༢༠༡༤ལོའི་༼ གསས་མཁར་ ༽པར་དུ་བསྐྲུན་པ།

[ཟླ་ཚེས། 2014-11-21 20:37:09][རྩོམ་པ་པོ། ][རྩོམ་ཁུངས། ][ཀློག་གྲངས། ]

མདོ་སྨད་ཟིང་ཆུ་སྐྱང་ཚང་དགོན་བཤད་སྒྲུབ་སློབ་གླིང་གིས་གཙོ་གཉེར་གནང་བའི་རིག་གཞུང་ལོ་དེབ་༢༠༡༤ལོའི་༼  གསས་མཁར་ ༽པར་འགྲེམ་གནང་བ།
其美仁真封面-1.jpg
ལོ་དེབ་ཀྱི་མདུན་རྒྱབ་པར་རིས།
内文确定稿-5.jpg
内文确定稿-6.jpg
དཀར་ཆག
གསས་མཁར་དུས་དེབ་འདོན་པའི་སྔོན་གླེང་།

དགེ་བཤེས་བསོད་ནམས་ཚུལ་ཁྲིམས།

   ༡༽ངེད་ཚོས་(གསས་མཁར) དུས་དེབ་ཞེས་པ་ཞིག་འདོན་སྤེལ་བྱེད་པ་དེ་རང་ཉིད་ཀྱི་མིང་གྲགས་དང་ཁེ་ཕན། ཡང་ན། གཞན་ལ་འགྲན་སློང་སོགས་ཀྱི་ཆེད་དུ་མ་ཡིན་པར། གཙོ་བོ་ནི་ང་ཚོའི་ཁོར་ཡུག་དང་ཆབ་སྲིད་ཀྱི་གནས་སྟང་འདི་ལ་ཐབ་བསྟུན་བྱས་ནས། དེ་ལས་དཔག་པའི་དུས་དེབ་དེའི་སྒུལ་ཤུགས་ཀྱིས་སྤྱི་ཚོགས་ནང་དགོས་མཁོ་དང་ཞབས་འདེགས་ཤིག་བསྒྲུབས་ཐུབ་པ་དང་། ༢༽ མི་རིགས་ཀྱི་བསམ་བློའི་ཁ་ཕྱོགས་གོང་དུ་སྤེལ་ནས་མཐུན་སྒྲིལ་དང་མི་གཤིས་བསམ་བློའི་ཐད་རྨོང་གཉིད་ལས་སད་པར་བསྐུལ་མ་ཐེབ་པ། ༣༽ སྲོལ་རྒྱུན་རིག་གཞུང་སྙིགས་འདོར་བཅུད་ལེན་གྱི་ལམ་ནས་ངོ་སྤྲོད་དང་ལམ་ལུགས་ཡག་པོ་དར་སྤེལ་རྒྱུད་འཛིན་དགོས་པའི་སྐོར་དང་། ༤༽མི་རིགས་གཞན་གྱི་རིག་གནས་དང་ཚན་རིག། དེ་བཞིན་ལེགས་ཆ་གསར་གཏོད་ཁྱད་མཚར་གསར་འགྱུར་བཅས་ནང་འདྲེན་གང་ཐུབ་བྱ་དགོས་པ་དང་། ༥༽གསར་སྐྱེས་རྩོམ་པ་པོ་སྐྱེད་སྲིང་བྱ་རྒྱུའི་ཆེད་དུའང་མ་ཟད། རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་བསམ་བློ་དང་འཚོ་བ་སོགས་ལའང་དུས་དེབ་དེ་བརྒྱུད་ནས་ཞབས་འདེགས་ཞུ་ཐུབ་པ་ཞིག་དང། དེ་འབྲེལ་ང་ཚོའི་རིག་གནས་བཟང་པོ་འདི་རྒྱུད་སྒྲོགས་དང་དར་སྤེལ་གཏོང་བའི་ཕྱོགས་ལ་དམིགས་རྒྱུ་དེ་རེད། མདོར་ན་མི་རིགས་ཀྱི་བསམ་དཔལ་དང་དངོས་དཔལ་གཉིས་ཀར་ཡར་རྒྱས་སྐུལ་འདེད་ཅུང་ཟད་ཡོང་བར་དམིགས་རྒྱུ་དེ་ཡིན།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།