བོན་གྱི་རྒྱུན་ཤེས་སློབ་གསོ་ལེགས་གྲུབ་བྱུང་བ།

[ཟླ་ཚེས། 2015-01-01 20:39:37][རྩོམ་པ་པོ། ཤེས་རབ་འཁྲུལ་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

14200320917209.jpg

དཀར་ཆག
སྡེ་ཚན་དང་པོ། གཡུང་དྲུང་བོན་གྱི་དྲན་སྐུལ།
སངས་རྒྱས་སྟོན་པ་གཤེན་རབ་ཀྱི་མཛད་རྣམ་དང་འབྲེལ་བའི་གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱི་
ངོ་སྤྲོད་མདོར་བསྡུས་བློ་གསལ་མིག་འབྱེད།
བོན་དང་གཡུང་དྲུང་བོན་སོགས་གླེང་བ།
བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་སོགས་དཔེ་ཆ་ཡི་གེའི་ངོ་སྤྲོད་མདོར་བསྡུས།
བོན་གྱི་གྲོང་ཆོག་པ།
བོན་ལུགས་ལ་མི་ཤི་དུས་དགེ་བ་སྒྲུབ་སྟངས་ཀྱི་ངོ་སྤྲོད།
བོན་གྱི་རྣམ་གྲངས་མདོར་བསྡུས།
མིག་སྲུང་སྐྱོབ་བྱེད་ཚུལ།
སྡེ་ཚན་གཉིས་པ། བོན་སྤྱོད་དགེ་ལས་ཀྱི་རྒྱུན་ཤེས།
སྡེ་མི་སེར་གྱིས་བོན་ལ་སྤྱོད་ནས་དགེ་བ་སྒྲུབ་དགོས་ཚུལ་ནི། གཡུང་དྲུང་བོན་ལ་སྤྱོད་ཚུལ་ནི།
དགེ་བ་ཡང་དག་སྒྲུབ་སྟངས་བླ་མ་སངས་རྒྱས་ཀྱིས་ཞལ་གསུངས།
གཏོ་དང་རིམ་འགྲོ་བཅའ་འདོན་སྐོར་གྱི་དགེ་ལས།
དར་ཅོག་དང་རྡོ་འབུམ་གྱི་དགེ་ལས་སྐོར།
ཡིག་རྨོངས་སེལ་བའི་དགེ་ལས།
རི་བོང་ཅལ་འདྲོགས་བྱས་ན་མཇུག་འབྲས་དབེན། །
སྡེ་ཚན་གསུམ་པ། བོན་གྱི་སློབ་གསོ།
ཆོས་ལུགས་ལ་དད་མོས་བྱེད་ནས་བདེ་སྐྱིད་སྒྲུབ་ཚུལ་ནི།
ལུས་སེམས་བདེ་ཐང་གི་སྒོ་ནས་མི་ཚེ་རིང་དུ་གཏོང་ཐབས་ཡོད།
གསོལ་སྨོན་འདེབས་རྒྱུ་ནི་དོན་དག་གལ་ཆེན་ཡིན།
མི་ཡི་འཚོ་བ་སྤྱོད་སྟངས་ཨང་དང་པོ་ནི་ཞིང་འབྲོག་གི་འཚོ་བ་སྤྱོད་སྟངས་དེ་ཡིན།
མི་སེར་འགའ་ཞིག་གིས་འཚོ་བ་སྤྱོད་སྟངས་ཉེན་ཁ་ཆེ་བའི་གླེང་མོལ།
ཡུས་འབྲོག་གཉིས་ཀྱི་ས་ཟོག་གི་རིན་ཐང་ཤེས་དགོས།
དགོན་པ་དང་མི་སེར་བར་གྱི་གླིང་མོལ།
བཟའ་བཏུང་བྱེད་སྟངས་སྐོར་གྱི་གླེང་མོལ།
བོད་ཀྱི་གཙང་བཙོག་དང་གཙང་སྦྲ་སྐོར་གྱི་གླེང་མོལ།
ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་དེ་དོན་དག་གལ་ཆེན་ཡིན།
སྡེ་ཚན་བཞི་བ། རིག་གནས་ཡོན་ཏན་གྱི་དྲན་སྐུལ།
ཤེས་ཡོན་རིག་གནས་མེད་ན་ཉེན་ཁ་ཆེ།
རིག་གནས་ཡོན་ཏན་གྱི་རིན་ཐང་།
སློབ་གསོ་མེད་ན་ཉེན་ཁ་ཆེ།
མཐུན་འབྲེལ་མེད་ན་ཉེན་ཁ་ཆེ།
སྡེ་ཚན་ལྔ་བ། བྱ་བ་བཟང་ངན་གྱི་དྲན་སྐུལ།
ཡུལ་སྲོལ་བཟང་པོ།
ཡུལ་སྲོལ་ངན་པ།
ཡ་རབ་སྤྱོད་བཟང་མི་ཡི་མཛེས་རྒྱན་ཡིན།
འཕྲུལ་འཁོར་ནི་རྩོད་མེད་ཀྱི་དམར་གསོད་མཁན།
རྒྱན་འཇོག་ནས་ཤོ་སྦག་རིགས་རྩེས་ན་གནོད་པ་ཆེན་པོ་ཡོད།
དུག་རྫས་ཐ་མ་འཐེན་པའི་ཉེས་སྐྱོན།
དགེ་བ་སྒྲུབ་པའི་དུས་ཁྱད་པར་ཅན་ནི།

