རྒྱལ་བ་སྨན་རི་བ།

[ཟླ་ཚེས། 2017-09-24 11:19:33][རྩོམ་པ་པོ། སྨིན་སྨྱུག་ལག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1bda74be982284ef43c22b4a687bda6b.jpg

མཉམ་མེད་བླ་མའི་ཐུགས་ཚབ་འཛིན་པའི་སྡོང་པོ་མཆོག།

འགྲོ་འདུལ་བསྟན་དོན་མཛད་འཕྲིན་ཕྱོགས་བཅུར་མངའ་བ་ཡི།།

རང་ཡུལ་འགྲོ་བའི་ཡིད་ཀྱི་དད་མདུན་རྒྱས་བྱས་ཏེ།།

ཁྱེད་ཀྱི་ཉེར་དྲུང་དྲི་མེད་དར་གྱི་མེ་ཏོག་གཏོར།།

བདེ་སྐྱིད་དཔལ་གྱིས་དལ་འབྱོར་རྟེན་གྱི་ཕུང་པོ་སྤུད།།

བྱམས་བརྩེ་ཉི་མས་འགྲོ་བ་དྲུག་གི་སྨག་པ་སེལ།།

སྐྱེས་ཆེན་ཟེར་འབྲུ་མཐའ་བྲལ་མཁའ་དབྱིངས་དགུང་ལ་འཕགས།།

བདག་དང་བདག་གི་དུག་ལྔའི་མེ་ཏོག་སྒོ་ནས་ཕུད།།

རྣམ་རྟོགས་མཚོ་མོ་ཐུགས་རྗེ་འོད་ཀྱིས་སྐམ་པ་བྱས།།

ཁྱབ་གདལ་ངོན་ཟིན་སངས་རྒྱས་སྟོང་དང་མཉམ་པ་སྟེ།།

དུག་ལྔའི་གཟུགས་ཕུང་གདོད་ནས་དོར་བའི་རྒྱལ་བ་ཉིད།།

མི་རྟག་ཚུལ་བསྟན་དགོང་པ་བོན་གྱི་དབྱིངས་ལ་གཤེགས།།

འགྲོ་དྲུག་འབུམ་གྱིས་ཀྱི་ཧུད་མིག་ཆུའི་མཚོ་མོ་འཁྱིལ།།

མྱ་ངན་སྐད་ཀྱིས་མཐའ་སྟོང་མཁའ་དབྱིངས་གང་བར་བྱས།།

བོན་འབངས་ཡོངས་ཀྱིས་གདུང་མཆོད་བྱས་ཏེ་མཆོད་པ་བཤམས།།

དྲི་བསུང་འཐུལ་བའི་སྤུས་གཙང་དུ་མར་མེ་ལྕེ་སྒྲོན།།

2017.9.17.ཉིན་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།