སྙན་དེབ་ཁ་ཚ་པར་དུ་བསྐྲུན་པ།

[ཟླ་ཚེས། 2015-07-29 17:13:10][རྩོམ་པ་པོ། ཁྲ་སྣང་དགའ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

psb (1).jpg
སྔོན་གླེང་།

   སྤྱིར་རྩོམ་པ་པོའི་བླ་དྭགས་གསོལ་ཆོག་པའི་ཡི་གེ་བ་ཞིག་གིས་དེབ་ཅིག་མི་ཡུལ་དུ་འཕུད་པའི་དགོས་པ་ནི་ནག་ནོག་གིས་བསྒྲིབས་པའི་མི་ཡུལ་གྱི་ཁོ་ར་ཁོར་ཡུག་འདིར། དགེ་བ་བསྔོགས་ཤིག་སྡིག་པ་བཀྲུ་བཏུབ་པའི་འགན་འཁྲི་ཞིག་ཅིས་ཀྱང་ལྡན་དགོས་པར་ངེས་ན་ཡང་། ཁོ་བོ་ནི་དེ་ཚོ་ཡི་རྒྱུ་ཚོགས་ཀྱིས་སྒོ་ཀུན་ནས་དབུལ་བ་མ་ཟད་རྩོམ་པ་པོ་ཟེར་བ་དེ་ཡང་མ་ཡིན་ཞིང་། ལས་ཀྱིས་འཕྲད་པའི་ཕ་སྐད་མ་ཡིག་གི་ལམ་ནས་ནང་སེམས་ཀྱི་རི་མོ་ཕྱི་རུ་ཡི་གེའི་ནག་པོའི་གཟུགས་སུ་ཕབ་ཐུབ་པའི་མ་འོངས་པའི་དུས་ཚིགས་དེ་རུ་རྩོམ་པ་པོ་ཞིག་ཆགས་པའི་རེ་བ་འམ་སེམས་འདུན་རྐྱང་པ་ཞིག་གིས་རྐྱེན་པས། འདི་ལོར་རང་ཉིད་ཀྱི་འཚོ་བའི་བར་གསེང་ནས་ལ་བཤད་ལུང་བཤད་བྱས་པའི་ཉོབ་རྩོམ་དག་དེབ་གཟུགས་སུ་བསྐྲུན་པ་འདི་ནི། མི་ཡི་སྤྱི་ཚོགས་ལ་སྨན་པའི་བསམ་པའི་དཔལ་ཡོན་དང་། མི་ཡི་འཚོ་གནས་ལ་ཕན་པའི་དགེ་བའི་ལེགས་སྐྱེས་ཤིག་ཕུལ་ཡོད་བསམ་པའི་སེམས་སྤོབས་རང་རྒྱུད་ལ་ལར་ནས་སྐྱེ་མ་མྱོང་།
   སྙན་རྩོམ་ཡིན་པར་ཆོག་ལ་མ་ཡིན་པར་དེས་བས་ཀྱང་ཆོག་པའི་ཚིག་གི་ཕུང་པོ་འདི་ཉིད་ནི་རང་ཉིད་མི་ཚེ་འདིའི་ཐོག ཡིག་འབྲི་བ་ཞིག་འཆག་པར་རྩོམ་པའི་ཐོག་མའི་དབུ་ཁྱུད་དམ་སྦྱོང་བརྡར་ཙམ་ལས་གཞན་པའི་དམིགས་ཡུལ་ནི་གང་ཡང་མེད་པར་གཟིགས་མོ་བ་ཁྱེད་རྣམས་ཀྱིས་གོང་འཕྲོས་གཏམ་ལ་ཡིད་འཇོག་ཡོད་པར་སྙིང་ནས་གུ། དེབ་འདིའི་ནང་དོན་འདི་ཞེས་ངོས་བཟུང་བྲལ་བ་ཞིག་ཀྱང་ཡིན་ཏེ་རང་གཞན་གྱི་ཚོར་སྣང་ནི་དཀར་པོ་མ་ཡིན་ན་ནག་པོ་ཡིན་པས་ངེས་པ་མ་མཆིས་རྐྱེན། ཁོར་ཡུག་གཅིག་གི་མི་ཡི་སྤྱི་རྒྱུགས་ཀྱི་སེམས་ཁམས་ཤིག་ལ་མཐུན་དགོས་པའི་ངེས་པ་མེད་ལ། འདི་ནི་གཞུང་ལུགས་ཤིག་གམ། ཡང་ན་མ་ཡོ་མ་འཁྱོག་པའི་ཚད་ཐིག་ཞིག་གིས་གསོས་གདབ་རིན་མེད་པའི་ཚད་དུ་ཡོད་པ་ནི། དོགས་ཚོམ་མི་དགོས་ཀྱང་མི་རང་ག་བ་ཞིག་གི་སྡུག་ཕུང་སྟངས་ཤིག་གམ་མི་ཚེ་བསྐྱལ་སྟངས་ཤིག་ཡིན་པས། ཁྱེད་ཚོར་རིན་ཐང་ཁབ་སྐུད་ལས་ཆུང་ཡང་། ཁོ་བོར་དགེ་ཕན་རི་རབ་ཙམ་སྒོམ་ཡོད། གང་ལྟར་རང་ཉིད་ལ་རིག་གནས་ཀྱི་ཆུ་ཚད་དང་སྤྱི་ཚོགས་ཀྱི་གོ་རྟོགས། ནམ་རྒྱུན་ཐོས་བརྩོན་གྱི་ཁ་སྟབས་མི་ཡི་གཤིས་ཀ་གང་ལ་གཞིགས་ཀྱང་སྙན་དེབ་བསྐྲུན་པའི་མི་བུ་ཚད་ལྡན་ཞིག་མ་ལོན་ཡང་། རང་ཉིད་རང་གིས་ཚོད་རྒྱུགས་ལེན་ཕྱིར་དེབ་ཆུང་འདི་ཉིད་སྒོར་ཕུད་པ་ཡིན་ནོ།།

༢༠༡༥ལོའི་ཟླ་བ་༥པའི་ཚེས་༡༩ཉིན་ཁྱུང་ཡུལ་ནས་བྲིས།

01.jpg
02.jpg03.jpg
04.jpg05.jpg

དཀར་ཆག 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།