འདུས་སྡེ་ཡོངས་ཀྱི་རྒྱབ་སྐྱོར་འོག་དཔལ་གཤེན་བསྟན་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་གི་རིག་གཞུང་ལོ་དེབ་འདི་ཉིད། གངས་ལྗོངས་རྩོམ་རིག་སྐྱེད་ཚལ་དུ་ཚེ་སྲོག་གི་མྱུ་གུ་གསར་དུ་འབུས་པ་ལ་ཁོ་བོས་སྙིང་དབུས་ནས་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་དང་ཆབས་ཅིག་འདི་ལྟའི་ལྷག་བསམ་གྱི་འདུན་པས་སྔོན་བསུ་བྱས་པའི་མཛད་རྗེས་ལ་ཁ་ཞེ་གཉིས་མེད་ཀྱིས་རྗེས་སུ་ཡི་རང་ཞུ།
དེ་ཡང་སྐྱ་ཟད་སྔོ་སྡུག་དང་རླུང་ཁའི་མར་མེ་ལྟ་བུའི་རང་རེའི་ཤུལ་བཞག་རིག་གནས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ཐབས་དང་ལམ་བུ་འདྲ་མིན་མཆིས་ཀྱང་མཐར་ཐུག་གི་དམིགས་པ་གཅིག་ཏུ་སེམས་པའི་ངོ་བོ་འགྱུར་མེད་ཉག་ཅིག་ཡིན་པས། རང་མི་རིགས་ཀྱི་ལོ་རྒྱུས་དང་ཆོས་ལུགས། དམངས་ཁྲོད་རྩོམ་རིག་སོགས་རྒྱུས་ལོན་དང་ཁྱབ་སྤེལ་གཏོང་བའི་གླེང་སྟེགས་འདི་ལྟ་བུ་ཞིག་བསྐྲུན་པ་ལ་རིན་ཐང་དཔག་མེད་ལྡན་ཞིང་སྒོས་སུ་ལས་དང་པོ་བ་རྣམས་ལ་རྩལ་ངོམ་སའི་གནས་ཤིག་དང་ངོམ་པའི་དུས་གོ་སྐལ་རིན་ཆེན་གསེར་དངུལ་གྱིས་ཀྱང་ཉོ་བསྐལ་དབེན་པ་འདི་ལྟ་ཞིག་བསྩལ་བས་ཕན་ཡོན་བློ་ངོར་ཤོང་དཀའ་བའི་གནད་དམ་པ་ཉིད་དུ་འཁུམས་སོ། །
གངས་ལྗོངས་ཤེས་རིག་ཅེས་པའི་རིག་དེབ་འདི་ནི་སྔོན་བྱོན་ཡབ་མེས་དམ་པ་རྣམས་ཀྱི་ཞལ་གདམས་བདུད་རྩིའི་རྒྱ་མཚོ་ལས་དྲངས་པའི་འོད་ཁྲུམ་ཁྲུམ་གྱི་རིག་པའི་ཐིགས་པ་འབའ་ཞིག་ཡིན་ཏེ། འདིར་ཆོས་དང་འཇིག་རྟེན་གྱི་བླང་དོར་འབྱེད་པའི་སྡེ་དང་། ནང་བསྟན་གཞུང་ཆེན་མོ་དང་འབྲེལ་བའི་རིག་རྟོག་གི་སྡེ། བོན་གྱི་གདུང་རྒྱུད་ཆེན་པོ་དྲུག་གཙོར་བྱས་པའི་བོད་ཀྱི་མིའུ་བྱུང་རབས། མངའ་ཁོངས་སྡེ་ཚེ་རི་ཆགས་རབས་ཀྱི་ལོ་རྒྱུས་བཀོད་པའི་སྡེ། རིག་པའི་གནས་བཅུ་དང་འབྲེལ་བའི་གླེང་མོལ་གྱི་སྡེ། བོད་རྒྱལ་རིམ་བྱོན་གྱི་མཛད་འཕྲིན་ཞིབ་འཇུག་གི་སྡེ། རང་གི་ཚོར་འདུ་ཕྲ་མོ་སྙན་ཚིག་དབྱངས་རྟར་བཅིབས་པའི་སྙན་ངག་གི་སྡེ། དམངས་སྲོལ་སྡེ་སོགས་མདོ་སྒྲིལ་ན། རིག་དེབ་འདི་ཉིད་ལ་ནང་དོན་སྤྱིའི་ཆ་ན་བསླབ་བྱ་དང་ཆོས་ལུགས། ལོ་རྒྱུས། རིག་གཞུང་དཔྱད་བརྗོད་སོགས་ཁག་དུ་མས་གྲུབ་པའི་གོང་བུ་ཞིག་ཡིན་པས། བརྗོད་བྱ་ཕུན་སུམ་ཚོགས་ཤིང་ཁྱབ་རྒྱ་ཡངས་པ། རྗོད་བྱེད་ཚིག་ལ་ཕྱོགས་རིས་འཐེན་འཁྱེར་དང་། ཟུར་ཟ། རང་ལྟ་མཆོག་འཛིན། ལོག་བཤད་སོགས་ནི་དེ་བས་ཀྱང་རྒྱང་དུ་བོར་ཟིན་པའི་ལུགས་བཟང་ཡང་དག་པའི་རིག་གནས་ཀྱི་བསམ་བློའི་ལྟ་བ་དང་འདུ་ཤེས་གནད་དུ་བཟུང་ཡོད་པས་ལྟ་ཀློག་གི་རིན་ཐང་གཞལ་བར་དཀའ། དེས་ན། ཁོ་བོས་ཀྱང་བློ་སྤོབས་ཆེན་པོའི་རང་གི་དགའ་མོའི་ཁོ་ནའི་རིས་སུ་མ་གཏོང་བར་རིག་དེབ་འདི་ཉིད་ཀྱི་རིན་ཐང་ལ་གདེང་འཇོག་བྱས་ཤིང་མ་འངོས་པར་བོད་ཀྱི་རྩོམ་རིག་སྐྱེད་ཚལ་ཡངས་པོའི་ཁྲོད་དུ་མཚར་སྡུག་ཀུན་ཡིད་འཕྲོག་པའི་དྲི་ལྡན་མེ་ཏོག་ཅིག་གི་ལང་ཚོ་རྒྱས་པར་སྨོན།

ཞེས་༢༠༡༥ལོའི་ཟླ་བ་༡ཚེས་༤ཉིན་ནོར་བུ་བཀྲ་ཤིས་ཀྱིས་སྔོན་འགྲོའི་གཏམ་གྱི་ཚབ་ཏུ་བྲིས།

04.jpg
02.jpg
གངས་ལྗོངས་ཤེས་རིག་སྤྱི་དེབ་ལྔ་བའི་དཀར་ཆག
11.jpg

05.jpg
07.jpg
གངས་ལྗོངས་ཤེས་རིག་སྤྱི་དེབ་དྲུག་པའི་དཀར་ཆག
གཙོ་གཉེར་སྡེ་ཁག

ཀླུ་དགོན་བཤད་སྒྲུབ་སློབ་གླིང་།
བློ་འདྲི་ཡུལ།
སྐྱབས་རྗེ་མཁན་ཆེན་ཞུ་སྟོན་སྐལ་བཟང་གཡུང་དྲུང་རིན་པོ་ཆེ།
ཀྲུའུ་རེན་སྐུ་གཞོན་ཕྲ་ལོག་དྲི་མེད་ལྷུན་གྲུབ།
རྩོམ་སྒྲིག་པ།
ལེགས་བཤད་སྨྲ་བའི་ཉི་མ།

ལག་བསྟར་གཙོ་སྒྲིག་པ།
ཧོར་ནག་བརྩོན་འགྲུས་རྣམ་དག འགྱིང་ཚུལ་ཁྲིམས་བསྟན་འཛིན།
རྩོམ་སྒྲིག་ཁོངས་མི།
ཞུ་དགེ་བཤེས་གཡུང་དྲུང་རྒྱ་མཚོ། འབྲོང་ངུ་སྨོན་ལམ་འགྱུར་མེད། གོ་ཤུལ་ཚུལ་ཁྲིམས་རིན་ཆེན། ནང་ཆེན་བསམ་གཏན་གཙུག་ཕུད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།