ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2020-07-11 20:08:27][རྩོམ་པ་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འཕྲིན་སྟེགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་སྒྲིག་བྱས་པའི་༼ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས་༽དེབ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པ།

   ཉེ་ཆར། ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་སྒྲིག་བགྱིས་ཤིང་། ངེད་སི་ཁྲོན་མི་རིགས་དཔེ་སྐྲུ་ཁང་གིས་དཔར་དུ་བསྐྲུན་པའི་《ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ལོ་རྒྱུས》ད་ལྟ་དངོས་སུ་འགྲེམ་སྤེལ་བྱས་ཡོད་ཅིང་། དེབ་འདིར་ཏང་གི་དབུ་ཁྲིད་བཟང་པོའི་འོག་ཏུ་ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་དབུ་བཙུགས་ནས་བགྲང་བྱ་སོ་བདུན་རིང་གི་འཕེལ་རྒྱས་དང་། ལྷག་པར་དུ་རྫོང་མངའ་ཁོངས་སུ་གནས་པའི་བོན་དང་རྙིང་མ་པ། ས་སྐྱ་པ་དང་དགེ་ལུགས་པ་བཅས་ཀྱི་དགོན་སྡེ་སོ་སོའི་གདན་རབས་དང་བླ་རབས། གནས་རི། དེ་མིན་དགོན་སྡེའི་དོ་དམ་དང་སློབ་གསོའི་ལམ་ལུགས། འཛུགས་སྐྲུན། ཆོས་ལུགས་བྱེད་སྒོ། རིག་གནས་འཕེལ་རྒྱས་སོགས་གཙོ་བོར་བརྗོད་དེ། ཆོས་བརྒྱུད་མི་འདྲ་བའི་དགོན་སྡེ་ཁག་གིས་རྡོག་རྩ་གཅིག་སྒྲིལ་སྒོས་རང་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་རྒྱུན་འཛིན་ཐད་མངོན་པའི་ཕྱག་རྗེས་བརྗོད་ཡོད་དོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།