དེབ་གསར་༼གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད༽པར་དུ་བསྐྲུན་པ།

[ཟླ་ཚེས། 2013-09-11 22:09:58][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན་གྱིས་སྒྲིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོན་གྱི་ཞིབ་འཇུག་པ་ཆེན་མོ་མཁས་དབང་དོན་གྲུབ་ལྷ་རྒྱལ་ལགས་ཀྱིས་སྒྲིག་རྩོམ་གནང་བའི་དེབ་གསར་༼གཡུང་དྲུང་བོན་གྱི་གྲུབ་མཐའ་སྤྱི་བཤད༽ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་འགྲེམ་སྤེལ་གནང་བ།
090.jpg
88.jpg
88.jpg

ཉེ་ཆར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཆོས་ལུགས་ཞིབ་འཇུག་སྡེ་ཚན་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གཉིས་མཉམ་སྒྲིལ་གྱིས་བོད་ཀྱི་གྲུབ་མཐའི་རིག་མཛོད་ཅེས་པའི་དཔེ་ཚོགས་ཤིག་རྩོག་སྒྲིག་དང་དཔར་སྐྲུན་བྱེད་རྒྱུའི་རྣམ་གྲངས་ཤིག་འཆར་འགོད་གནང་བ་བཞིན་དཔེ་ཚོགས་དངོས་སུ་དཔར་སྐྲུན་འགྲེམས་སྤེལ་བྱེད་བཞིན་ཡོད། དཔེ་ཚོགས་དེ་བོད་གྱི་གྲུབ་མཐའ་བརྒྱད་ལས་གྲུབ་པ་སྟེ། གཡུང་དྲུང་བོན་དང་རྙིང་མ། བཀའ་གདམས། ས་སྐྱ། བཀའ་བརྒྱུད། ཇོ་ནང་། ཞི་བྱེད། དགེ་ལུགས་བཅས་ཡིན། དཔེ་ཚོགས་འདི་ནི་ཆོས་ལུགས་ཞིབ་འཇུག་ཆེད་ལས་མི་སྣས་རྩོམ་སྒྲིག་གནང་བ་ཞིག་ཡིན་པས་གོ་བདེ་ལ་ཁ་གསལ་བ་གནད་བསྡུས་པའི་རྒྱུན་མཁོའི་ཀློག་དེབ་ཀྱི་ཁྱད་ཆོས་ལྡན་ཡོད་པས་བོད་ཀྱི་གྲུབ་མཐའ་ཁག་རྒྱུས་མངའ་ལེན་པའི་ལས་ལ་འཇུག་པའི་སྐྱེ་བོ་རྣམས་ལ་ཕན་པ་ཆེ། དེའི་ནང་ནས་གཡུང་དྲུང་བོན་གྱི་གྲུབ་མཐའི་སྤྱི་བཤད་དེ་དོན་གྲུབ་ལྷ་རྒྱལ་གྱིས་རྩོམ་སྒྲིག་གནང་བ་དང་ནང་དོན་གཙོ་བོ་ས་བཅད་ཆེན་པོ་བཞི་ལས་གྲུབ་ཡོད་སྟེ། དང་པོ་གཡུང་དྲུང་བོན་གྱི་ལོ་རྒྱུས་མདོར་བསྡུས། གཉིས་པ་གཡུང་དྲུང་བོན་གྱི་ལྟ་སྤྱོད་སྐོར། གསུམ་པ་ཡི་དམ་སྲུང་མ་དང་ཆོ་ག་ཕྱག་ལེན་སྐོར། བཞི་པ་འཆམ་དང་རོལ་མོ་དང་བཅའ་ཡིག་སྐོར་བཅས་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།