དཀྱིལ་འཁོར་སྒོ་ཡི་ཁྱུད་འགྲམ་ལོགས་གསུམ་སྐོར་ཞིག་ཟུར་དུ་གླེང་བ།
[ཟླ་ཚེས། 2025-11-17 10:17:15][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དབལ་མོ་ལས་ཐིག་རྒྱུད་ལྟར་དཀྱིལ་འཁོར་སྒོ་ཡི་ཁྱུད་འགྲམ་ལོགས་གསུམ་སྐོར་ཞིག་ཟུར་དུ་གླེང་བ།

སྤ་གཏེར་ཁྲོ་རྒྱུད་དབལ་མོ་ལས་ཐིག་གི་དགོངས་དོན་སྐྱབས་ཀྱི་སྟོན་པས་བཀྲལ་བ་ལྟར་གྱི་དབང་ཆེན་ཁྲོ་བོའི་དཀྱིལ་འཁོར།
དགེ་བཤེས་བསྟན་འཛིན་རྣམ་རྒྱལ།
[གནད་བསྡུས] དཀྱིལ་འཁོར་གྱི་སྒོ་འབྲི་སྐབས་དབྱིབས་འདྲ་མིན་དང་ལྷག་པར་སྒོ་ཁང་ངམ་གློ་འབུར་ལ་སྒོ་ཁྱུད་དང་སྒོ་འགྲམ་སྒོ་ལོགས་ཞེས་ཆ་གསུམ་དུ་ངོས་འཛིན་ཡོད་པ་ལྟར་ཁྲོ་རྒྱུད་དབལ་མོ་ལས་ཐིག་གི་དགོངས་དོན་སྐྱབས་སྟོན་གྱི་ཁྲོ་འགྲེལ་དུ་གསལ་བ་གཞིར་བྱས་ཏེ་དཔྱད་གླེང་ཞུས་ཡོད།
[གནད་ཚིག] སྒོ་ཁང་། སྒོ་དབྱིབས། ཁྱུད་འགྲམ་ལོགས་གསུམ།
དེ་ལ་གཞི་རྐང་བོན་ལུགས་དཀྱིལ་འཁོར་སྒོ་ཡི་སྐོར་ཁུངས་བཙུན་ཞིང་གྲགས་ཆེ་བ་མདོ་གཟེར་མིག་གི་ཀློང་རྒྱས་དཀྱིལ་འཁོར་སྐབས་ཀྱི་སྒོ་དང་། གཤེན་དང་སྤ་ཡི་གཏེར་མ་རྒྱུད་རྣམ་དག་གི་དགོངས་དོན་སྒོ་ཐིག་བཅུ་དྲུག་ཅན་དང། འདིར་གླེང་བྱ་སྤ་གཏེར་དབལ་མོ་ལས་ཐིག་རྒྱུད་དོན་༼འདི་རྒྱུད་རྣམ་དག་དང་མཐུན་ཡང་སྒོ་ཁྱུད་སོགས་འདིར་རྒྱས་པར་གསལ༽བཅས་གཙོ་གནད་དུ་མཐོང་ཞིང་། གོང་མ་གཉིས་ཡོངས་སུ་གྲགས་པས་འདིར་གླེང་གཞི་ཙམ་ལས་གཞན་ནས་མཁྱེན་རྒྱུ་དང་། ཕྱི་མ་འདི་ཉིད་ད་སྔོན་སྐྱབས་སྟོན་གྱིས་ཁྲོ་འགྲེལ་དུ་བཀྲལ་འདུག་པ་དེ་ཙམ་ལས་ཡོངས་གྲགས་སུ་མཇལ་རྒྱུ་དཀོན། མ་གཞི་རྒྱུད་རང་དུ་ཁ་གསལ་པོར་བསྟན་པས་གོ་དཀའ་བ་དེ་ཙམ་མེད་ན་ཡང་། ནམ་རྒྱུན་ཁྲོ་བོའི་དཀྱིལ་འཁོར་མཁས་བཞིའི་ཕྱག་བཞེས་སམ་ལས་ཐིག་གསང་བའི་འགྲེལ་བའི་དགོངས་དོན་དེ་ཉིད་ཁྱབ་ཆེ་བ་ལྟར་དེང་གི་ཆར་རྒྱུད་དོན་འདི་ཉིད་ཅུང་ཟད་གབ་པའི་ཚུལ་དུ་བཞུགས་པ་མིན་ནམ་སྙམ་ཞིང་། གང་ལྟར་རྒྱུད་དོན་འདི་ལ་འདོད་སྣམ་སོགས་ཀྱི་ཚད་གཞན་དང་མི་འདྲ་བ་དང་