14200320993993.jpg

   ༧ བོན་གྱི་བླ་སྤྲུལ་དགེ་བཤེས་མཁན་པོ་སོགས་བོན་བསྟན་ལ་ལྷག་བསམ་ཆེ་བའི་མདོ་དབུས་ཁམས་གསུམ་དང་འཛམ་གླིང་གང་སར་བཞུགས་ཡོད་པའི་གྲོགས་པོ་ཚོ། གུས་པའི་༼ བོན་གྱི་རྒྱུན་ཤེས་སློབ་གསོ་༽ཞེས་པའི་དཔེ་དེབ་འདི་གཙོ་བོ་ལྷ་སྡེ་མི་སེར་གྱི་ཆེད་དེབ་ཞིག་ཡིན་ཕྱིར་དེབ་འདི་སྡེ་མི་སེར་གྱི་ཁྲོད་དུ་སྤེལ་ཅི་ཐོབ་ཀྱི་རེ་བ་ཆེ། འདི་ནི་གུས་པའི་ལྷག་བསམ་དུངས་བའི་ཤུགས་ཀྱིས་བསྒྲད་ནས་གཏེགས་ཏེ་མུན་སེལ་གྱི་སྒྲོན་མེ་ཞིག་འགྱུར་བའི་སྨོན་འདུན་ཡོད། དེབ་འདིའི་ནང་དོན་ཆོས་སྲིད་དང་འགལ་བ་གང་ཡང་བྲིས་མེད་ལ་དེབ་འདི་རིན་མེད་པའི་སྒོ་ནས་ཡང་འབུལ་ཐོབ་མ་བྱུང་། འོན་ཀྱང་རིན་གོང་ཆུང་ཆུང་གི་ཐོག་ནས་སྤེལ་བསམ་ཡོད་ལ་ད་རེས་ཐེངས་དང་པོའི་ཐོག་ཚར་གྲངས་མང་པོ་ཞིག་ཀྱང་པར་ཐོབ་མ་བྱུང་། དེས་ན་ཁྱེད་རྣམ་པས་རང་རང་གི་ས་གནས་སྡེ་མི་སེར་གྱི་ཁྲོད་དུ་འགྲེམས་སྤེལ་གྱི་ཐད་ནས་རོགས་རམ་ཡོང་བ་ཐུགས་རྗེ་ཆེ།

འབྲེལ་གཏུག་བྱ་ཡུལ། རིག་རང་འབར་གྱི་ཁ་པར་ཨང་གྲངས།
13628952879 - 18328592788

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།