ཡོངས་འཛིན་རིན་པོ་ཆེའི་གསུང་འབུམ་གྱི་རྩོམ་རིག་རིན་ཐང་གཞལ་བའི་སྐལ་ཚོད་འདེགས་པའི་སྲང་ཐིག །
[ཟླ་ཚེས། 2025-08-09 21:34:58][རྩོམ་པ་པོ། ར་མ་ཀུན་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་གྱི་རྩོམ་རིག་རིན་ཐང་གཞལ་བའི་སྐལ་ཚོད་འདེགས་པའི་སྲང་ཐིག །

ཐོག་མའི་གླེང་གཞི།
བླ་མ་དང་རྗེ་བཙུན་སྨྲ་བའི་སེང་གེ་དབྱེར་མ་མཆིས་པ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྟོང་གསལ་དབྱེར་མེད་འོད་ཀྱི་སྐུ། གྲགས་སྟོང་འགག་མེད་ཚངས་པའི་དབྱངས། རིག་སྟོང་གསལ་བའི་ཐུགས་རྗེ་ཅན། སྨྲ་སེང་རིག་པའི་ལྷ་ཡིས་སྐྱོབས། །བོན་བསྟན་ཞུན་མདངས་ཕྱོགས་བརྒྱར་ཁྱབ་པའི་གེག བོན་གཤིས་ངོ་མའི་གསལ་བྱེད་འོད་འཁོར་ཅན། བོན་གསུང་གབ་འཁྲུགས་འབྱེད་པོ་སུས་བསྐོར་ན། བོན་ཀྱི་མཛོད་འཆང་བསྟན་པའི་མཚན་ཅན་ནོ། །ཉིད་ཀྱི་གསུང་འབུམ་རིན་ཐང་གཞལ་བའི་མིག བདག་ལ་ལྡན་པའི་ནུས་པ་ཆེས་དབེན་ཡང་། ལས་བསོད་འབྲེལ་བའི་སྐལ་ཆ་མ་ཆད་པས། བཀའ་བསྡུ་འབྲེལ་བས་བཀས་བསྐུལ་དང་དུ་བླངས། ཞེས་མཆོད་པར་བརྗོད་པས་མདུན་བསུས་ཏེ། སྐབས་དོན་ནི་དམ་པ་མཆོག་གི “བརྒྱ་སྟོན་རྩོམ་བསྡུ་ཚན་ཆུང” ནས། ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ་སྐྱབས་རྗེ“སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ”གྱི་རྩོམ་རིག་གི་རིན་ཐང་ཉམས་ཞིབ་བདག་ལ་དགོས་ཅེས་བཀས་བསྐུལ་གནང་བ་སྟེ། “སྨྲ་དབང་ཡོངས་འཛིན་ཆེན་མོའི་སྐུ་གསུང་ཐུགས་གསུམ་གྱི་གལ་ཆེའི་མཛད་རྣམ་ལ་དམིགས་བསལ་ཉམས་ཞིབ་དང་འབྲེལ་བའི་ཐོག་ནས་དཔྱད་བརྗོད་སྤེལ་རྒྱུའི་ཟིན་ཐོ”ལས “གསུང་འབུམ་ནང་གི་རྩོམ་རིག་གི་རིན་ཐང་ཉམས་ཞིབ། དགེ་བཤེས་ཀུན་བཟང་རྒྱལ་མཚན” ཞེས་བཀས་བསྐུལ་གནང་བ་སྤྱི་བོར་སོན་པས། གུས་པས་དེ་ལྟར་དང་ལེན་ཞུ་བའི་ཉམས་ཞིབ་ཀྱི་དཔྱད་སྟོབས་ལྡན་རྒྱུར་ཕར་ཞོག “རྩོམ་རིག” ཞེས་པའི་བརྡ་ཆད་དེ་གཅིག་པུར་གོ་དོན་ག་འདྲ་ཞིག་དགོས་མིན་བློ་ངོར་འཆར་དཀའ་བས་དེའི་རིན་ཐང་གང་ཡོད་དཔྱད་རྒྱུ་ཤིན་ཏུ་མ་རན་པ་དང་མི་འཚམས་ནའང་རང་ལ་བབས་འོས་ལས་སྐལ་བཟང་པོའི་འབྲེལ་འབྲས་ཆུད་གསན་མི་བཟོད་པའི་ཁུར་ལེན་པའི་ཞུགས་སྤོབས་བསྐྱེད་པ་ལགས་སོ། །གཟི་བརྗིད་བོན་འཁོར་ཚིག་བཞི་ལས། “རྩོམ་པ་བོན་གྱི་འཁོར་ལོ་ལ། དེའི་ངེས་ཚིགས་བཤད་བྱ་བ། གང་དག་བསླབ་པའི་རྒྱ་མཚོ་ལ། དེ་ཉིད་ངོམས་པར་བཏུང་ནས་སུ། ཐོས་པའི་སྒྲོ་འདོགས་ཆོད་པ་ཡི། བསམ་པའི་ཤེས་རབ་ཕུལ་ཕྱིན་པས། བསླབ་པ་བོན་གྱི་རྒྱ་མཚོ་ལ། རྩོད་པས་དུག་ལས་རྩི་དབྱེ་ཞིང་། དེ་ཉིད་ངེས་པར་མཐར་ཕྱིན་པའི། དྭངས་ལ་རྙོགས་མེད་གསོས་ཀྱི་ཆུ། དེ་ལ་བྱང་ཆུབ་སེམས་ལྡན་གྱིས། འགྲོ་བའི་ཚ་གདུངས་བསིལ་བའི་ཕྱིར། རྩོམ་པ་ཤེས་རབ་སྐྱོགས་ཀྱིས་བཅུས། གང་ལ་གང་འདུལ་ཆུ་རྒྱུན་སྦྲེང་། གང་དག་སྐྱེ་འགྲོ་སེམས་ཅན་ལ། དེ་ཉིད་སྡུག་བསྔལ་རབ་སྦྱངས་ཤིང་། འཁོར་བ་ལས་ཐར་བདེ་ཐོབ་ཕྱིར། རབ་འབྲིང་ཐ་གསུམ་བློ་དང་སྦྱར། རབ་ནི་ནམ་མཁའ་ལྟ་བུ་ལ། བོན་ཡང་ཉི་མའི་ཟེར་ལྟར་སྤྲོས། དེ་ཉིད་རྩོམ་པ་མཐར་ཕྱིན་པས། མཁས་པར་བསླབ་ཅིང་བརྩོན་པར་བསྒྲུབ། དེ་དག་དེ་ཡི་ཡོན་ཏན་ནི། དཔག་གིས་མི་དཔོག་གཞལ་མི་ལང་། མཁའ་ལ་ཉི་ཤར་མུན་འཇོམས་པས། འཇིག་རྟེན་གཏོས་ཀྱི་སྒྲོན་མར་འགྱུར། འབྲིང་ནི་སྒྲོན་མེ་ལྟ་བུ་ལ། བོན་ཡང་ཡར་འཕེལ་མར་བཏུབ་སྤྲོས། དེ་དག་རྩོམ་པ་མཐར་ཕྱིན་པས། མཁས་པར་བསླབ་ཅིང་བརྩོན་པར་བསྒྲུབ། དེ་དག་དེ་ཡི་ཡོན་ཏན་ནི། ཡར་འཕེལ་མར་བཏུབ་ཕུན་སུམ་ཚོགས། ཡེ་ཤེས་འོད་ཀྱི་སྒྲོན་མེ་འདེགས། མ་རིག་བློ་ཡི་མུན་པ་སེལ། ཐ་མ་བུམ་པ་ལྟ་བུ་ལ། བོན་ཡང་ཆུ་རྒྱུན་ལྟ་བུ་སྤྲོས། དེ་དག་རྩོམ་པ་མཐར་ཕྱིན་པས། མཁས་པར་བསླབ་ཅིང་བརྩོན་པར་བསྒྲུབ། དེ་དག་དེ་ཡི་ཡོན་ཏན་ནི། རང་སོར་སོ་ཐུབ་རྨད་དུ་བྱུང་། རྒྱུན་མེད་དག་པའི་ཆུ་བོ་ཡིས། ཉོན་མོངས་བག་ཆགས་བཀྲུ་བར་བྱེད། དེ་དག་རབ་འབྲིང་བློ་ལས་སུ། རྒྱས་འབྲིང་བསྡུས་པའི་བོན་བརྩམས་ཤིང་། སྲིད་པ་གསུམ་དུ་སྒྲོག་གྱུར་ན། དེ་དག་སྲིད་རྩེར་བྱ་ཁྱུང་ལྡིང” ཞེས་གསུངས། དེ་ཡི་བསྟན་དོན་གཞིར་བཟུང་བས་སྐབས་དོན་གླེང་བ་ལས། གཞན“རྩོམ་རིག་གི་རིན་ཐང”ཞེས་པའི་བརྡ་ཆད་འདིའི་བརྗོད་དོན་དང་འབྲེལ་བའི་ལུང་དང་རིགས་པ་གསལ་པོར་ཤེས་ཀྱི་མེད་ལ། དེ་བས་འདི་དང་འབྲེལ་བའི་ཉམས་ཞིབ་ལྟ་ཅི་འདིའི་གོ་དོན་དང་འབྲེལ་བའི་བསམ་གཞིགས་གསར་དུ་ཁ་ཕྱོགས་པ་ཡིན་པས། གྱི་ན་བ་ཁོ་བོའི་ངོས་ལ་འདི་ཡི་ཐད་བྱིས་པ་གསར་དུ་གོམ་པ་དང་པོར་སྤོས་པ་དང་ཅི་ནས་ཀྱང་འདྲའོ། ཁོ་བོའི་སྐལ་བསོད་ཀྱིས་གོ་ཚོད་ནི། གཟི་བརྗིད་ཀྱི་ལུང་། རྩོམ་པ་བོན་འཁོར་གྱི་དགོངས་གཞིར་ཁུངས་སུ་བྱས་ཏེ། མཚན་ནས་བརྗོད་པར་དཀའ་བ། དགོས་པའི་དབང་གིས་མཚན་ཙམ་སྨོས་ན། རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་རིན་པོ་ཆེ། ཉེ་བར་བཀའ་བསྡུ་གྲུབ་པའི་དེབ་ཉེར་གཉིས་གསར་དུ་བསྐྲུན་པ་འདིའི་ནང་གི “རྩོམ་རིག་གི་རིན་ཐང་ཉམས་ཞིབ” ཅེས་པའི་སྐབས་དོན་ལེན་པའི་གླེང་བསླང་ཁུལ་དུ་བྱའོ། །དེ་ཡང“ ༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་མིང་འཛིན་པ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་དགེ་བཤེས་བསམ་གཏན་གཙུག་ཕུད་ཀྱིས༢༠༡༨ལོའི་ཟླ ༡ཚེས༣༡སྟོན་པའི་འཁྲུངས་མཆོད་ཉིན་མཇུག་རྫོགས་པར་བྲིས” ཅེས་པའི་གསུང་འབུམ་གླེང་བརྗོད་དེ་ཉིད་ལས “དཔྱད་གཞི་ཡིག་ཆའི་མཐུན་རྐྱེན་འཛོམས་མིན་གྱི་དབང་གིས་སྔ་རྩོམ་ཕྱི་རྩོམ་གྱི་ཁྱད་པར་ཕྲན་བུ་ཡོད་པ་ཡང་མཁྱེན་དགོས་པའི་རིགས་སོ” ཞེས་གསུངས་པས། རྗེས་འཇུག་བཀའ་ཡི་བསྡུ་བ་པོས་དཔྱད་པ་དག་པའི་ནན་བསྐུལ་ཇི་འདྲའི་གཟི་བྱིན་ཆེ་བར་ཨང་། རྒྱལ་བ་དགྱེས་པའི་མཆོད་ཚོགས་ཀྱིས་བྱི་དོར་བགྱིས་པ་འདི་འདྲ་མིན་ན་གང་ཡིན། གསང་གསུམ་མཛོད་འཛིན་ཆེན་མོའི་བསྟན་པའི་བྱས་པ་སྐུ་དྲིན་སོབ་མཐའ་བྲལ་ཡང་། དེ་ལས་ཀྱང་དམ་པ་མཆོག་གི་རྒྱལ་ཚབ་དམ་པ ༧ སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུས། རྗེས་འཇུག་བུ་སློབ་ཡོངས་ཀྱིས་དམ་པ་མཆོག་གི་བཀའ་བསྡུའི་བབས་འོས་ཁུར་དུ་བླང་བར་སྐུ་དྲིན་ཅི་སྟེ་མི་ཆེ་འམ། དེར་དགའ་དད་སྤྲོ་བའི་གཡོ་བ་ནམ་མཁའི་རླབས་ལས་ཀྱང་ཆེས་ཆེ་བ་ནི། མི་མངོན་སྟོང་གསལ་ཆེན་མོའི་རང་མདངས་འདི་ཞེས་གཟུགས་སུ་འཕོས་པ་མེད་ཀྱང་འཕོས་པ་མེད་པའི་འཕོས་པའི་རྣམ་པར་མཚོན་པ་ཙམ་དུ་སྐབས་དོན་དངོས་ཀྱི་དོན་ལ་བཞི་སྟེ། ༡༽ རྩོམ་གཞི་སློང་བའི་ཐུགས་གཤིས་ཀྱི་རིན་ཐང་གསེར་མདངས་ལྟ་བུར་ཁྱད་དུ་འཕགས་པའི་ཀླད་དོན་གཙང་བ།
༢༽ རྩོམ་གཞུང་གནད་དུ་ཁེལ་བས་གསལ་བྱེད་ཀྱི་རིན་ཐང་རྒྱང་ཤེལ་ལྟ་བུར་ལུང་རིགས་ཀྱི་གཞུང་དོན་ཟབ་པ།
༣༽ རྩོམ་དོན་གྲུབ་པའི་དངོས་པོའི་བརྒྱུད་སྤྲོད་ཀྱི་རིན་ཐང་ལྕགས་དམར་དུས་སུ་བརྡུང་བ་ལྟར། བཀའ་བསྡུ་གྲུབ་པས་ཉིད་སྐུའི་བརྒྱ་སྟོན་རོལ་བ།
༤༽ གསུང་དོན་ཤེལ་དཀར་དྭངས་མར་བྱི་དོར་བགྱི་བའི་དར་བཀླུབས་འབུལ་བ་དང་བཞི་ཡི་སྒོ་ནས་གཤམ་དུ་འཆད་པར་བྱའོ། །

བར་གྱི་གཞུང་དོན།
༡༽ རྩོམ་གཞི་སློང་བའི་ཐུགས་གཤིས་ཀྱི་རིན་ཐང་གསེར་མདངས་ལྟ་བུར་ཁྱད་དུ་འཕགས་པའི་ཀླད་དོན་གཙང་བ་སྟེ། ལུགས་གཉིས་སོ་སོའི་དམིགས་དོན་གང་ཡིན་ནའང་བརྩམ་པའི་ཀུན་སློང་གིས་བསྐྲུན་པའི་བརྗོད་བྱ་དེ། རྗོད་བྱེད་བརྡ་སྦྱོར་གསར་དུ་རྩོམ་པའི་རྣམ་དཔྱོད་གསལ་མིན་ཅི་རིགས་སྲིད་ནའང་། རྩ་བའི་ཀུན་སློང་གི་རང་མདངས། མི་མངོན་སྦས་པའི་བྱིན་རླབས་ཆེ་ཆུང་གི་གཟི་བརྗིད་དབང་གིས་རྩོམ་དོན་གནད་དུ་སྨིན་མིན་ཤིན་ཏུ་རག་ལས་པས་སོ། །དེས་ན་བསྟན་འགྲོའི་དོན་ཆེན་གཤིས་ལ་མངོན་དུ་འབྱོར་བའི་ཚད་ཐུབ་ཀྱི་སྐྱེས་བུ་ཡིན་ནའང་མིའི་གཤིས་ཁམས་དང་མོས་པའི་ཁྱད་པར་ལས། རྩོམ་ཁོག་དབུབ་པའི་ཚིག་ཉམས་མངོན་ཚུལ་ལ་ཁྱད་པར་ཡོད་དེ། ཚིག་ཞུན་ལ་བབས་ཆགས་པའི་ཉམས་ཀྱིས་བརྗོད་བྱའི་གནད་དོན་གསེད་བཀྲོལ་བྱེད་པ་དང་། ཚིག་ཟུར་ལ་རྔམ་ཆེ་བས་ཕ་རོལ་རྒོལ་བ་ཚར་ཐག་གཅོད་པའི་ཚུལ་དང་གཉིས་སུ་ཡོད་ལ། རྩ་བའི་རང་བཞིན་སྙིང་རྗེའི་ཀུན་ནས་སློང་བའི་མ་ངག་བུ་ལ་གདམས་པ་ལྟ་བུ་ལས། རྙེད་ཐོབ་གྲགས་བདེའི་ཆེད་དུ་ཟོལ་བཅོས་མེད་པའི་ཉམས་ཀྱིས་ལྷང་ངེར་ཕྱུག་པ་ནི། བསྟན་འགྲོའི་དོན་ཆེན་མཛད་པའི་རྩོམ་གཞི་སློང་བའི་ཐུགས་གཤིས་དམིགས་བསལ་བ་ཞིག་ཡིན་ཏེ། གཟི་བརྗིད་བོན་འཁོར་ཚིག་བཞི་ལས། “རྩོམ་པ་བོན་གྱི་འཁོར་ལོ་ལ། དེའི་ངེས་ཚིགས་བཤད་བྱ་བ། གང་དག་བསླབ་པའི་རྒྱ་མཚོ་ལ། དེ་ཉིད་ངོམས་པར་བཏུང་ནས་སུ། ཐོས་པའི་སྒྲོ་འདོགས་ཆོད་པ་ཡི། བསམ་པའི་ཤེས་རབ་ཕུལ་ཕྱིན་པས། བསླབ་པ་བོན་གྱི་རྒྱ་མཚོ་ལ། རྩོད་པས་དུག་ལས་རྩི་དབྱེ་ཞིང་། དེ་ཉིད་ངེས་པར་མཐར་ཕྱིན་པའི། དྭངས་ལ་རྙོགས་མེད་གསོས་ཀྱི་ཆུ། དེ་ལ་བྱང་ཆུབ་སེམས་ལྡན་གྱིས། འགྲོ་བའི་ཚ་གདུངས་བསིལ་བའི་ཕྱིར། རྩོམ་པ་ཤེས་རབ་སྐྱོགས་ཀྱིས་བཅུས། གང་ལ་གང་འདུལ་ཆུ་རྒྱུན་སྦྲེང” ཅེས་སོ། །དེས་ན་སྔོན་བྱོན་མཁས་པའི་དབང་པོ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་མཆོག་དང་། འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན། རྨེའུ་སྟོན་རྒྱལ་མཚན་མཆོག་ལེགས། ཀུན་མཁྱེན་ཉི་མ་བསྟན་འཛིན། མཁས་གྲུབ་ལུང་རྟོགས་རྒྱ་མཚོ། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་སོགས་གསུང་སྤོབས་མཐོ་བའི་ཕྱོགས་གཅིག་དང་། རྨེའུ་སྟོན་མཁས་པ་དཔལ་ཆེན། ཡ་འབྲོག་མེ་སྟོན་ཤེས་རབ་འོད་ཟེར། བྲུ་སྟོན་རྒྱལ་བ་གཡུང་དྲུང་། སྤ་སྟོན་བསྟན་རྒྱལ་བཟང་པོ། རྒྱལ་བ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན། ཀུན་གྲོལ་འཇའ་ཚོན་སྙིང་པོ། ལྕང་ལུང་གཡུང་དྲུང་བསྟན་རྒྱལ། ཀུན་མཁྱེན་ཤར་རྫ་བ་སོགས་ཕྱོགས་གཅིག་དང་གཉིས་སུ་བྱོན་ཡོད་ལ། སྨྲ་དབང་ཡོངས་འཛིན་ཆེན་མོ་མཆོག་ཕྱི་མའི་ཕྱོགས་སུ་གཏོགས་པས་ཡིན་ཚུལ་འོག་དུ་འཆད་ལ། ཕྱོགས་སྔ་མའི་གསུང་སྤོབས་མཐོ་གྲས་ཀྱི་ཉམས་དང་ལྡན་པ་དཔེར་མཚོན་ཙམ་ཞུས་ན། སྒ་སྟོན་རིན་པོ་ཆེས་མཛད་པའི་ཀུན་ལས་བཏུས་པ་སྲིད་པའི་མཛོད་གཞུང་གི་དབུ་འཆད་དམ་བཅའ་འདི་ལྟར“ཤེས་འདོད་བློ་ཡི་མུན་སེལ་ཕྱིར། བཅུ་བདུན་གནས་ཀྱི་བསྡུས་པའི་དོན། ཟབ་པའི་སྔོན་ཆད་མ་རྙེད་པ། བདེ་བླག་རྟོགས་ཕྱིར་ཁོ་བོས་བཏུས” ཅེས་དང་། ཡང་དམ་པ་ཉིད་ཀྱིས་མཛད་པ། བསྟན་པ་ཤན་འབྱེད་འཕྲུལ་གྱི་མེ་ལོང་རབ་གསལ་སྒྲོན་མེའི་དམ་བཅའི་ཚིག་བཤད“ རྒྱ་རོང་སྐྱེས་པའི་སྒ་སྟོན་ཚུལ་ཁྲིམས་རྒྱལ། ཚེ་རབས་སྔ་མའི་འཕྲོ་མཐུད་ད་ལྟའི་ཚེ། དོན་དང་ལྡན་མིན་ཤེས་བྱའི་གནས་ལུགས་དོན། མངོན་ཤེས་མེད་ཀྱང་ལུང་རིག་ཚད་མས་མངོན། ཀྱེ་མ་འདི་འདྲ་དེང་སང་སྐལ་ངན་དུས། བསླུ་བྱེད་མི་མིན་མི་མཆོག་ཆས་སུ་ཞུགས། ལུང་མིན་སྦྱོར་བ་སྡེབ་པས་བོན་བསླད་པས། དད་ལྡན་དགེ་རྒྱུ་རྒྱུ་གྲོན་འགྲོ་ལ་རེ། བོན་དང་བོན་མིན་རྩི་དུག་འདྲེས་པའི་མཚོ། ལུང་རིག་ཞིབ་ཏིག་ངང་པའི་གྲེ་བས་ཕྱེ། ཤན་འབྱེད་འདི་འདྲའི་ཁྲི་གདུག་འོད་བདལ་ན། ཐོས་ཆུང་རྟོག་བཟོའི་འགོང་པོའི་བྱ་རྣམས་ལོང”ཞེས་དང་། ཡང་ཀུན་བཏུས་མཛོད་གཞུང་གི་མཇུག་དོན་འདི་ལྟར “གོས་སེར་བུང་བའི་པདྨོའི་བཅུད་བསྡུད་བཞིན། དྲི་མེད་ལུང་རྣམས་ཀུན་གྱི་བསྡུས་དོན་འདི། ཚུལ་ཁྲིམས་རྒྱལ་གྱིས་འོལ་ཚོད་རང་བཟོ་མིན། ལུང་རིགས་ཚད་མའི་བྲེ་སྲང་འཕྲང་ལས་བཤར། མིག་མེད་མི་ཡིས་ཁ་དོག་མི་ཕྱེད་བཞིན། རྟོག་དཔྱོད་ཞན་པའི་སྐྱེ་བོས་འདི་མི་ཤེས། བློ་ལྡན་འདི་དོར་ནས་ནི་དོན་གཉེར་གང་། རྩི་བཅུད་སྤངས་ནས་རྩ་ཤིང་ལེན་ནམ་ཅི། རོ་བརྒྱའི་ཟས་ཀྱང་སྣོད་ངན་དྲི་མས་བསླད། ལོག་པར་རྟོག་པས་མི་གཉེར་མ་ཟད་སྡང་། ཉི་མའི་འོད་ཀྱིས་པདྨོའི་ཁ་འབྱེད་བཞིན། ངེས་རྟོགས་ཅན་གྱིས་འདི་མཐོང་བློ་གྲོས་འཕེལ” ཞེས་པས། ཁོག་འབུབ་དང་མཇུག་བསྡོམ་ཚིག་ཉུང་ལ་དོན་འདུས་པས་གོ་རླབས་ཤིན་ཏུ་ཆེ་སྟེ་རྡུལ་ཕྲན་གཅིག་ལས་རྡུལ་ཀུན་གྲུབ་ཚུལ་ངང་གིས་ཤེས་ནུས་པ་ལྟར། ཚིག་རུས་རྣོ་བས་ངན་འཚངས་ཐད་དུ་རྒོལ་བ་དང་། ཉམས་ཀྱི་དུང་བ་སྙིང་རྗེའི་རང་མདངས་ཕྱུག་པ་དང་གཉིས་སུ་འཚོགས་པས་སོ། །གཟི་བརྗིད་ལས“དྭངས་ལ་རྙོགས་མེད་གསོས་ཀྱི་ཆུ། དེ་ལ་བྱང་ཆུབ་སེམས་ལྡན་གྱིས། འགྲོ་བའི་ཚ་གདུངས་བསིལ་བའི་ཕྱིར། རྩོམ་པ་ཤེས་རབ་སྐྱོགས་ཀྱིས་བཅུས། གང་ལ་གང་འདུལ་ཆུ་རྒྱུན་སྦྲེང” ཞེས་གསུངས་པ་ལྟར་རོ། །དེ་ཡིས་མཚོན་ནས་དེ་མཚུངས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་རྩོམ་ཀུན་སློང་གི་རིན་ཐང་འགྲེས་སུ་བྱ་བས་མཁྱེན་པར་བྱའོ། །སྐབས་དོན་ཞུ་བྱ་དངོས་ནི་སྐྱབས་རྗེ་སྨྲ་དབང་ཆེན་མོའི་གསུང་འབུམ་རིན་པོ་ཆེའི་རྩོམ་གཞིའི་ཀུན་སློང་གི་རིན་ཐང་གུས་པོས་མཇལ་ཚོད་ཙམ་ཞུ་བར་སྤྲོ་ན། གོང་དུ་དཔེ་མཚོན་ཞུས་ཟིན་པ་དེའི་ཅིག་ཤོས་ལྡོག་པའི་ཕྱོགས་སུ་བགྲངས་ནས་འདི་དང་དེ་ཞེས་པའི་འགྲེལ་ཞིག་ཞུ་སྟེ། སྤོབས་པའི་བརླམ་བརྗོད་བསྐྱུང་ལ་གུས་ཚིག་ཉམས་དང་ལྡན། གནད་འདུས་ཚིག་གི་ལུས་ལ་བྱམས་བརྩེའི་ཤ་རུས་ཚུགས། ཀློག་མ་ཐག་ཏུ་ཀློག་མཁན་ལ་དད་པའི་ཚོར་བ་འདྲེན་ནུས་པས། འུད་བསྟོད་ཙམ་མིན་པར་མི་མངོན་སྦས་པའི་ཉམས་ཀྱི་བསྒུལ་སྐྱོམས་ལྡན་པའི་ངག་སྦྱོར་ཞིག་དུ་འཁུམས་སོ། །ཇི་སྐད་དུ “འཁྲབ་སྟོན་སྒྱུ་རྩལ་དེ་འབག་སྐུ་ལ་གསེར་ཆུ་བྱུག་པ་ལྟར་ཕྱི་ནས་ཕར་བསྐུས་པ་ཙམ་མིན་པར། མེ་རིའི་འབར་གད་ལྟར་ནང་ལོགས་སུ་ཁོང་སྙིང་འཛོམས་པོ་ཞིག་ཡོད་པའི་རྟགས་མཚན་བསྟན་པ་ཡིན” ཞེས་པ་ལྟར། དཔེར་མཚོན་འགའ་ཞིག་གིས་འགྲེས་སུ་མཁྱེན་རྒྱུར། དམ་པ་གང་ཉིད་ཀྱིས་མཛད་པའི་འདུལ་བའི་བརྒྱུད་རིམ་ཇི་ལྟར་བྱུང་བའི་ཁུངས་ཀྱི་ལུང་མཚན་ལས “འདི་ན་རང་གི་བློ་ལས་གསར་ཐོན་པའི། རྣམ་བཤད་ཡི་རངས་འོས་པ་འགའ་མེད་ཀྱང་། སྔོན་བྱོན་འདུལ་བརྒྱུད་མཁན་པོའི་སྤྱན་ལམ་དུ། མ་ཤར་མཛད་མདོ་རྒྱས་པའི་ནང་བྱོན་པའི། འདུལ་བའི་ཚུལ་ཁྲིམས་རྣམ་དབྱེ་ཕྲ་ཞིབ་སོགས། ཇི་ལྟར་ངོ་མཚར་ཆེ་བ་བཞུགས་པའི་ཕྱོགས། འདུལ་བསྟན་འཛིན་པའི་སྐལ་མཉམ་གང་དག་གི། བློ་ལ་ཚུལ་ཁྲིམས་པད་ཚལ་རྒྱས་ཕྱིར་འགོད” ཅེས་དང་། ཡང་དེ་ཉིད་ཀྱི་མཇུག་སྡོམ་དུ “ ཚུལ་དེ་མདོ་ལས་གསལ་བར་གསུངས་པ་ལ། བསྐྱར་ཟློས་ཚིག་གིས་དོན་ཆེན་འབྱུང་རེ་མིན། མེས་པོས་བཞག་པའི་ནོར་གྱི་བང་མཛོད་ལ། འཇུག་པའི་ལམ་སྒྲོན་ཚུལ་དུ་མདོ་དོན་བསྡུས” ཅེས་དང་། ཡང་སོ་སོ་ཐར་པའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ལས “བསྟན་པའི་ཉི་མ་གསལ་བའི་འཇུག་ངོགས་སུ། བདག་གིས་འབད་དེ་སྲིན་མཇུག་འོད་ངོམ་མིན། རྒྱས་བསྡུས་བསླད་པའི་ཕྱོགས་ལས་རིང་བྱས་ཏེ། སྐབས་ཀྱི་གྲོགས་དག་བསྟན་ལ་གཞུག་ཕྱིར་ཡིན” ཞེས་དང་། ཡང་བྱང་སྡོམ་ལེན་པའི་ཆོ་ག་ལས “ སྐབས་འདིར་མདོ་དོན་གསེར་ཞུན་དྭངས་མ་ལ། རྨོངས་བློས་བསླད་པ་མེད་བཞིན་ཕྱིས་འབྱུང་གི སྐལ་ལྡན་གང་ལ་རང་ནོར་ངོ་སྤྲོད་ཚུལ། བགྲེས་པོས་འབད་པས་བཀོད་པ་དོན་ལྡན་ཤོག” ཞེས་དང་། སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ལས “འདི་ན་རྣམ་དཔྱོད་གསར་པ་ལས་ཐོན་པའི། ལེགས་བཤད་སྐྱོས་མ་འགའ་ཞིག་མེད་མོད་ཀྱང་། ལེགས་པར་བཤད་ལ་གོམས་པ་འཕེལ་བ་དང་། སྐལ་མཉམ་འགའ་ལ་ཕན་པ་འབྱུང་ཕྱིར་ཡིན། བསོད་ནམས་རྒྱལ་བསྟན་རྒྱས་པའི་རྒྱུ་རུ་བསྔོ”ཞེས་གསུང་པ་དེ་རྣམས་བཤད་པ་མི་དགོས་བཤམ་པས་ཤེས་པར་འགྱུར་ཞེས་པ་ལྟར་རོ། །ཡང་ཐེག་པ་ཆེན་པོ་ཡུམ་གྱི་མདོ་དོན་གསལ་བྱེད་སྣང་བ་གསར་པ་ལས “འདི་ན་བཤད་པའི་སྐྱེས་བཟང་སྔོན་མེད་པ། འབུལ་བའི་བདོག་པ་བདག་ལ་མི་མངའ་ཡང་། ལྷག་པའི་ལྷ་དང་བླ་མའི་བཀའ་དྲིན་ལས། ཐོབ་པའི་ནོམ་པ་ཆུད་མི་གསན་ཕྱིར་འབྲི”ཞེས་དང་། གསང་བ་སྔགས་ཀྱི་རྣམ་པར་བཤད་པའི་མཆན་བཀའ་འགྲེལ་གསལ་བྱེད་ལས “ མཁས་གྲུབ་ཁྱུང་ཆེན་འཕུར་བའི་གཤོག་རླབས་ཤུལ། སྒམ་ཁྱེར་པགས་འདབ་བརྐྱང་བ་ཁྲེལ་གནས་མོད། འོན་ཀྱང་བསྟན་ལ་གུས་པས་རྩོལ་བ་ཡིས། གྲུབ་མཐའི་མཁའ་ལ་ལྡིང་བ་འབད་པ་བྱས” ཅེས་དང་། ཡང་དེ་ཉིད་ལས “ མཁས་པ་ཕལ་གྱིས་མ་དཔྱད་ཟུར་དུ་བཞག བླུན་པོས་གཞུང་ཆེན་མཐོང་བའི་བློ་མིག་ལྡོང་། དེ་ཕྱིར་འགང་ཆེན་གདམས་པ་ཐལ་རྒྱས་བསྡམས། ཚུལ་འདིར་བསམ་བཞིན་སྙིང་ནས་སྐྱོ་བ་སྐྱེས”ཅེས་དང་། དོགས་སེལ་འགའ་ཞིག་གླེང་བའི་ལེའུ་རིན་ཆེན་གཙག་བུ་ལས “རང་འདྲའི་བསྟན་སྒོར་ཞུགས་པ་འགར། རྣམ་དཔྱོད་རྟོགས་པའི་ཤེད་མ་རྒྱས། གཞུང་དོན་ཟབ་ཅིང་ཕྲ་བའི་དོན། གསལ་བར་འདོད་ལ་གྲོས་འདེབས་ཚུལ” ཞེས་དང་། བོན་སྒོའི་སྤྱི་དོན་ཤ་རིའི་གལ་མདོའི་རྣམ་བཤད་རིག་ལམ་གསལ་བའི་ཉི་མ་ལས “འཕགས་མཆོག་ཚོགས་ཀྱིས་འགྲོ་ལ་གདམས་པའི་སྨན། ཡལ་བར་འདོར་མ་ཕོད་དེ་བཀུར་བསྟིའི་ཞིང་། ལེགས་པར་མཆོད་དེ་མ་རིག་ནད་སེལ་དུ། མོས་ནས་འགྲེལ་བའི་བསྟི་སྟངས་ཞུས་ཁུལ་ཡིན” ཞེས་གསུངས་པ་དེ་རྣམས་ཀྱི་ཚིག་དང་དོན་གྱི་གོ་བར། འགྲེལ་བས་ལྷག་པོར་གསལ་བར་མི་དགོས་པར་ཀློག་མ་ཐག་ཏུ་སེམས་གཏིང་གི་དུང་བ་ངང་ཤུགས་ཀྱིས་སྐྱེས་པའི་ཚོར་རླབས། ཀློག་པ་པོའི་ཚོར་སྣང་མངོན་གྱུར་དེ་ལས་ལྷག་པ་ཞིག་སུ་དང་གང་གིས་བརྗོད་དུ་མེད་པར་འདི་ལྟར་ལགས་ན། དམ་པ་མཆོག་གི་གསུང་འབུམ་གྱི་ཐོག་མར་རྩོམ་གཞིའི་ཀུན་སློང་གསེར་མདངས་ལྟར་ཁྱད་དུ་འཕགས་པས་ཀླད་དོན་གཙང་བའི་རིན་ཐང་ལྡན་ཞེས་བཏགས་དོན་ཡང་དེ་འདྲ་ཞིག་ཏུ་བབས་སོ་ཞེས་ཞུས་ཁུལ་ལགས། སྐབས་དོན་འདི་དང་འབྲེལ་བ་ཞིག་སྟེ། ཚ་བ་མདའ་སྨྱུག་གིས་སྒྱུ་རྩལ་གླེང་བའི་ཡིད་ཁམས་རྒྱ་མཚོ་དྲག་ཏུ་སྐྱོམ་པའི་སྙན་དབྱངས་ལས “སྙན་ངག་འབྲི་བ་ལ་བློ་སྦྱོང་གཙོ་བོ་མིན་པར་སྣང་ཡུལ་གང་དང་ཕྲད་ཀྱང་དེའི་གཏིང་རིམ་དུ་ཟུག་འགྲོ་བ་རྣོ་ཁབ་ལྟ་བུ་དང་། ཆུང་རིམ་ནས་མྱོང་བ་ཤའུ་ལྟ་བུའི་ཚོར་བ་རྣོ་ངར་ཅན་ཞིག་གལ་ཆེ་བར་བཤད་དོན་དེ་ཡིན་ལ། སྙན་ངག་བུ་མོའི་ཁ་ན་ཡོད་པའི་གནད་ཀྱང་དེར་ཐུག་ཡོད། ད་ལྟའི་བོད་ཀྱི་སྙན་ངག་འབྲི་མཁན་ཕལ་མོ་ཆེར་འདུ་ཤེས་ཙམ་ལས་ཚོར་བ་ཡེ་ནས་མེད་སྟབས་ཁོ་ཚོ་ལ་ན་ཟུག་མེད་པའི་སྙན་ངག་པའི་སྡེ་ཞེས་འབོད་ཀྱིན་འདུག དེ་བས་ཀྱང་ཐབས་སྐྱོ་བ་ཞིག་ནི་ད་ལྟའི་བོད་ཀྱི་གླུ་དབྱངས་པ་ཕལ་མོ་ཆེ། གླུ་ཚིག་གི་ནང་དོན་ཅི་ཡིན་ཧ་མི་གོ་བར། རང་གར་ཁ་གདང་ཞིང་ལག་པ་གཡུག་བཞིན་འཁྲབ་སྟེགས་ཐོག་ཏུ་ལུས་འདུག་པ་ལ་བལྟས་ན་ཚོར་བ་ལྟ་ཅི་འདུ་ཤེས་ཀྱང་གོ་ཆོད་པ་ཞིག་ཡོད་བཟོ་མི་འདུག་པས། དེ་ཚོ་ལ་རྣམ་ཤེས་མེད་པའི་འཁྲབ་སྟོན་པའི་སྡེ་ཞེས་འབོད་དགོས་པ་ཨི་ཡིན། སྒྱུ་རྩལ་པ་ཞིག་ལ་ངེས་པར་ཚང་དགོས་པའི་ཚོར་བ་རྣོན་པོ་དེའང་མི་གཞན་པའི་བདེ་སྡུག་ལ་གཞན་གྱིས་རྒྱང་ལྟ་བྱེད་པ་ལྟ་བུ་མིན་པར། དོན་ལ་རང་དང་འབྲེལ་བ་ཡོད་མེད་གང་ལྟར་ཡང་སྐབས་འབྲེལ་ཟློས་གར་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་བསམ་བློ་ཡོད་ཚད་རང་རྒྱུད་ལ་དངོས་སུ་བརྗེ་སྤོར་བྱེད་ཐུབ་པ་ཞིག་དགོས། དེ་ཐུབ་མིན་ནི་སྒྱུ་རྩལ་པ་ཡིན་མིན་འབྱེད་པའི་མཚམས་རྟགས་ཀྱི་རྡོ་རིང་གཅིག་པུ་དེ་ཡིན། འོན་ཀྱང་དེ་ཐུབ་མཁན་ནི་ཤིན་ཏུ་དཀོན་པས་དོན་དམ་པའི་སྒྱུ་རྩལ་པ་ཡང་ཉིན་མོའི་སྐར་མ་ལྟར་དཀོན་པའི་ཚོད་རེད། སྙན་ངག་པ་དགེ་འདུན་ཆོས་འཕེལ་མཆོག་གིས། ངས་སྐབས་རེར་ཁ་རོག་ཡེ་ཤུའི་ལྷ་ཁང་ནང་དུ་འཛུལ་ཕྱིན་ཏེ་བསམ་བློ་གཞན་པ་གང་ཡང་མ་བཏང་བར་ཁོ་རང་ཚོའི་ལུགས་ཀྱི་དཀོན་མཆོག་དེ་ལ་ཁོ་རང་ཚོའི་གཞུང་ནས་བཤད་པ་ལྟ་བུའི་ཡོན་ཏན་དྲན་པའི་སྒོ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་བསྡད་པ་ན། དུས་ཚོད་གང་མཚམས་ཤིག་ནས་མིག་ཆུ་འཆོར་བ་ཙམ་གྱི་དད་པ་ཞིག་སྐྱེ་འོང་རྒྱུ་འདུག་པ་ཡ་མཚན་ཞེས་གསུངས། ངེས་པ་དོན་གྱི་སྒྱུ་རྩལ་པ་ཞེས་པ་དེ་ཡ་མཚན་ཆེ་བའི་སྐྱེས་བུ་འདི་འདྲ་ལ་ཟེར་ཏེ། མི་ཕལ་པ་སུ་ཞིག་ཡིན་ཡང་སེམས་ཁོང་ནས་ཁས་ལེན་མ་མྱོང་བའི་ཆོས་ལུགས་ཤིག་ལ་སྡུག་བཙིར་ཅི་འདྲ་བྱས་ཀྱང་གློ་བུར་དུ་དད་པ་ཞིག་སྐྱེ་ཐབས་མེད་ལ་དེ་མ་སྐྱེས་ན་མི་མགོ་སྐོམ་པོ་ལས་མིག་ཆུ་འབབ་ཐུབ་བམ” ཞེས་པ་འདིས་སྙན་ངག་དང་སྒྱུལ་རྩལ་ནི་རྩོམ་པ་པོའི་རང་ཐོག་ཏུ། འདུ་ཤེས་དང་ཚོར་བ་ཁོང་ནས་གཡོས་པའི་བསྒུལ་སྐྱོམས་ཁ་རུ་ལུད་པའི་ཚིག་གིས་ཕ་རོལ་པོར་ཇི་ལྟར་བརྒྱུད་སྤྲོད་ཐུབ་པའི་ངག་རྩལ་འདི་འདྲ་བ་ཞིག་དགོས་ཅེས་པའི་དོན་བསྟན་པ་ཡིན། རྩོམ་པ་པོའི་སེམས་ཁོང་ནས་བཅོས་མ་མེད་པའི་ཚོར་བའི་གཡོ་ལྡང་ཚིག་གི་སྡེབ་སྦྱོར་དང་། བཅོས་མ་དང་བརྐུ་བཤུའི་རྫུ་བག་ཅན་གྱི་ངག་སྦྱོར་དབར་བྲོ་བའི་ཟབ་ཁྱད་དང་བརྗོད་དོན་གནད་ཐོག་སྨིན་མིན་གནམ་དང་ས་ཡི་ཁྱད་པར་ཡོད་པས་ན། ཚོར་སྣང་ཉམས་འགྱུར་གྱི་བྲོ་བ་མེད་པའི་རྩོམ་ཞིག་ཡིན་ཚེ་དེ་ལ་དགོས་པ་དང་ཉིང་དགོས་ཅི་ཡང་མེད་པའི་རྩོམ་སྦྱོར་ཞིག་ཡིན་པ་རང་བཞིན་གྱིས་བུད་སོང་བ་ཡིན། བྱམས་བརྩེའི་མྱོང་ཚོར་སུ་ཡི་སེམས་རྒྱུད་དུ་སྐྱེས་པ་ན། དེ་ལ་ཀུན་སློང་བཅོས་མ་མིན་པས་བསྒུལ་བསྐྱོད་ཀྱིས་འཕུལ་བའི་ལུས་དང་ངག་གི་ཉམས་འགྱུར་ཕྱི་ལ་མངོན་འོང་པ་ནི་གླེན་ལྐུག་དུད་འགྲོ་ལ་ཡང་ཡོད་པས་མཚོན། རྩོམ་སྦྱོར་ཡང་དག་གི་ཀུན་སློང་ལ་བཅོས་མེད་གསེར་མདངས་ལྟར་ངང་གིས་འཚེར་བ་ནི་བྱམས་སྡང་གི་རང་བཞིན་གང་ཡིན་པ་དེའི་རྗེས་སུ་མཐུན་པར་དེ་བཞིན་འགྲོ་ལྡོག་བྱེད་པས། ཟོབ་བཅོས་ཀྱི་རྫུ་ཚུལ་དང་མ་འདྲ་བར་ཕྱི་ཡི་ཉམས་འགྱུར་གྱི་རྣམ་པ་དང་ནང་གི་བྱིན་རླབས་ཀྱི་ཞག་རྩི་བཅས་ཁ་ཁ་སོ་སོར་ཡིན་པས། གཟི་བརྗིད་བོན་འཁོར་ཚིག་བཞི་ལས “ བསླབ་པ་བོན་གྱི་རྒྱ་མཚོ་ལ། རྩོད་པས་དུག་ལས་རྩི་དབྱེ་ཞིང་། དེ་ཉིད་ངེས་པར་མཐར་ཕྱིན་པའི། དྭངས་ལ་རྙོགས་མེད་གསོས་ཀྱི་ཆུ། དེ་ལ་བྱང་ཆུབ་སེམས་ལྡན་གྱིས། འགྲོ་བའི་ཚ་གདུངས་བསིལ་བའི་ཕྱིར། རྩོམ་པ་ཤེས་རབ་སྐྱོགས་ཀྱིས་བཅུས། གང་ལ་གང་འདུལ་ཆུ་རྒྱུན་སྦྲེང་། གང་དག་སྐྱེ་འགྲོ་སེམས་ཅན་ལ། དེ་ཉིད་སྡུག་བསྔལ་རབ་སྦྱངས་ཤིང་། འཁོར་བ་ལས་ཐར་བདེ་ཐོབ་ཕྱིར། རབ་འབྲིང་ཐ་གསུམ་བློ་དང་སྦྱར” ཞེས་པའི་དོན་དང་། ཀུན་མཁྱེན་ཉི་མའི་ཞལ་སྔ་ལས “སྟོན་པའི་རྗེས་འཇུག་གིས་གཙོ་བོར་བཀའ་བརྟེན་བརྩམ་པའི་བསམ་པས་ཀུན་ནས་བསླང་སྟེ། བསྟན་པའི་གསལ་བྱེད་དུ་དམིགས་ཏེ་བསྡེབ་པའི་ཚིག་སྦྱོར” ཞེས་བཀའ་བརྟེན་གྱི་མཚན་ཉིད་བཞག་གནང་བ་དེའི་དོན་དང་གོང་གི་གསུང་པ་དེ་གཉིས་བབས་སོ་གཅིག་པར་འདུས་པ་ནི། འཆད་རྩོད་རྩོམ་པའི་གོ་རིམ་མ་ནོར་ཚད་དང་ལྡན་པའི་རྩོམ་ལུས་ཡང་དག་པ་ཞིག་ཡིན་ན་དེའི་ཀུན་སློང་གི་རང་བཞིན། འདི་དང་འདིའོ་ཞེས་རྗོད་མཁན་མི་འདྲ་བས་བརྗོད་ཚུལ་མི་འདྲ་བ་ག་ཚད་སྤྲོས་ནའང་བརྗོད་དོན་བདེན་པ་གཅིག་རང་ཏུ་བབས་པ་ལས་གཞན་མེད། རྒྱུ་མཚན་དེའི་མུར་ན་སྐབས་དོན་སྨྲ་དབང་ཡོངས་འཛིན་ཆེན་མོའི་གསུང་འབུམ་གྱི་རྩོམ་རིག་རིན་ཐང་རྩོམ་པ་ཀུན་ནས་སློང་བ་གསེར་མདངས་ལྟར་ཀླད་དོན་གཙང་བའི་གནས་བབ་ཟིན་ཚུལ་དངོས་སུ་བརྗོད་པ་གོང་གསལ་དེ་བཞིན་ལགས་སོ། །ད་དུང་དེ་ཙམ་དུ་ག་ལ་ཟད་དེ། ཞྭ་དཀར་བསྟན་པའི་གཙུག་རྒྱན་དམ་པ་རྒྱལ་བ་སྨན་རིའི་མཁན་ཆེན་སོ་གསུམ་པ ༧ ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་ཞལ་སྔ་ནས་ཡོངས་འཛིན་མཆོག་ལ་ཕུལ་བའི་གསོལ་འདེབས་ལས “ཀུན་མཁྱེན་ཉི་དབང་རྣམ་རོལ་དགོངས་རྩལ་རྫོགས” ཅེས་པའང་གོང་གསལ་བརྗོད་དོན་གྱི་བྱིན་རླབས་དང་གཟི་འོད་བཅས་པ་གསེར་མདོག་མཚུར་གྱིས་བཏོན་པ་ལྟར་གཟི་མདངས་ཆེས་ཆེར་ངང་གིས་ལྷགས་པ་དེའི་མོད་དུ་སྐྱབས་རྗེ་མཁན་སློབ་རྣམ་གཉིས་སངས་རྒྱས་མི་གཟུགས་བརྙན་པའི་མཛད་ཕྲིན་དངོས་སུ་མཐོང་བ་ལས། ཐ་མལ་རང་ག་བ་ཞིག་མ་ཡིན་པའི་དད་སྣང་དབང་མེད་དྲངས་བའི་བདག་རྐྱེན་ཁྱད་པར་ཅན་དུ་གྱུར་པ་དང་དེ་ཡིས་མཚོན་ནས་རྒྱ་ཆེར་མཁྱེན་པར་འགྱུར་བ་བཅས་རེ་ཞིག་དེ་ཙམ་དུ་རྫོགས་པར་བྱས་སོ། །
༢༽ རྩོམ་གཞུང་གནད་དུ་ཁེལ་བས་གསལ་བྱེད་ཀྱི་རིན་ཐང་རྒྱང་ཤེལ་ལྟ་བུར་ལུང་རིགས་ཀྱི་གཞུང་དོན་ཟབ་པ་སྟེ། དམ་པ་མཆོག་གི་གསུང་འབུམ་པོད་གྲངས་ཉེར་གཉིས་བཞུགས་པའི་བདག་ཉིད་ཅན་འདི། གཡུང་དྲུང་བོན་གྱི་བཀའ་ཡི་གསལ་བྱེད་དུས་བསྟུན་སྒྲོན་མེ་ལྟར་གྱུར་པར་སྟེ། གང་འདོད་ར་ཆོད་མེད་ཅིང་ལུང་རིགས་ཁུངས་བསྐྱེལ་གོ་རིམ་བསྒྲིགས་པས་བཀའ་ཡི་དགོངས་དོན་གབ་པ་བཏོན། འཁྲུགས་པ་བསྒྲིགས། རྒྱས་པ་བསྡུས། བསྡུས་པ་བཀྲལ་ཏེ་བསྟན་པའི་གསལ་བྱེད་དུ་གྱུར་ཡོད། དེ་ཡང་རིམ་པར་སྨོས་ན་གསུང་འབུམ་པོད་དང་པོ། སྟོན་པའི་སྐྱེས་རབས་སྐོར( སྟོད་ཆ)གསུང་འབུམ་པོད་གཉིས་པ། སྟོན་པའི་སྐྱེས་རབས་སྐོར( སྨད་ཆ)གསུང་འབུམ་པོད་གསུམ་པ། བསྟན་འབྱུར་སྐོར། གསུང་འབུམ་པོད་བཞི་པ། རྣམ་ཐར་སྐོར། གསུང་འབུམ་པོད་ལྔ་པ། ལམ་ཡིག་དང་རྒྱུ་ཐེག་སྐོར། གསུང་འབུམ་པོད་དྲུག་པ་བཟོ་རིག་སྐོར། གསུང་འབུམ་པོད་བདུན་པ་དཀྱིལ་འཁོར་སྐོར། གསུང་འབུམ་པོད་བརྒྱད་པ་ལྷ་བཀོད་སྐོར(སྟོད་ཆ)གསུང་འབུམ་པོད་དགུ་པ་ལྷ་བཀོད་སྐོར(བར་ཆ)གསུང་འབུམ་པོད་བཅུ་པ་ལྷ་བཀོད་སྐོར( སྨད་ཆ)གསུང་འབུམ་པོད་བཅུ་གཅིག་པ་ཐོར་བུའི་སྐོར། གསུང་འབུམ་པོད་བཅུ་གཉིས་པ་དཔྱད་བརྗོད་སྐོར། གསུང་འབུམ་པོད་བཅུ་གསུམ་པ་བསྡུས་རྟགས་དང་ལམ་རིམ་སྐོར། གསུང་འབུམ་པོད་བཅུ་བཞི་པ་དབུ་མའི་སྐོར། གསུང་འབུམ་པོད་བཅོ་ལྔ་པ་འདུལ་བའི་སྐོར། གསུང་འབུམ་པོད་བཅུ་དྲུག་པ་བཀའ་འགྲེལ་གསལ་བྱེད། གསུང་འབུམ་པོད་བཅུ་བདུན་པ་གསང་སྔགས་སྤྱི་སྤུངས་སྐོར། གསུང་འབུམ་པོད་བཅོ་བརྒྱད་པ་གསང་སྔགས་མ་རྒྱུད་སྐོར། གསུང་འབུམ་པོད་བཅུ་དགུ་པ་གསང་སྔགས་ཆོག་ཁྲིག་སྐོར(སྟོད་ཆ)གསུང་འབུམ་པོད་ཉི་ཤུ་པ་གསང་སྔགས་ཆོག་ཁྲིག་སྐོར(བར་ཆ)གསུང་འབུམ་པོད་ཉེར་གཅིག་པ་གསང་སྔགས་ཆོག་ཁྲིག་སྐོར(སྨད་ཆ)གསུང་འབུམ་པོད་ཉེར་གཉིས་པ་རྫོགས་ཆེན་སྐོར་བཅས་སོ། །གསུང་པོད་ཉེར་གཉིས་འདིའི་ནང་དོན་བཅུད་དྲིལ་ཟབ་མོར་བཤད་པ་ནི། གསུང་འབུམ་ཞུ་སྒྲིག་ལྷན་ཚོགས་ཀྱི་སློབ་སྟོན་པ། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ཞུ་སྒྲིག་གཙོ་འགན་པ་དགེ་བཤེས་བསམ་གཏན་གཙུག་ཕུད་ཟུང་ནས་གསུང་འབུམ་གླེང་བརྗོད་མང་ཉུང་འཚམས་པའི་ངོ་སྤྲོད་གནད་འདུས་བསྩལ་བ་དེ་ཉིད། འཇུག་སྒོའི་ལྡེའུ་མིག་ལྟར་ཤིན་ཏུ་ཟབ་པས་གསུང་འབུམ་རིན་པོ་ཆེའི་ལུང་རིགས་ཀྱི་རིན་ཐང་འདི་ལས་གསལ་བས་མཇལ་འདོད་ལྡན་པ་དག་གིས་ངེས་པར་གཟིགས་པར་འཚལ་ཞེས་ཞུ། གཡུང་དྲུང་བོན་གྱི་བཀའ་ཡི་ཟབ་གནད་དུ་མ་ཞིག ལས་དང་དུས་དབང་གིས་གབ་རྙོགས་ཁྲོད་དུ་ལྷགས་པས་གཞུང་དང་ལག་ལེན་ཐོད་མི་ཐུག་པ་དང་ཡང་ན་གཞུང་དང་ལག་ལེན་རྒྱབ་འགལ་སོང་བའང་ཇི་སྙེད་ཅིག་མཆིས་པས། མདོར་ན་གཞུང་དང་ལག་ལེན་གཉིས་ཀྱི་བར་ཐག་རིང་བའི་གལ་གནད་གསལ་འདོན་དགོས་ངེས་རིགས་ལ། ཡང་དག་པའི་ལུང་དང་རིགས་པའི་ཁུངས་རྡོ་ཐོག་ཏུ་རྡེའུ་བཀོད་པ་ལྟར་གསལ་འདོན་གནང་བ་ལས། གཞི་མེད་ཀྱི་བརྡོལ་རྟོག་དང་། གསར་བཅོས། འོལ་ཚོད་ཀྱིས་གྲུབ་མཐའི་ཁ་འཛིན་བྱེད་པའི་སྒྲུང་རྩོམ་ལྟ་བུ་མིན་པ་ནི། གསུང་འབུམ་རིན་པོ་ཆེར་ཞིབ་མོར་ཐོས་བསམ་གནང་བའི་སྐལ་ལྡན་དག་ལ་ལུང་རིགས་ཀྱི་ངེས་པ་འདྲེན་ནུས་པས་དེས་འཐུས་ལ། ད་ལན་གནད་བསྡུས་གལ་ཆེའི་ཚུལ་དུ་གཞུང་ལུགས་དང་རིག་གནས་གཉིས་སུ་ཕྱེས་ནས་གུས་པོས་མཐོང་ཚོད་ཀྱིས་ཞུ་བར་སྤྲོ་ན།