ཕ་གུ་ལྟ་བུ་ཐིག་རྩ་གཞན་དུ་དེ་ཙམ་མི་གསལ་བ། ཁྱད་པར་སྒོ་ཡི་ཁྱུད་འགྲམ་ལོགས་གསུམ་གྱི་ངོས་འཛིན་ཁ་གསལ་ཅན་དུ་བཞུགས་པ་འདི་དག་དཀྱིལ་འཁོར་གང་ཞིག་ལའང་ཁུངས་དང་དཔྱད་གཞི་གལ་ཆེན་དུ་སྣང་བས་འདི་ལྟར་ཟུར་དུ་གླེང་བ་ནི་མཁས་པ་གོང་མ་རྣམས་ཀྱིས་ཁོ་བོར་བགོ་སྐལ་ཚུལ་དུ་བཞག་པ་ལྟར་སྤྲོ་དགས་ལག་ཏུ་ལེན་པ་ལ་ཞུགས་སོ། །

དབལ་མོ་ལས་ཐིག་རྒྱུད་ལྟར་གྱི་སྒོ་ཡི་ཁྱུད་འགྲམ་ལོགས་གསུམ།
དེ་ཡང་སྤྱིར་ན་རྒྱུད་འདིར་ཞི་ཁྲོ་ཟུང་གི་དཀྱིལ་འཁོར་མཉམ་དུ་བསྟན་པ་དང་དེ་དག་ལས་ཞི་ཁྲོ་གཉིས་ཀར་མཚུངས་པའམ་མི་མཚུངས་པའི་ཁྱད་པར་སོགས་མང་དུ་བསྟན་པ་རྣམས་རྒྱུད་དང་སྐྱབས་སྟོན་ཁྲོ་འགྲེལ་ཟུང་འབྲེལ་གྱིས་ཤེས་དགོས་རྒྱུ་དང་། འདིར་སྒོ་ཡི་སྐོར་ལ་རྒྱུད་ནས་རྩིག་པ་སོགས་བསྟན་པའི་རིམ་པ་དང་ལྷན་དུ་སྒོ་ཡི་ཁྱུད་འགྲམ་ལོགས་གསུམ་བསྟན་ཞིང་དེའི་ཤུགས་ལ་སྒོ་ཡི་དབྱིབས་གང་ཞིག་ཡིན་པ་ཡང་ཤེས་ཐུབ་པ་འདུག །དེ་ཡང«ཁྲོ་རྒྱུད་དབལ་མོ་ལས་ཐིག»ལས། “པན་ཙ་ར་གའི་ནང་ནས་ནི། །དཀར་དང་དམར་དང་སེར་བ་དང་། །ལྗང་དང་སྔོན་པོ་རིམ་པ་བཞིན། །སྤེལ་ལ་ངོས་ཀྱི་ནང་དུ་ནི། །སྒོ་འགྲམ་ལོགས་ཀྱི་ནང་དུ་བྲི། །༼སྐྱབས་སྟོན་ཁྲོ་འགྲེལ་དུ་རྒྱུད་ཚིག་དྲངས་པ། སྒོ་ཁྱུད་འགྲམ་དང་ལོགས་སུ་བྲིས། །ཞེས་གསལ་བ་ལྟར་ཁྱུད་འགྲམ་ལོགས་གསུམ་མཉམ་དུ་གསལ་ལ་འདི་ལ་མ་ཕྱི་མི་འདྲ་བ་ཡོད་སྙམ༽ཡ་ཕུབས་ཐད་དཀར༼ཀར༽དེ་བཞིན་མིན། །”1. ཞེས་པན་ཙ་ར་ག་༼འདི་ལ་གཞན་དུ་པཉྩ་རེ་ཁཱ་བྲིས་འདུག །༽ཞེས་རིན་ཆེན་སྣ་ལྔའི་རྩིག་པ་དང་། དེའི་གོ་རིམ་ཡང་ནང་ནས་རིམ་པར་དཀར་དམར་སེར་ལྗང་སྔོན་པོ་བཅས་ཀྱིས་སྒོ་ཁང་གི་ཁྱུད་འགྲམ་ལོགས་གསུམ་འཁོར་བར་འབྲི་དགོས་པ་དང་། དམིགས་བསལ་སྒོ་ཐོད་དམ་སྔུན་ནས་འཁོར་བར་མི་དགོས་པ་༼ཁྱུང་སྤྲུལ་དཀྱིལ་འཁོར་ཐིག་རྩའི་ནང་དུའང་འདི་བཞིན་ཁུངས་སུ་གནང་འདུག །༽ཡང་བསྟན། རྒྱུད་འདིའི་དགོངས་དོན་དང་དངོས་སུ་མཐུན་པ་གཞན་ཞིག་ནི། གཤེན་གཏེར«དྲེལ་དམར་གཟེར་བུ»ལས། “སྒོ་བཞི་ཕྱོགས་དང་མཐུན་པར་བྱ། །འཁྱུད་དང་འགྲམ་དང་ལོགས་སྣམ་བུ། །ཡེ་ཤེས་ལྔ་ལྡན་འབྱུང་བས་བསྐོར། །” 2. ཞེས་དང་དེ་མཚུངས་དྲེལ་དམར་རྒྱུད་འགྲེལ་དུའང་གསལ།
