«སེམས་ཀྱི་ཉི་མ་ནུབ་པའི་དྲན་དེབ»ཅེས་པའི་དེབ་གསར་ངོ་སྤྲོད།

[ཟླ་ཚེས། 2013-04-26 00:04:52][རྩོམ་པ་པོ། ཤོ་ངག་དབང་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

aaaaaaa.jpg

       ༧ ཞྭ་དཀར་བསྟན་པའི་ཁྱུ་མཆོག ཁྱུང་ཡུལ་འགྲོ་བའི་ལམ་འདྲེན། ཟླ་སྤྲུལ་ཡང་སྲིད་བརྒྱད་པ་༧རིན་ཆེན་ཕུན་ཚོགས་མཆོག་སྐུ་མྱང་འདས་སུ་གཤེགས་ནས་བགྲང་བྱ་གཅིག་འཁོར་ལ་ཉེ་བའི་ཆར། ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་གི་ཁྲི་འཛིན་བླ་མ་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་གང་གི་དགོངས་བཞེད་དང་། གདུལ་བར་བྱ་བའི་དད་འཁོར་དག་གི་ཐུགས་འདུན་བཞིན། «སེམས་ཀྱི་ཉི་མ་ནུབ་པའི་དྲན་དེབ»ཅེས་པའི་སྐུ་དཔར་ཚོན་རིས་སྦྲག་མ་འདི་ཆེད་དུ་བསྒྲིགས་པ་ཡིན་ལ། འདིའི་ནང་དུ། མི་ཕྱད་དད་པའི་གསོལ་འདེབས་ཁག་གི་དབུ་བྱས། གསང་བ་གསུམ་གྱི་མཛད་རྣམ་ཟབ་མོའི་ལུས་བྱས། རྗེས་དྲན་སེམས་ཀྱི་མཆོད་སྤྲིན་དྭངས་མའི་གཞུག་བྱས་ཏེ། མཇལ་དེབ་ཆུང་ངུ་ཞིག་སྤེལ་བའི་དམིགས་འདུན་ནི། རིན་པོ་ཆེ་གང་གི་ཞི་དུལ་སྤྱོད་པ་བཙུན་པའི་མཛད་འཕྲིན་རྣལ་མ་ཡུལ་དུ་བསྟར་བས། ཕྱོགས་བཞུགས་དད་འཁོར་དག་ལ་སྐྱབས་ཀྱི་འདུ་ཤེས་བརྟན་པོར་ཡོང་ཆེད་དང་། བསྟན་སྦྱིན་གང་གི་ཚོགས་བསགས་མཆོད་པའི་རྒྱན་དུ་རློམ་ནས་བགྱིས་པ་ལས། གཞན་ཆེ་སྙན་དྲེགས་པའི་ཀུན་སློང་གིས་སྟོང་བ་ཡིན་ཕྱིར་རྣམ་པར་དཀར་བའི་ལས་སུ་ངེས་པས། མ་འོངས་བསྟན་འཛིན་རྣམས་ཀྱིས་རྣམ་པར་ཐར་བའི་སྤྱོད་བཟང་འདི་ལྟ་བུའི་རྗེས་སུ་ཟློས་པ་གལ་ཆེ་བར་སྙམ།

bbbbbb.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།