རྩེ་དྲུག་དགོན་པའི་དམྱལ་འཆམ་ངན་འགྲོའི་སྒོ་གཅོད་ཀྱི་མཛད་རིམ་ཁག

[ཟླ་ཚེས། 2017-04-15 17:12:39][རྩོམ་པ་པོ། སྒྲུབ་ཆེན་གོ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཞང་ཞུང་སྒོ་པའི་ལྟེ་གནས་ཁྱུང་པོ་རྩེ་དྲུག་དགོན་སུམ་པ་གླང་གི་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གླིང་གི་༼དམྱལ་འཆམ་ངན་འགྲོའི་སྒོ་གཅོད་ཀྱི་མཛད་སྒོ་༽ཆེན་མོའི་འདུ་ཚོགས་ཀྱི་མཛད་རིམ་ཁག

222a.jpg

༡༽ 2017ལོའི་སྤྱི་ཟླ་བདུན་པའི་ཚེས་གཉིས་དང་བོད་ཟླ་ལྔ་པའི་ཚེས་དགུ་ཉིན་ཁྲོ་བོའི་སྨན་སྒྲུབ་ཆེན་མོའི་ཕྱི་རྟེན་སྐོས་ཀྱི་བསྙེན་པ་སྟེ་རྒྱལ་ཐོ་འཛུགས་པ་དང་། དུས་མཚུངས་སུ་ཚོགས་ཁག་གཞན་ཀྱང་རྒྱན་དགོད་འགོ་བཟུང་རྒྱུ།

༢༽ སྤྱི་ཟླ་བདུན་པའི་ཚེས་དགུ་ནས་བཅོ་བརྒྱད་བར་དང་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ནས་ཉེར་བཞི་བར་༼ཞང་བོད་རིག་གཞུང་འཆད་རྩོད་ཆེན་མོ་༽འཚོགས་རྒྱུ།

༣༽ སྤྱི་ཟླ་བདུན་པའི་ཚེས་བཅུ་བདུན་དང་བོད་ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་ཕྱོགས་ཁག་གཞན་གྱི་བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་ཕེབས་བསུ་ཞུ་རྒྱུ།

༤༽ སྤྱི་ཟླ་བདུན་པའི་ཚེས་བཅུ་དགུ་དང་བོད་ཟླ་ལྔ་པའི་ཚེས་ཉེར་དྲུག་ཉིན་རྒྱུན་ལྡན་གྱི་གར་འཆམ་གཟིགས་མོར་འབུལ་རྒྱུ།

༥༽ སྤྱི་ཟླ་བདུན་པའི་ཚེས་ཉི་ཤུ་དང་བོད་ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན་ཞི་ཁྲོའི་ཁྲིད་འཆམ་མམ་༼དམྱལ་འཆམ་ངན་འགྲོའི་སྒོ་གཅོད་༽འཆམ་རྒྱུ།

༦༽ སྤྱི་ཟླ་བདུན་པའི་ཚེས་ཉེར་གཅིག་དང་བོད་ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན་ཁྲིད་འཆམ་གྱི་གནས་འདྲེན་ཆེན་མོ་དང་།
ཕྱི་དྲོར་ཚོགས་ཆེན་འདུ་ཁང་གི་སྦྱིན་བདག་ཁག་ལ་ལེགས་གསོལ་གཟེངས་རྟགས་གནང་རྒྱུ།

༧༽ སྤྱི་ཟླ་བདུན་པའི་ཚེས་ཉེར་གཉིས་དང་བོད་ཟླ་ལྔ་པའི་ཚེས་ཉེར་དགུ་ཉིན་དད་ལྡན་མང་ཚོགས་ལ་བཀའ་དབང་གནང་རྒྱུ།

༨༽ སྤྱི་ཟླ་བདུན་པའི་ཚེས་ཉེར་གསུམ་དང་བོད་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་རྗེས་བྱ་བཀྲ་ཤིས་གསོལ་རྒྱུའི་རིམ་པ་བཅས་སོ།།

2017ལོའི་4ཚེས་4ཉིན་སྒྲུབ་ཆེན་གོ་སྒྲིག་ཚོགས་ཆུང་ནས།

1505189749576539.jpg

1505189471113754.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།