མཛད་རྣམ་འཕར་ཆེན་དཀར་མོ་རྒྱང་གྲགས་ལ་གནང་བའི་ཤིས་ཚིག་གསར་བ།

[ཟླ་ཚེས། 2021-01-22 22:18:07][རྩོམ་པ་པོ། ཤར་རྫའི་རྒྱལ་ཚབ་ཨ་འཇིགས་རིན་པོ་ཆེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཤར་རྫའི་རྒྱལ་ཚབ་ཨ་འཇིགས་རིན་པོ་ཆེས་<<མཛད་རྣམ་འཕར་ཆེན་དཀར་མོ་རྒྱང་གྲགས་>>ལ་གནང་བའི་ཤིས་ཚིག་གསར་བ།

ཐུགས་དབྱིངས་ངོ་བོ་ཀུན་ཏུ་བཟང་པོ་དངོས།།
སྐུ་མཚན་ལོངས་སྐུ་གཡུང་དྲུང་འཆང་ཆེན་དང་།།
གསུང་དབྱངས་གྱེར་སྤུངས་སྨྲ་བའི་སེང་གེ་བཞིན།།
གསང་གསུམ་རྣམ་པར་ཐར་ལ་སྙིང་ནས་འདུད།།

ཕན་བདེའི་དཔལ་གྱུར་དགེ༵་ལེ༵གས་མཛད་འཕྲིན་ཆེ།།
འབད་མེད་ལྷུ༵ན་གྲུ༵བ་བསྐྱངས་བའི་རྣམ་པར་ཐར།།
དད་པ་རྒྱ༵་མཚོ༵ས་ཡིད་ལ་བྱས་ཙམ་གྱིས།།
ཚོགས་གཉིས་རྒྱས་པའི་གསོས་སུ་ཅིས་མི་འགྱུར།།

དུས་གསུམ་རྒྱལ་བའི་ཡེ་ཤེས་འཕྲུལ།།
སྙིགས་དུས་དགེ་བའི་བཤེས་གཉེན་ཚུལ།།
བཟུང་སྟེ་གསང་ཆེན་བསྟན་པ་སྤེལ།།
བོན་བརྒྱ་བླ་མས་ཐུགས་རྗེས་སྐྱོངས།།

བསྟན་འགྲོའི་དཔལ་དུ་སྨིན་པའི་གསང་གསུམ་གྱི།།
རྟོགས་བརྗོད་འཕ༵ར་ཆེ༵ན་དཀ༵ར་མོ༵་རྒྱ༵ང་ནས་གྲ༵གས།།
དམ་པའི་རྣམ་ཐར་ཤེས་ནས་ཐོབ་པ་ཡི།།
དད་གསུམ་འཕེལ་བའི་གཞི་རུ་གྱུར་འདི་དགེ །
    ཞེས་བོན་བརྒྱ་དགོན་པའི་མཁན་ཟུར་དགེ་བའི་བཤེས་གཉེན་དམ་པ་ཡེ་ཤེས་བློ་གྲོས་མཆོག་གིས་མཁས་དབང་བོན་བརྒྱ་རིན་པོ་ཆེའི་རྣམ་ཐར་འཕར་ཆེན་དཀར་མོ་རྒྱང་གྲགས་ཞེས་བརྩམས་པ་ལ་བཀའ་དྲིན་ཆེ་ཞེས་ཞུ་རྟེན་དམངས་སྒོར་སྟོང་གཅིག དར་དང་ཤིས་ཚིག་བཅས་ཤར་རྫའི་རི་ཁྲོད་ནས་ཨ་འཇིགས་ཀྱིས་སྒོ་གསུམ་གུས་ཕྱག་དང་བཅས་ཕུལ་བའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།