འཛམ་གླིང་གི་གཙུག་རྒྱན་ལ་གུས་པས་འདུད།

[ཟླ་ཚེས། 2017-10-01 23:40:20][རྩོམ་པ་པོ། བསིལ་རླུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


2211q.jpg

འཛམ་གླིང་བོད་དང་བོན་འབངས་ཡོངས་ཀྱི་བླ༵།།

དུས་སྙིགས་ལྔ་བདོའི་རིགས་དྲུག་འདྲེན་པའི་མ༵།།

མི་ཡི་གཟུགས་སུ་མངོན་པར་བཞད་མཛད་དམ༵།།

རིས་མེད་འགྲོ་བ་འདྲེན་པའི་མགོན་སྐྱོབས་པ༵།།


བསྟན་འགྲོའི་མགོན་པོ་རྒྱལ་བ་སྨན་རི་རྣམས༵།།

གྱེར་གྱི་རྔ་གསང་མགྲིན་པའི་ཚང་དབྱངས་ལ༵།།

སྙན་པའི་དབྱངས་རྟ་ཐོས་ལ་གུས་པས་ཕྱག༵།

བདག་གི་སྟོན་པ་ཁྱེད་ལ་མོས་པས་འཚལ༵།།


ཁམས་གསུམ་འདྲེན་པའི་དཔའ་བོ་ནོར༵་བུའི་གཙུག།

དུས་གསུམ་བསྟན་པའི་མངའ་བདག་ཉིན་༵སྐར་ལྟར།།

སྒོ་གསུམ་དག་པས་གཞའ༵་ཚོན་མཁའ་དབྱིངས་སྤྲོས།།

སྐུ་གསུམ་རྫོགས་པས་དགོངས་པ་ཨུ༵ད་དུམ་འབར།།


དུས་འཁྲུག་དམག་གིས་རྒོལ་བས་ཕ་མཐར་བགྲོད།།

མེས་བོན་བསྟན་པའི་ཁུར་པོ་འཕྲག་བཞེས་ནས། །

ཕ་མཁར་གསར་དུ་བརྩེགས་ནས་ཕ་སྡེ་བསྡུས།།

འདུས་སྡེ་ཡོངས་ལ་གཡུང་དྲུང་བོན་བསྟན་སྤེལ།།


ཁྱེད་ཀྱི་མཛད་ཕྲིན་ཡར་ངོའི་ཟླ་ལྟར་གསལ།།

ཉིན་མཚན་བར་མེད་གཞན་དོན་ཁོ་ནར་གཟིགས།།

སྐྱེ་འགྲོའི་དོན་ཆེན་མ་ལུས་རབ་མཛད་ནས། །

ཉིས་སྟོང་བཅུ་བདུན་ཟླ་དགུའི་བཅུ་བཞིར་གཤེགས།།


གཤེགས་ཤུལ་བོན་གྱི་བླ་དཔོན་མི་གྲགས་ཚོས།།

དགོན་སྡེ་ཁག་དང་བོན་འབངས་ཡོངས་རྫོགས་ཀྱིས།།

མཆོད་འབུལ་ཚོགས་རྫོགས་དམ་བཅའ་གཏན་པོ་བཟུང།།

དུས་རབ་ཉེར་གཅིག་བགྲངས་བྱ་གྱ་དགུའི་ལོར།།


འགྲོ་དོན་རྫོགས་ནས་ཞིང་ཁམས་གཞན་དུ་བྱོན།།

མ་འོངས་གངས་ཅན་ལྗོངས་ཀྱི་ཉི་མ་ཁྱེད།།

ཁྱེད་ཀྱི་གསེར་ཞལ་མ་མཇལ་ཡིད་རེ་སྐྱོ།།

སྐྱོ་གདུང་དབྱངས་རྟའི་སྙན་དབྱངས་དེང་འདིར་སྒྲོག །


  འཛམ་གླིང་གི་ཉི་མ་ཁྱེད་ནུབ་རིར་ལ་བཞུད་པའི་སྐབས་འཇིག་རྟེན་གྱི་མུན་པ་སེལ་བའི་སྒྲོན་མེ་ཞིག་གཟིམས་སོང་བའི་སྐྱོ་གདུང་ཞིག་གིས་སྣ་དྲངས་ཏེ་དད་པའི་མིག་ཆུའི་དབྱངས་རྟ་འདི་བཞིན་ཕུལ་བས། དགེ་དེས་དཔལ་ལྡན་བླ་མའི་བསྟན་དོན་དོན་ཆེད་རྒྱུན་མི་འཆད་པ་དང་བདག་སོགས་སེམས་ཅན་ཐབས་ཅད་ཐུགས་རྗེའི་ལྕགས་ཀྱུའི་ཀློང་ནས་མི་འདོར་རྒྱུ་རུ་གྱུར་ཅིག ། ༢༡༧//  ༩// ༣༠//ཉིན་གུས་པ་བསིལ་རླུང་གིས་ཕུལ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།