མཐར་ཕྱིན་སློབ་མའི་དཔྱད་རྩོམ་ཕྱོགས་བསྒྲིགས་པར་སྐྲུན་ལེགས་གྲུབ་བྱུང་བ།

[ཟླ་ཚེས། 2018-09-10 21:56:15][རྩོམ་པ་པོ། རིག་པའི་མེ་ལྕེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་མཐར་ཕྱིན་སློབ་མའི་དཔྱད་རྩོམ་ཕྱོགས་བསྒྲིགས་པར་སྐྲུན་ལེགས་གྲུབ་བྱུང་བ།
1536588000404929.jpg

   འདིར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་མཐར་ཕྱིན་སློབ་མའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས།   དམིགས་བསལ་བའི་རིག་གནས་ཀྱི་སྡིངས་ཆ་ཆེན་པོ་ཞིག་རིག་ལུང་པའི་མཁའ་དབྱིངས་ན་ཤེས་རབ་ཀྱི་མཁའ་དབུགས་གསར་བ་ཞིག་གི་དོད་དུ་མི་འགྱང་བར་འགྲེམ་སྤེལ་བྱེད་ལ་ཉེ།

1536588000138321.jpg
1536588000928195.jpg

   དཔྱད་རྩོམ་འདི་རིགས་ནི་བསྒྱུར་ལམ་སྔགས་དང་གྲོལ་ལམ་རྫོགས་པ་ཆེན་པོའི་བོན་ལ་དོགས་སློང་དང་བསམ་གཞིག་གནང་སྟེ་ད་གཟོད་རྒྱལ་བའི་བཀའ་ལ་ལྟ་བའི་ཕུགས་འདུན་བཅོལ་ཞིང་གནས་སྐབས་སུ་ལུང་ཚད་མའི་བོན་ལ་དགག་པ་རེ་འགའ་མཆིས་ཀྱང་དེ་དག་ནི་བཀའ་དང་ལུང་འགལ་དུ་སོང་བ་རིག་པས་དཔྱད་དེ་དགག་པའི་ཆེད་དུ་དགག་པ་གཏོང་བ་མ་ཡིན་པར།  གནས་ལུགས་ཀྱི་ཉིང་ཁུ་ལ་ཤེས་རབ་ཀྱི་ཟེགས་མ་རབ་ཏུ་བྱུག་པ་ཡིན་པས།

1536588000600981.jpg
1536588000103620.jpg

  དཔྱད་རྩོམ་འདི་དག་ཉིན་འགའ་དང་ཟླ་བ་ཁ་ཤས་ཀྱི་ཡུན་ལ་བྲིས་པ་མ་ཡིན་པར།  མི་ལོ་ཧྲིལ་བོ་བཅུ་ཕྲག་གཅིག་ལ་རྟགས་གསལ་གྱི་གཏན་ཚིགས་བཀོད་དེ་ད་གཟོད་རང་ལུགས་ཀྱི་ཐལ་སྒྲའི་ཚ་ཤེད་བཏོད་པ་ཡིན་ཞེས་བདག་གིས་ཅིས་ཀྱང་གླེང་འདོད་ཆེ།  མདོར་ན།   ངེས་དོན་གྱི་དཔེ་ཆ་བ་ཞིག་ཡིན་ན།  དཔྱད་རྩོམ་གྱི་དེབ་འདི་ཐེངས་གཅིག་མ་བཀླགས་ཚེ་རང་གི་ཤེས་རབ་ལ་རང་གིས་རིག་གནས་ཀྱི་བགོ་སྐལ་བཅད་པ་ཡིན་ཞེས་བདག་གིས་བསྐྱར་དུ་གླེང་སློང་བ་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།