༢༠༡༥ལོའི་༼ ཁ་བ་ལུང་རི་ ༽འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2015-02-11 13:44:44][རྩོམ་པ་པོ། ཀླུ་གཅིག དགེ་བློ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

01.jpg
མདུན་རྒྱབ་ཀྱི་པར་རིས།
02.jpg03.jpg
དཀར་ཆག
ངོས་སྦྱོར་དང་། གསལ་བརྡ།

   ཁ་རྩང་དེ་རིང་། དགོན་པ་དང་སྤྱི་ཚོགས་ན་དུས་དེབ་འདྲ་མི་འདྲ་བཅོ་བརྒྱད་ཡོད་ལ། ཚགས་པར་ཡང་དེ་བཞིན་ཤིན་ཏུ་མང་། མང་སོང་བ་ཙམ་སྐྱོན་ཞིག་མ་རེད་དེ། མང་བ་ཙམ་གྱིས་མི་འགྲིག་པ་ཤེས་དགོས། སྤྱིར་ན་དུས་དེབ་ཅིག་སྒྲུབ་པ་སླ་མོ་མིན་ལ། ལྷག་ཏུ་ཚད་ལྡན་ཞིག་དེ་བས་སླ་མོ་མིན་ནོ།། རེད་དེ། ཁ་རྩང་དེ་རིང་ཤིན་ཏུ་ནས་སླ་ཞིང་། སྒོར་མོ་ཡོད་པ་ཙམ་གྱིས་རྩོམ་སྒྲིག་པ་ཞེས་མིང་རྫིག་པོ་དེ་སྦྱར་ཆོག་ཆོག་རློམ་མཁན་ཤིན་ཏུ་མང་། དེ་དག་གིས་མ་གཞི་འགན་འཁྲི་བོར་འདུག

   དེབ་དང་ཚགས་པར་ཅི་ཞིག་ཡིན་རུང་། ཀློག་པོའི་སེམས་ཁམས་ལ་སྤྲོ་བ་དང་ཡང་ན་བསམ་བློར་ཕན་ཐོགས་ཡོང་དགོས་ཤིང་། སྐྱེད་འབྲས་དེ་དག་མེད་པ་ཡིན་ན། ཡིག་ཉོག་ལས་མ་འདས་པའི་མཚམས་བཞག་ན་ད་རུང་འཕྱི་མེད།

   སྐད་ཆ་བཤད་ཀིན་བཤད་ཀིན་འདིར་ཐོན་དུས། ངེད་ཀྱི་དུས་དེབ༼ཁ་བ་ལུང་རི༽ཞེས་པའི་མགོ་མཇུག་གླེང་དགོས་བྱུང་། དེ་ཡང་། ཁ་བ་ལུང་རི་ཞེས་པ་མི་མགོ་གཉིས་ཀྱིས་ཁོམ་ལོང་གི་བར་གསེང་དང་བསྟུན་ནས་སྒྲུབ་པ་ཡིན་ལ། དང་ཐོག་ཡིན་ན་སྙན་ངག་རྐྱང་བའི་དེབ་ལས་ཐོད་བརྒལ་རང་བཞིན་ཅན་དུ་གཏང་མ་ཐུབ། ཉེ་ལམ་དེ་ལས་བརྒལ་ཏེ་འབོལ་རྩོམ་ཆེད་དེབ་ཏུ་བསྒྱུར་བ་མ་ཟད། རྩོམ་གྱི་བརྗོད་བྱ་དང་གཞན་གང་གི་ཆ་ནས་ཀྱང་། ཀློག་པོའི་ཡིད་ཚིམ་ཤག་ཤག་ཅིག་ཡོང་བར་འབདའབུངས་བླ་ལྷག་འདོན་བཞིན་ཡོད།

   དུས་དེབ་དེ་མྱི་ཞིག་ཡིན་པའི་བཏང་ན། གང་འཇོན་འཇོན་གིས་་བསམ་བློ་པ་ཞིག་སྐྱེད་སྲིད་བྱ་དགོས་པ་ལས། མྱི་སྐད་བཤད་པ་ཙམ་གྱིས་མི་ཆོག དེ་བཞིན་དེབ་ཅིག་དཔར་བ་ཙམ་གྱིས་མི་ཆོག་པར། མིའི་བསམ་བློར་ཕན་ཐོགས་ཀྱི་ནུས་པ་འདོན་དགོས།

   ང་ཚོའི་ཁོར་ཡུག་ལ་རིག་གཞུང་དགག་སྒྲུབ་མཁོ། རིག་གཞུང་དགག་སྒྲུབ་ནི་རིག་གནས་ཀྱི་ལམ་ནས་ཤེས་བྱར་ལྟ་སྟངས་གསར་བ་ཞིག་ཡིན། ང་ཚོར་ཅི་ནས་ཀྱང་མཁོ་བ། རྩོམ་རིག་དགག་སྒྲུབ་སོགས་ཡིན་པས། ད་ཐེངས་དུས་དེབ་འདིར་ཡང་བརྗོད་བྱ་དེ་དག་གིའ་སྲོག་འཚོས་ཡོད་དོ། །

ཞེས་ཁ་བ་ལུང་རི་རྩོམ་སྒྲིག་པས་སྦྱར་རོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།