2015ལོའི«གངས་ཏི་སེ»ལོ་དེབ་གསར་ཐོན།

[ཟླ་ཚེས། 2015-08-07 18:12:01][རྩོམ་པ་པོ། «གངས་ཏི་སེ»རྩོམ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

739708913574948916.jpg
སྔོན་འགྲོ།

     སྲིད་པ་གོ་ལའི་སྒང་མགོ་ནས་འོད་ཐིག་ཅིག་མཆེད་པ་མི་ཡུལ་ལ་ལྷུང་སོང་། སླར་ཡང་འོད་ཐིག་ཅིག་ལྷུང་བ་དེར་ང་ཚོས་ཁྱོད་ཚོ་སད་པའི་འབོད་བརྡ་ཞིག་ཏུ་འགྱུར་བ་རེ་སྙེག་བྱེད་བཞིན་ཡོད། སྨོན་ལམ་དེ་ནི་གཤེན་རབ་མི་བོའི་སྒལ་ཚིགས་ཏེ་འགྲོ་བའི་དོན་སྟོབས་ཀྱིས་བཏེགས་པའི་སྒལ་ཚིགས་ཡིན། སྣང་གསལ་མི་མཇེད་ཀྱི་འཇིག་རྟེན་གཞུང་ནས་ཟེར་མདངས་ཤིག་འཕུར་ཏེ་ང་ཚོའི་སྤྱི་གཙུག་ན་འཚེར་སོང་། དེ་ནི་གཉའ་ཁྲི་བཙན་པོའི་སོག་པ་སྟེ་བསྟན་པའི་བླ་ཤུགས་ཀྱིས་བཅགས་པའི་སོག་པ་ཡིན། དེ་ནི་དེ་ལྟར་མི་ཡུལ་དུ་ཟགས་པའི་བྱིན་རླབས་ཤིག་སྟེ། ཁ་དོག་དང་རླན་དྲོད་བཅས་ཟགས་མྱོང་བ་ཞིག དེ་ནི་དེ་ལྟར་མི་ཡུལ་དུ་བབས་པའི་བྱིན་རླབས་ཏེ། དངོས་གྲུབ་དང་བདུད་རྩིའི་ཚུལ་དུ་ཟགས་མྱོང་། སླར་ཡང་ཉམས་རྟོགས་ཤིག་གི་དོན་དུ། སྐྱེ་བོ་དག་གི་ཆེད་དུ། ང་རུས་པ་སྲ་འཁྲེགས་ཀྱི་གཤེན་རབ་ཚུལ་དུ་ཁྱེད་ཀྱི་དད་པའི་ཀློང་ན། སྤྱན་གྱི་ཁམས་ལ། ཤེས་རབ་ཀྱི་སྤོ་ན། གངས་རིའི་པང་ན།

རྩོམ་སྒྲིག་པས།

45689880201646524.jpg

དཀར་ཆག
ཏི་སེའི་ཕ།

ཨབ་གྷན་ནི་སི་ཐན་ལས་འཕྲོས་ཏེ་སངས་རྒྱས་ཀྱི་སྐུ་བརྙན་གྱི་ཁུངས་གླེང་བ། ཀ་ཤུལ་བསོད་རིན།
གནའ་བོའི་བོན་ལུགས་དང་འབྲེལ་ཏེ་ཐོན་མིའི་སུམ་རྟགས་ཀྱི་གཞུང་སྐོར་ལ་དཔྱད་པ། ཁྲི་གཡུང་དྲུང་།
ཀོང་ཙེ་འཕྲུལ་རྒྱལ་དང་འབྲེལ་བའི་གནད་དོན་འགའ་ཞིག་གླེང་བ། ཐུབ་བསྟན་ཕུན་ཚོགས།
གངས་ཏི་སེ་དང་འབྲེལ་བའི་རྒྱ་གར་གྱི་ཆོས་ལུགས་རིག་གནས། ཤེས་རབ་གོ་ཆ།
གླིང་གེ་སར་རྒྱལ་པོའི་རིགས་དང་འཁྲུངས་ཡུལ་ལ་རགས་ཙམ་དཔྱད་པ་ཞེས་པའི་ལན་དུ་བརྗོད་པ། རབ་བརྟན་དགེ་ལེགས།

ཏི་སེའི་མ།

རང་ཅག་གི་ཤེས་ཡོན་དང་དེ་ལ་ཐོབ་འོས་པའི་དཔལ་འབྱོར་གྱི་གནད་དོན་སྐོར་ནས་བཅར་འདྲི། བཅར་འདྲི་ཞུ་མཁན་གླིང་སྲས། ལན་མཁན་གནང་མཁན་སྡེ་དགེའི་ཟླ་ཡག
སྒྲ་ཚད་ཟུང་འབྲེལ་མེད་ན་དོན་གྱིས་སྟོང་། རོང་བོ་བློ་གྲོས་བརྟན་པ།
མཐོ་སྒང་གི་སྐར་མ་འོད་ཆེན་ཞིག་བདུད་ཀྱི་གྲི་ལ་གུམ་ཚུལ། ཁྭ་ཤེས་རབ་རྒྱ་མཚོ།
དྲིན་ཕ་མ་ཉི་ཟླ་རྙེད་མེད་རེད། སེང་རྡོར།
ལྷ་བླའི་ཆོ་འཕྲུལ་དང་མི་རིགས་ཀྱི་འགལ་རྐྱེན། བྱ་འཕུར་ལྷུན་འགྲུབ་རྒྱ་མཚོ།
འུ་ཅག་ཚོའི་སེམས་ཀྱིས་གནོན་དགོས་པའི་སྐད་ཆ། རྨེའུ་དྲི་ཟ།

ཏི་སེའི་བུ།

ཁ་བའི་མེ་ཏོག་ལ་བསྐུར་བའི་སེམས་འདུན། ལྷོ་ཕྱོགས་ཕོ་ཉ།
སེམས་ཀྱི་གཞས་ཆུང་རླུང་ལ་བསྐུར་བ། དཔལ་རྩེ།
རི་བོའི་ཕ་རོལ་ན། དགེ་ཆོས།
ཁ་བ་ཇེ་འབབ་རེད། ཟླ་བསོད་བློ།

________________________________________
གཙོ་གཉེར་སྡེ་ཁག  གངས་ཏི་སེའི་རིག་གནས་རྒྱུད་འཛིན་ཚོགས་པ།

རྩོམ་སྒྲིག་པ།  «གངས་ཏི་སེ»རྩོམ་སྒྲིག་ཚན་ཆུང་།
ཡིག་ཟམ། ZHAXILANGJIA6@163.com2966990864@qq.com

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།