འོ་ན་དེའི་སྒོ་ཡི་ཁྱུད་འགྲམ་ལོགས་གསུམ་སྒོ་འམ་སྒོ་ཁང་གི་གནས་གང་དང་གང་ལ་ངོས་འཛིན་དགོས་སམ་སྙམ་ན། «ཁྲོ་རྒྱུད་དེ་ཉིད»ལས། “སྒོ་ཁྱུད་ཕྱི་རིམ་བར་རྣམས་ཀྱི། །ཆ་ནི་ལྷ་མོའི་ཕྲེང་བའི་སར། །བཅད་དེ་འགྲམ་གྱི་ཡར་ཟུར་གྱི། །རྒྱབ་ཀུན་ལྷ་མོའི་ཁྱམས་ཕྱེད་ས། །རིན་ཆེན་ཕ་གུའི་སར་བཅད་དོ། །ལོགས་ཀྱི་ཕྱི་ཡི་ཆ་ཀུན་ལ། །ཕ་གུའི་ཚད་གཉིས་ར་བ་དང་། །དྲྭ་ཕྱེད་ས་རུ་བཅད་པར་བྱ། །ལོགས་ཀྱི་ཕ་ལོགས་དེ་དང་ནི། །ཕུགས་ཀྱི་འཁོར་ཕྱོགས་བར་དུ་ཡང་། །རིན་པོ་ཆེ་ཡི་ཕ་གུའི་ཚད། །ནམ་མཁའ་སྟོང་པའི་སར་བཅད་དོ། །” 3. ཞེས་སྒོ་ཁྱུད་ནི་རྩིག་པའི་ཕྱི་རུ་ལྷ་མོའི་ཕྲེང་བ་སྟེ་འདོད་སྣམ་ལ་སྣམ་ཞེང་གཉིས་བྱས་པའི་ཐད་ཀའི་ཆ་ལ་ངོས་འཛིན་པ་དང་། སྒོ་འགྲམ་ནི་འདོད་སྣམ་གྱི་ཕྱི་རུ་ཕ་གུ་དང་དེ་ཡང་ལྷ་མོའི་ཁྱམས་ཕྱེད་དེ་སྣམ་ཞེང་གཅིག་བྱས་པའི་ཐད་ཀའི་ཆ་ལ་ངོས་འཛིན། སྒོ་ལོགས་ནི་ཕ་གུའི་ཕྱི་རུ་དྲྭ་བ་དྲྭ་ཕྱེད་དང་དེ་ཡང་ཕ་གུའི་ཚད་གཉིས་ཏེ་སྣམ་ཞེང་གཉིས་བྱས་པ་དང་དེའི་ཕྱི་རུ་ནམ་མཁའ་སྟེ་ཕ་གུའི་ཚད་དེ་སྣམ་ཞེང་གཅིག་བཅས་ཀྱི་ཐད་ཀའི་ཆ་ལ་ངོས་འཛིན་མཛད་འདུག །
འོ་ན་སྒོ་ཡི་ཁྱུད་འགྲམ་ལོགས་གསུམ་དེ་ལྟར་བྱས་ཚེ་སྒོ་འབྲི་དུས་དབྱིབས་ཡོངས་གྲགས་གྲོག་སྒོ་དང་ཕག་སྒོ་ཟེར་བ་དེ་གཉིས་གང་རུང་ཡིན་ནམ་འོན་ཏེ་དེ་ལས་གཞན་པ་ཞིག་ཡིན་ནམ་ཞེ་ན། དེ་ནི་གྲོག་སྒོ་ལྟར་ཡིན་པ་ཡང་དཔེ་རིས་དང་སྦྲེལ་ཏེ་ངོས་འཛིན་བྱས་ན་སླ་མོར་རྟོགས་ཐུབ། དེ་ཡང་མདོར་བསྡུས་ཏེ་བཤད་ན་སྒོ་ཁང་ངམ་གློ་འབུར་རྣམ་ཅན་གྲོག་སྒོ་ལྟར་སྒོ་ཁང་ཕྱིར་འཕར་བའི་རྩིག་པ་ལ་ལྷུའམ་ཆ་གསུམ་ཡོད་པའི་སྒོ་ཡི་གཡས་ཟུར་གཡོན་ཟུར་ནས་མདུན་དུ་ཕྱིར་འཕར་བའི་ངོས་གཉིས་ལ་སྒོ་ཁྱུད་དང་། དེའི་སྣ་ནས་གཡས་གཡོན་གྱི་ཕྱོགས་གཉིས་སུ་དཀྱོག་པ་གཉིས་ལ་