སྟོང་གསུམ་ལྷ་སྐར་སྨན་རི་བ།

[ཟླ་ཚེས། 2017-10-01 23:33:07][རྩོམ་པ་པོ། ཁམས་རྒྱལ་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

6547f97c350c3c9fa2b00fb2507ab19e.jpg

མདོ་སྨད་ཤར་ཁོག་ཡུལ་ལ་རྟ་བདུན་འཆར།།

    བླ་མ་སྐྱབས་ཞེས་ཁྱེའུ་མཚན་ལྡན་འཁྲུངས།།

ས་ཆེན་གོ་ལའི་ཞིང་ནས་ཡར་བཞེངས་ཏེ། །

    རྒྱལ་ཁམས་འོད་ཀྱིས་ཁྱབ་པར་ཨེ་མ་རྨད།།

 

  

   ཤར་གྱི་ཡུལ་ནས་རིག་པའི་སྟ་གོན་མཛད།།

   རིག་ལྡན་སྐྱེས་བུའི་ཚལ་ནས་འདབ་ལག་སྨིན།།

མཚན་ལྡན་དགེ་བའི་བཤེས་ཀྱི་མཚན་བསྣམས་དུས།།

སྟོན་པ་ཁོང་ཉིད་ད་དུང་ཨ་མདོར་ཡོད།།


  ཞབས་ཀྱི་པད་མོ་དབུས་གཙང་ཡུལ་ལ་ཕྱོགས།།

  འབྲས་སྤུངས་ལ་སོགས་ཁ་བ་གངས་ཅན་གྱི།།

  རིས་མེད་གྲྭ་སར་འགྲིམ་པའི་རྣམ་དཔྱོད་ཀྱིས།།

  གང་གི་སྙན་པ་ལྷུན་པོའི་སྤོ་ལས་མཐོ།།


   རྒྱལ་བསྟན་གངས་ཀྱི་ཉི་མ་རྟག་འཆར་ཕྱིར།།

   རི་བོ་ཧི་མ་བརྒལ་བའི་ཐུགས་སྤོབས་ཀྱིས།།

   མཁན་སློབ་ཉི་ཟླའི་མཛད་པ་ཟུང་གཅིག་གིས།།

   གཤེན་བསྟན་གསེར་གྱི་རྒྱལ་མཚན་སླར་ཡང་བཞད།།


   དབྱིན་ཇི་ལ་སོགས་མཐའ་བཞིའི་རྒྱལ་ཁམས་ནས།།

   སློབ་ཆེན་རིམ་པའི་སྒོ་ཐེམ་རིམ་བརྒལ་ནས།།

   ས་སྟེང་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་སྟེ།།

   གཡུང་དྲུང་བསྟན་པའི་ཀ་བ་གང་སར་བཙུགས།།


ཉིན་མཚན་དབྱེར་མེད་བསྟན་འགྲོའི་ལས་ཀྱི་དོན།།

གཡུང་དྲུང་བསྟན་པར་གནང་བའི་མཛད་འཕྲིན་ཅན།།

སྐྱབས་ཀྱི་ཉི་མ་སྐྱབས་མཆོག་གང་ཉིད་ཀྱི།།

སྐུ་ཡི་མཛད་པ་གངས་ཅན་བོན་ལ་དབང་།།


 དེ་ལྟར་སྐྱབས་མཆོག་བསྟན་པའི་ཉི་མ་བ།།

ས་ཆེན་འདི་ལ་མ་དབང་ཞིང་གཞན་ཏེ།།

ཐུགས་ཀྱི་ཕྱོགས་པ་འགྲོ་ཁམས་གང་ཡིན་ཡང་།།

སྐྱབས་མཆོག་བླ་མས་རྠེས་སུ་འཛིན་པར་ཞུ།།  

  ཞེས་པ་འདི་ནི་རྗེ་སྨན་རི་བའི་དགུང་ཞག་གཉིས་པའི་དུས་ཚིགས་ལ་ཁམས་བུ་འབོར་སྒང་ནས་གྲྭ་པད་མ་གཡུང་དྲུང་མིང་ཅན་ནས་བྲིས་པས་དགེ་འདི་ཕ་མ་རིགས་དྲུག་ཡོངས་ལ་བསྔོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།