སྒོ་འགྲམ། ཡང་བསྐྱར་དེའི་གཡས་གཡོན་སྣ་ནས་མདུན་དུ་དཀྱོག་པ་གཉིས་ལ་སྒོ་ལོགས་སུ་གྲུབ་པ་ཡིན་ནོ། །འདི་འདྲ་བའི་སྒོ་ཁང་ངམ་གློ་འབུར་དགོན་སྡེའི་ཚོགས་ཁང་སོགས་ཀྱི་སྒོ་འབྱོར་ལ་བཟོ་སྲོལ་མི་འདུག་པར་མ་ཟད། དེ་འདྲའི་གྲོག་སྐེད་ཀྱི་སྒོ་ཁྱུད་ཟེར་བ་དེ་དགོས་མེད་ལས་ལྷག་ལྟ་བུར་འདུག་སྙམ་པ་སོགས་དོགས་པ་འགའ་ཡོང་བཟོ་འདུག་མོད། དཀྱིལ་འཁོར་བློས་བསླངས་སྐབས་སུ་འདིའི་དགོས་ཆེད་གང་ཡིན་སྐོར་ཞིབ་ཏུ་མ་དཔྱད་ན་རྟོགས་དཀའ་བར་སྣང་བས་གཞན་དུ་དཔྱད་པར་འོས་སོ། །
མཆན་འགྲེལ།
«དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད» སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། དེབ་དང་པོ། ཤོག་ངོས། ༣༤༢པར་གསལ།
2. «སྲིད་པ་རྒྱལ་མོའི་ཡང་ཐིས་གསང་བ་ཐུགས་ཀྱི་བརྣག་པ་མ་མོ་འདུས་པའི་ཡང་སྙིང་རྒྱལ་མོ་ཐུགས་ཀྱི་གཟེར་བུའི་སྒྲུབ་ཐབས» ལག་བྲིས་དཔེ་གཟུགས། ཤོག་ངོས། ༣པར་གསལ།
3. «དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད» སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། དེབ་དང་པོ། ཤོག་ངོས། ༣༤༡པར་གསལ།
དཔྱད་གཞིའི་ཡིག་ཆ།
༡༽ ཀུན་ཏུ་བཟང་པོ། «དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད» སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། དེབ་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨
༢༽ སྟོང་རྒྱུང་མཐུ་ཆེན། «སྲིད་པ་རྒྱལ་མོའི་ཡང་ཐིས་གསང་བ་ཐུགས་ཀྱི་བརྣག་པ་མ་མོ་འདུས་པའི་ཡང་སྙིང་རྒྱལ་མོ་ཐུགས་ཀྱི་གཟེར་བུའི་སྒྲུབ་ཐབས» བོན་གྱི་བརྟེན་འགྱུར་ཆེན་མོ། པོད། ༢༦༩ ལག་བྲིས་དཔེ་གཟུགས།
༣༽ སྐྱབས་སྟོན་རིན་ཆེན་འོད་ཟེར། «ཁྲོ་བོ་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ» དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས། དེབ་དྲུག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