གཅིག །སྤང་བསྒྱུར་གྲོལ་གསུམ་གྱི་གཞུང་ལུགས་གསལ་འདོན།
༡ སྤང་ལམ་མདོ་ཡི་སྐོར། ཡོངས་འཛིན་དམ་པའི་“དཀའ་ཐུབ་རྣམ་བཤད་རྒྱལ་བསྟན་གསལ་བྱེད”ཀྱིས་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ཀྱི་དཀའ་ཐུབ་མདོ་ཡི་དགོངས་པ་ལྟར་དོན་དང་མ་འབྱོར་པའི་སྔར་སྲོལ་བསླད་སྐྱོན་རིགས་དང་། རང་གཞུང་ཁུངས་མའི་ལུང་དོན་དགོས་ངེས་མ་ཚང་བ་སོགས་དགེ་འདུས་ཀྱི་སྤྱོད་ལམ་བླང་དོར་ཐད་དགག་བཞག་སྤང་གསུམ་ཚད་དང་ལྡན་པས་ཁུངས་ཐུབ་གསལ་འདོན་གནང་ཡོད། དེ་བཞིན་ “བོན་གྱི་འདུལ་བའི་བསྟན་པ་དར་ཚུལ། བསྙེན་བསྙུང་གི་སྡོམ་པ་ལེན་ཐབས་རིན་ཆེན་ཐེམ་སྐས། འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས་ཀྱི་རྣམ་བཤད། སྤྱི་ལྟོས་འགོག་པ་ཕྱོགས་སྡོམ་ཀྱི་རྒྱུད་ཀྱི་ལེའུ་བཅུ་བདུན་དང་བཅོ་བརྒྱད་གཉིས་ཀྱི་མཆན་འགྲེལ། རྣམ་དག་འདུལ་བ་དང་བསྟུན་པའི་བཅའ་ཡིག་གི་ཚོགས་གཏམ། མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རིང་ལུགས་འཛིན་པའི་དགོན་སྡེའི་བཅའ་སྒྲིག འདུལ་བའི་བརྒྱུད་རིམ་ཇི་ལྟར་བྱུང་བའི་ཁུངས་ཀྱི་ལུང་མཚན། བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་པའི་ཆོ་ག དྲང་སྲོང་མོ་ཡི་བསྙེན་རྫོགས་ཀྱི་སྡོམ་པ་ལེན་ཚུལ་མདོ་དོན་གསལ་བ། རྣམ་དག་འདུལ་བའི་བརྒྱུད་རིམ་གྱི་བཀོད་པ། སོ་སོ་ཐར་པའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན”བཅས་ཀྱི་མདོ་དོན། འདུལ་བའི་བསླབ་ཁྲིམས་སྤྱོད་པ་མས་འཛེགས་ཀྱིས་ཐ་མལ་གདུལ་བྱའི་སྣང་བ་མཐོ་སྒང་གངས་ཅན་བོད་ཀྱི་ཡུལ་དུས་དང་ཉེ་བར་འཚམས་པའི་འཇིག་རྟེན་ཡང་དག་གི་ལྟ་བར་མཐུན་པའི་བཅས་ཁྲིམས། སྟོན་པ་ཁྲི་གཙུག་རྒྱལ་བ་ནས་ད་བར་རྒྱུན་སྲོལ་བར་མ་ཆད་པའི་ལུང་རིགས་ཁུངས་དང་བཅས་པ་སྟེ། མཛད་མདོ་དང་འདུལ་བ་རྒྱུད་དྲུག་གཙོས་བཀའ་ཡི་སྐོར་འབྲེལ་ཡོད་ལུང་ཚན་གུང་བསྒྲིགས་པས་གསལ་འདོན་གནང་ལ། དེས་རང་ལུགས་འདི་ཞེས་བྱ་བའི་གཡུང་དྲུང་བོན་ལུགས་ཀྱི་འདུལ་བསྟན་ཐུན་མོངས་མིན་པའི་རང་མཚན་ལུས་ཀྱི་ཆ་ལག་ཡོངས་སུ་ཚང་བའི་སྣང་བརྙན་མངོན་པར་བཞེངས་བསྐྲུན་གནང་བ་དང་། དུས་འགྲོས་འཚམས་པའི་རྩོམ་བབས་རིན་ཐང་ལྡན་པའི་གསོན་ཉམས་དོད་པར་འཁུམས་སོ། །ད་དུང་སྤང་ལམ་མདོ་ཡི་ལྟ་བ་གཏན་ལ་འབེབ་པའི་རང་གཞུང་དང་ཟུར་རྒྱན་གཉིས་པོའི་བབས་གནད་སོ་སོར་མ་འདྲེས་ངང་གིས་གསལ་བ་སྟེ། དམ་པ་མཆོག་གིས་བརྩམས་པའི་“རིགས་ལམ་བསྡུས་གྲྭའི་རྣམ་བཤད་ཀྱི་ངོས་འཛིན་བློ་གསལ་འཇུག་སྒོ རྟགས་ཀྱི་རིགས་པའི་རྣམ་བཤད་ཚད་མའི་གཞུང་ལ་འཇུག་པ། སྨོན་ལམ་ཡན་ལག་བརྒྱད་པ་ཐར་པའི་ཐེམ་སྐྲས་ཀྱི་རྣམ་བཤད། ཞི་གནས་ལག་ཏུ་ལེན་པའི་ཐབས་མདོ་རྒྱུད་རྒྱ་མཚོའི་དགོངས་བཅུད། འཇུག་སྒྲུབ་ལས་འཕྲོས་པའི་བསམ་གཟུགས་ཀྱི་སྐོར། ཐེག་རིམ་གྱི་རྗེས་སུ་འབྲངས་ནས་ཡང་དག་ལྟ་བའི་ལྡོག་ཕྱོགས་མ་རིག་ངོས་འཛིན་གྱི་ཟིན་བྲིས། ཐེག་པ་ཆེན་པོ་ཡུམ་གྱི་མདོ་དོན་གསལ་བྱེད་སྣང་བ་གསར་པ། ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔའི་རྣམ་བཞག” བཅས་དེ་རྣམས་སྤང་ལམ་མདོ་ཡི་ལྟ་བ་བསྟན་པའི་གསལ་བྱེད་ཡིན་ལ། དེ་དག་གི་དགོངས་དོན་ཟབ་གསང་གཏིང་རིང་ཕལ་གྱིས་མི་དཔོག་ནའང་གུས་པོས་སྐབས་དོན་ཁུར་བླང་གི་གོ་ཚོད་ལྟར་ན། དེ་རྣམས་ཀྱི་མདོ་དྲིལ་དོན་གྱི་བབས་སོ་ནི། ལུང་རིགས་ཀྱི་རྒྱབ་བརྟེན་རང་གཞུང་དང་ཟུར་རྒྱན་གཉིས་པོ་མ་འདྲེས་དགོས་པའི་གདམས་པ་སྟེ། ཉིད་ཀྱི་ཐེག་རིམ་གྱི་རྗེས་སུ་འབྲངས་ནས་ཡང་དག་ལྟ་བའི་ལྡོག་ཕྱོགས་མ་རིག་ངོས་འཛིན་གྱི་ཟིན་བྲིས་ལས། “བོན་རང་ལུགས་ཀྱི་དབུ་མ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ལུགས་ལ་རོལ་པ་སྐྱེ་མཆེད་ལྟར་སྣང་བའི་དབུ་མ་དང་། མཚན་མ་ཀུན་བྲལ་ཅིར་མི་སྣང་བ་ཞེས་པ་གཉིས་དང་། དེ་ལ་ནང་གསེས་སུ་གཉིས་ཏེ། མཚན་མ་འགེགས་པ་བ་དང་། མཚན་མ་ཤུགས་སྣང་གཉིས། འདི་རྣམས་ཀྱི་དགག་བྱ་ངོས་འཛིན་ཚུལ་དང་དགག་བྱ་འགེགས་ཚུལ་སོགས་བདག་གི་བླ་མ་སྨྲ་བའི་སེང་གེ་ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱི་ཞལ་སྔ་ནས་དབུ་མའི་ཟིན་བྲིས་མཛད་གནང་བ་བཞིན་བལྟ་བར་བྱའོ། །འོན་ཀྱང་རོལ་པ་སྐྱེ་མཆེད་པ་དང་། མཚན་མ་ཀུན་བྲལ་བ་གཉིས་དབུ་མ་ཐལ་རང་སྦྱར་བ་ནི་བོན་རང་ལུགས་ཀྱི་ཡིག་ཆ་ཁུངས་མའི་ཕུགས་ལ་གཏུགས་ནས་ཡིན་མིན་གང་ལྟར་ཡང་། དེང་དུས་བོད་གངས་ཅན་དུ་ཡོངས་སུ་གྲགས་པའི་ཚུལ་རྣམས་རྟོགས་པའི་ཆེད་དུ་བཀོད་པ་ཡིན་པར་མངོན། འོན་ཀྱང་བརྟག་གོ །རོལ་པ་སྐྱེ་མཆེད་པ་དང་། མཚན་མ་ཀུན་བྲལ་བ་གཉིས་ཀྱི་ལྟ་བའི་འདོད་ཚུལ་ཐལ་རང་དང་མཚུངས་པའི་ཆ་འགའ་ཞིག་བྱུང་བས་དེ་དང་མིང་དོན་གང་ས་ནས་མཚུངས་དགོས་པའི་རྒྱུ་མཚན་ལྟོས་ཆུང་ངོ་། ཐལ་རང་གི་ཐ་སྙད་ནི་རྒྱ་གར་དུ་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་དུས་སུ་བཞག་པར་འདོད་མོད། དེའི་རྗེས་སུ་བོད་དུ་དེའི་ཐ་སྙད་ཀྱི་ཤན་གྲུབ་མཐའ་དང་ལུགས་སྲོལ་རྣམས་ཕན་ཚུན་བསྲེས་པ་དང་འདྲེས་པ་ཇི་སྙེད་བྱུང་བར་མངོན། གཡུང་དྲུང་བོན་གྱི་རང་ལུགས་ཐེག་ཆེན་དབུ་མ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཁམས་བརྒྱད་སྟོང་བརྒྱ་པ་རྒྱས་འབྲིང་བསྡུས་པའི་ཚོགས་ཀྱིས་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཟབ་མོ་དབུ་མའི་ལྟ་བ་དང་། ཐེག་ཆེན་ཡེ་གཤེན་པའི་ལུགས་ཀྱི་དབུ་མའི་སྟོང་པ་ཉིད་གཉིས་སུ་འཆད་ཚུལ་ཡོད་པའི་དང་པོ་ནི། རྗེ་བཙུན་ཡར་མེ་བའི་དབུ་མ་བདེན་གཉིས་རྩ་འགྲེལ་སོགས་ལ་བརྟེན་ནས་གཞུང་འགྲེལ་ཇི་སྙེད་འཕེལ་བ་ལྟར་ལ། འདིར་ཕྱི་མ་འདིའི་ཚུལ་གཞུང་གི་ལུང་བཞག དེ་ཡི་དོན་རིག་པའི་སྒོ་ཙམ་ཞིག་འཆད་པར་འདོད” ཅེས་གསུངས་པ་ནི། རང་གཞུང་ལུང་རིགས་ཀྱི་ཁུངས་དག་པར་གཏུགས་ཚུལ་དང་། ཡུལ་དུས་ཁོར་ཡུག་འཚམས་པའི་ལེགས་ཆ་ཟུར་རྒྱན་སྤྲས་ཚུལ་གཉིས་པོ་མ་འདྲེས་གཅིག་ཏུ་མཛེས་པ། ཕྱི་ཡི་རྣམ་པ་རྒྱང་དུ་མ་ཆད་ནང་གི་ཟིན་མཚམས་རང་ཚུགས་དོད་པའི་མཁས་པའི་ལེགས་བཤད་ཀྱི་རང་ཞལ་ལྷག་དུ་འཛུམ་པ་དང་། ཡང་ཉིད་ཀྱི་འབུམ་དོན་ལོ་རྒྱུས་ལས། “གཞན་སྡེའི་ཡུམ་དོན་འཆད་པ་པོ་རྣམས་ཀྱིས་རྫོགས་ཆེན་ཡོངས་རྩེའི་ལྟ་བ་བློ་མ་ཕྱོགས་པས་ཕར་ཕྱིན་གཞུང་གིས་རྫོགས་ཆེན་གྱི་ལྟ་བ་བསྟན་པ་མི་འདོད་མོད། རང་སྡེའི་ཡུམ་དོན་འགྲེལ་མཛད་རྣམས་ཀྱང་གཞན་གྱི་ཟེར་སྒྲོས་ལ་ཆེས་ཞེན་ནས་རང་གི་ཐུན་མོང་མ་ཡིན་པའི་ཡུམ་དོན་དང་། ཁྱད་པར་དུ་རིག་པའི་ཁམས་ནས་བསྟན་པའི་རང་རིག་པའི་ཡེ་ཤེས་འདི་ནི་མ་བགོས་སྤྱི་ལ་བཞག་པའི་ནོར་བུ་རིན་པོ་ཆེའོ། །ཞེས་པའི་ཚིག་རྣམས་ཀྱིས་བླ་མེད་རྫོགས་ཆེན་པོའི་ལྟ་བ་བསྟན་པར་མ་འགྲེལ་བས་རང་གཞུང་དོན་ལ་ཐག་འགྱངས་སུ་སོང་ངམ་སྙམ”ཞེས་དང་ཡང་དེ་ཉིད་ལས་། “ ཁོ་ན་རེ་འདི་ཕར་ཕྱིན་གྱི་ཐེག་པའི་གཞུང་གི་གཙོ་བོ་ཡིན་པས་སྔགས་ཀྱི་ལྟ་བ་སྟོན་པར་འདོད་པ་མི་འཐད་དོ་ཟེར་ན། རང་ལུགས་ཀྱི་མདོ་འབུམ་རྒྱུད་མཛོད་རྣམས་ཀྱིས་གཞི་གཏན་ལ་འབེབ་སྐབས་གཞིའི་གནས་ལུགས་རང་འབྱུང་ཡེ་ཤེས་ཙམ་གཏན་ལ་འབེབ་པ་འདྲ་ཞིང་དེའི་ཐབས་ཀྱི་ཆ་དང་ལྟ་བ་གཏན་ལ་འབེབ་ཚུལ་ལྟ་བ་རྟོགས་ཚུལ་དེ་ཉམས་སུ་ལེན་ཚུལ་སོགས་སྒོ་གཞན་མི་འདྲ་བ་དུ་མ་ཡོད་པར་བཞེད། དཔེར་ན་ཟ་འོག་གི་གཞི་སྔོ་ཤས་ཆེ་ཞིང་དེ་ལ་ཚོན་དང་རི་མོ་མི་འདྲ་བའི་རྣམ་འགྱུར་ཇི་སྙེད་སོ་སོ་ན་བཀྲ་བ་བཞིན་ནོ། །ཞེས་གསུངས། གཞུང་འདིས་རྫོགས་ཆེན་གྱི་ལྟ་བ་གཏན་ལ་ཕབ་ན་ཐེག་རིམ་འཆོལ་བའི་སྐྱོན་མེད་དེ། རྫོགས་ཆེན་གྱི་ལྟ་བ་གཞུང་འདིའི་བརྗོད་བྱའི་གཙོ་བོ་བྱས་ནས་མ་བསྟན་པའི་ཕྱིར་དང་། གོང་མའི་ལྟ་བ་གཡར་ནས་བསྟན་པའི་ཕྱིར། ཞེས་གསུངས། དགེའོ། །། །བསྟན་རྣམ་པས་བྲིས”ཅེས་གསུངས་སོ། །དེ་ལྟར་དངོས་སུ་གསལ་བ་ལས་ལྷག་པའི་བཤད་པ་ཞུ་མི་དགོས་པ་མ་ཟད། དམ་པ་ཉིད་ཀྱི“ སོ་སོ་ཐར་པའི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་དང་། སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན” རྣམ་གཉིས། རྒྱལ་བསྟན་གསལ་རྒྱན་ཟུང་གི་ཉིན་མོར་བྱེད་པ། ལུང་རིགས་ཁུངས་ནས་གསར་དུ་འཁྲུངས་པ་དང་། གཟི་བྱིན་འོད་རླབས་གསལ་བས་སྒྲིབ་གཉིས་སྤང་པ་ལམ་གྱི་ལྟ་སྤྱོད་གསལ་བའི་རྒྱན་དུ་གྱུར་པས་མཚོན་སྤང་ལམ་མདོ་ཡི་སྐོར་གསལ་རྒྱན་གྱུར་ཚུལ་འགྲེས་སུ་མཁྱེན་པར་མཛོད་ཅིག་ཞེས་ཞུའོ། །
༢༽ བསྒྱུར་ལམ་སྔགས་ཀྱི་སྐོར། གསུང་འབུམ་པོད་བཅུ་དྲུག་དང་། བཅུ་བདུན། བཅོ་བརྒྱད། བཅུ་དགུ། ཉི་ཤུ། ཉེར་གཅིག་བཅས་གསང་སྔགས་རྒྱུད་སྡེའི་རང་གཞུང་གསལ་བྱེད་གོང་གསལ་མདོ་ལྟར། ཁུངས་ཐུབ་ཀྱི་གདམས་དོན་ལུང་རིགས་གསལ་འདོན་གནང་བ་། རང་གཞུང་དང་ཟུར་རྒྱན་གཉིས་པོ་མ་འདྲེས་གསལ་བས། དེ་ཡི་དགེ་མཚན་གྱི་རིན་ཐང་དམིགས་ཀྱིས་ཕྱེད་དོ། །དམ་པ་མཆོག་གི་བཀའ་འགྲེལ་གསལ་བྱེད་ཀྱི་བར་སྐབས་ངལ་གསོའི་ཚིག་བཅད་ལས “མཁས་པ་ཕལ་གྱིས་མ་དཔྱད་ཟུར་དུ་བཞག །བླུན་པོས་གཞུང་ཆེན་མཐོང་བའི་བློ་མིག་ལྡོང་། །དེ་ཕྱིར་འགངས་ཆེན་གདམས་པ་ཐལ་རྒྱས་བསྡོམས། །ཚུལ་འདི་བསམ་བཞིན་སྙིང་ནས་སྐྱོ་བ་སྐྱེས། །འདི་ལྟའི་གཞུང་དོན་དཔྱད་ནས་ཐོན་པའི་གཏེར། །རྣམ་བཤད་ཟོལ་མེད་གསེར་གྱི་ཕྲེང་བ་གང་། །སྨྲ་དབང་མཁས་པའི་མགུལ་གྱི་རྒྱན་འོས་ཀྱང་། །འགྲོ་བ་ཕལ་གྱིས་ཟན་རྡོག་གཅིག་ལས་ལོད། །འོན་ཀྱང་བདག་གི་འདྲེན་པ་བླ་མ་ལྷས། ། གདམས་ངག་རིན་ཆེན་རྗེས་སྐྱེས་ལ་བཞག་པ། །ཡལ་བར་མི་འགྱུར་ཆེད་དུ་ཤོག་སྟེང་བཀོད། ། མ་རིག་སྨག་རིམ་སེལ་བའི་གཉེན་གྱུར་ཤོག” ཞེས་དང་། ཡང་དེ་ཉིད་ཀྱི་མཇུག་བྱང་ལས། “ ཞེས་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་བཀའ་འགྲེལ་ཆེན་པོ་འདི་ཡི་བཤད་ཁྲིད་ལན་གྲངས་དུ་མར་བདག་གི་བླ་མ་མཁས་པའི་དབང་པོ་མཚན་དོན་ཡོངས་སུ་མཚུངས་པའི ༧ ཡོངས་འཛིན་སྨྲ་བའི་སེང་གེ་སངས་རྒྱས་བསྟན་འཛིན་ནམ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ ༧ དབྱངས་ཅན་བཞེད་པའི་གཡུང་དྲུང་དུ་གསོལ་བ་གང་གི་ཞལ་སྔ་ནས་ཚུལ་བཞིན་དུ་མཉན་པ་དང་། སླར་ཡང་གཞུང་འདིའི་འགྲེལ ༧ སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་འགྲེལ་བ་རྒྱས་བསྡུས་གཉིས་སུ་བཞུགས་ནང་ནས། རྒྱས་འགྲེལ་ལ་རིམ་ཆགས་སུ་དང་། དོགས་གཞི་སོགས་ཡུན་རིང་དུ་མནན་ཞིང་འདྲིས་པར་བྱས། ཐོས་པའི་དོན་ལ་དཔྱད་པ་དང་དེ་ལ་གཞུང་གཞན་གྱིས་དགོངས་པ་འགྲེལ་བའི་ཆ་རྐྱེན་གྱི་ལྡེ་མིག་ཀྱང་བྱས་ཏེ་གཞུང་འདིའི་ཐོག་ནས་བཤད་ཁྲིད་བདེ་བའི་ཡན་ལག་ཏུ་སྨན་རི་བའི་སློབ་དཔོན་གྱི་གྲལ་མཐར་འཁོད་པ་ཁྱུང་བཙུན་བསྟན་འཛིན་རྣམ་དག་ཅེས་ཡོངས་འཛིན་སྨྲ་བའི་དབང་པོ་མཚན་བརྗོད་པ་དཀའ་བ ༧ ཚུལ་ཁྲིམས་རྒྱལ་མཚན་དང ༧ སངས་རྒྱས་བསྟན་འཛིན་གཉིས་ཀྱི་བཀའ་དྲིན་གྱིས་བསྐྱངས་བ་དང་གང་གིས་རྣམ་འདྲེན ༧ རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རིང་ལུགས་དྲི་མ་མེད་པའི་ཞབས་འདེགས་སུ་དམིགས་ཏེ་བོད་རབ་བྱུང་བཅུ་བདུན་ལྕགས་རྟ་ལོར་བྲིས་པས་དོན་དང་ལྡན་པར་གྱུར་ཅིག དགེའོ།” ཞེས་གསུངས་པ་འདི་རྣམས་ཀྱིས་དམ་པ་ཉིད་ནས་སྔགས་ཀྱི་གནད་གདམས་རྡོག་པོའི་ནེམ་ཚད་གང་ལྟར་གནས་མིན་གསལ་པོར་གོ་བར་ནུས་པ་དང་། ལྷག་པར་དུ་དེང་གི་དུས་སུ་ཡོངས་འཛིན་ཆེན་མོའི་གསུང་དོན་མ་ཁྲོལ་བར་གསར་བཅོས་དང་གསར་བཏོད་དུ་དོགས་ཡོད་རིགས་ཀྱིས། དམ་པས“དེ་ལ་གཞུང་གཞན་གྱིས་དགོངས་པ་འགྲེལ་བའི་ཆ་རྐྱེན་གྱི་ལྡེ་མིག་ཀྱང་བྱས་ཏེ” ཞེས་པའི་དོན་ལ་སོམས་ཤིག གཞན་སྐབས་དོན་འདི་ཡི་བཤད་པ་གུས་པོས་མ་བྱས་བསྐྱུང་ན་འགྲིག་པར་སེམས་སོ། །
༣༽ གྲོལ་ལམ་རྫོགས་ཆེན་སྐོར། གཡུང་དྲུང་བོན་ཀྱི་རྫོགས་ཆེན་གྱི་གཞུང་ཆེན་བཞི་སྟེ། 1.ཞང་ཞུང་སྙན་བརྒྱུད་ཀྱི་དགོངས་པ་གསལ་བྱེད། རྗེ་ཏ་པི་ཧྲི་ཙའི་གསོལ་འདེབས་ཀུན་བཟང་ཐུགས་སྤྲུལ་མའི་འགྲེལ་བ་མདོར་བསྡུས་ཤིག་བཀོད་པ་ཡེ་ཤེས་རབ་འཕེལ། ཡེ་གྲོལ་ཟབ་མོའི་གདམས་པ། 2. བྱང་སེམས་གབ་པའི་དགོངས་པ་གསལ་བྱེད། བྱང་སེམས་གབ་པའི་གཞུང་གི་སྤྱི་ཆིངས་རིགས་པའི་ལམ་བཟང་། 3. བསྒྲགས་པ་སྐོར་གསུམ་གྱི་དགོངས་པའི་གསལ་བྱེད། རྫོགས་པ་ཆེན་པོ་ཡོངས་རྩེ་ཀློང་ཆེན་ལས་འཆི་ཁར་སེམས་བསྐྱེད་དབོག་པའི་གདམས་པ་ཟུར་དུ་བཀོད་པ། མན་ངག་ལུང་གི་ཚད་མའི་མཆན་འགྲེལ་གཞི་སྣང་ཡེ་ཤེས་རབ་གསལ། ཡོངས་རྩེ་ཀློང་ཆེན་གྱི་འཕོ་བའི་སྤྱི་དོན། ཡོངས་རྩེའི་འཕོ་བའི་གསོལ་འདེབས། 4. ཡེ་ཁྲི་མཐའ་སེལ་གྱི་དགོངས་པའི་གསལ་བྱེད། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་རྩོད་སྤོང་སྨྲ་བའི་སེངྒའི་མཆན་འགྲེལ་ལུང་དོན་རབ་གསལ་སྒྲོན་མེ། བར་དོའི་རྣམ་བཤད་སྨོན་ལམ་ཡེ་ཤེས་ལམ་བཟང་། རྫོགས་ཆེན་ཡེ་ཁྲི་དང་དགོས་འདོད་གསལ་བྱེད་བཤད་བཞིའི་མཆོང་སོགས་རྫོགས་ཆེན་གྱི་གཞི་བདུན་འདོད་ཚུལ་གྱི་མཐའ་དཔྱོད་བསྡུས་དོན་བཅས་རྫོགས་ཆེན་གཞུང་བཞིའི་གསལ་བྱེད་དོ། །རྫོགས་ཆེན་ཐུན་མོང་གི་གསལ་བྱེད། དོགས་སེལ་འགའ་ཞིག་གླེང་བའི་ལེའུ་རིན་ཆེན་གཙག་བུ། བོན་སྒོའི་སྤྱི་དོན་ཤ་རིའི་གལ་མདོའི་རྣམ་བཤད་རིག་ལམ་གསལ་བའི་ཉི་མ་བཅས་སོ། །དེ་རྣམས་གོང་མའི་ཞལ་ཁྲིད་ཉམས་ཀྱི་རང་མྱོང་ཐོད་ཐུག་པའི་བྱིན་རླབས་ཚན་ཁ་མ་ཡལ་བ། རང་གསལ་སྟོང་པས་སྟོང་པར་རིག་པའི་བརྡ་ཙམ་དུ་ལུང་རིགས་ཀྱི་གསལ་རྒྱན་དུ་གྱུར་པ་སྟེ། ཡོངས་འཛིན་མཆོག་གི་ཡེ་གྲོལ་ཟབ་མོའི་གདམས་པ་ལས། “ འདི་ན་ཟབ་མོའི་གནད་འགའ་ལ། གོམས་པའི་ཆེད་དུ་གོ་དོན་ཞིག རང་ལ་གསལ་ཕྱིར་འབྲི་བ་ལ། ཡོངས་རྩེ་བླ་མེད་ཐེག་པ་ཡི། ལྟ་བ་བློ་འདས་གསུངས་པ་དེ། གསུང་རབ་ཀུན་གྱི་དགོངས་པའི་མཐིལ”ཞེས་གསུངས་པ་ཚིག་གཅིག་གིས་དོན་བརྒྱར་ཁྲོལ་བ་འདི་ལས་ལྷག་པ་ཞིག སུས་བཤད་སུར་གོ་ཨ་ལ་ལ་ཨེ་མ་ཧོ། །དེ་ལྟར་སྤང་བསྒྱུར་གྲོལ་གསུམ་གྱི་རང་གཞུང་ལུང་རིགས་གསལ་འདོན་མཛད་ཚུལ་ལོ། །

གཉིས། རིག་པའི་གནས་ལྔའི་སྐོར།
འདི་དང་འབྲེལ་བའི་ལུང་གསེར་ལས་ལྷག་པས་སྣ་དྲངས་ཏེ། རིམ་པས་ཞུ་བར་སྤྲོ་བས། ཀུན་འབུམ་གོ་འབྱེད་ཀྱི་རིག་པའི་གནས་ལྔའི་ཐ་སྙད་སོ་སོར་བསྙད་པ། ཕྱི་རིག་པ། ནང་རིག་པ། གསོ་བ་རིག་པ། སྒྲ་རིག་པ་དང་བཞི་ནི་ཡོངས་གྲགས་ལྟར་ལས། རྒྱུ་འབྲས་རིག་པ་ཞེས་དམིགས་ཀྱི་གསལ་བ་སྟེ། ཀུན་འབུམ་གོ་འབྱེད་ཀྱི་རྗེས་གནང་ལུང་བསྟན་གྱི་ལེའུ་སུམ་ཅུ་པ་ལས། “ ཕྱི་ལ་རིག་པའི་དབང་པོ་ནི། སྣོད་ཀྱི་ཚོགས་ལ་ལོངས་སྤྱོད་པ། ཡེ་དབང་རྒྱལ་པོར་སྐུ་གྱུར་ཅིག ནང་ལ་རིག་པའི་དབང་པོ་ནི། བཅུད་ཀྱི་ཚོགས་ལ་ལོངས་སྤྱོད་པ། ཡེ་དབང[དབལ] རྒྱལ་པོའི་སྐུ་གྱུར་ཅིག གསོ་བ་རིག་པའི་དབང་པོ་ནི། སྲོག་གི་ཚོགས་ལ་ལོངས་སྤྱོད་པ། ཡེ་རྗེ་རྒྱལ་པོའི་སྐུ་གྱུར་ཅིག སྒྲ་ལ་རིག་པའི་དབང་པོ་ནི། ཚིག་གི་ཚོགས་ལ་ལོངས་སྤྱོད་པ། ཡེ་མཁྱེན་རྒྱལ་པོའི་སྐུ་གྱུར་ཅིག རྒྱུ་འབྲས་རིག་པའི་དབང་པོ་ནི། དོན་གྱི་ཚོགས་ལ་ལོངས་སྤྱོད་པ། ཚད་མེད་རྒྱལ་པོའི་སྐུ་གྱུར་ཅིག”ཞེས་པས་རྒྱུ་འབྲས་རིག་པ་ཞེས་གསལ། ཡང་དེ་ཉིད་ལས། “ འདི་ལྟར་སངས་རྒྱས་ཀུན་འབུམ་དཔལ། རྫོགས་སངས་རྒྱས་པ་ཐམས་ཅད་ཀྱིས། སྔར་བཤད་ངས་བཤད་ཕྱིས་ཀྱང་འབྱུང་། མེད་དུ་མི་རུང་ལུས་པོ་ཡི། ཤ་ཁྲག་རུས་རྐང་དབུགས་བཞིན་དུ། འཇིག་རྟེན་དག་ན་བསྟན་པ་འཛིན། སྟོན་པས་བཤད་པ་གསལ་གདབ་ཙམ། སྒྲིན་པོ་རྣམས་ལ་རང་ཆས་སོ། མ་ཤེས་གཡང་སར་འདོར་བ་འདྲ། འདི་ཤེས་དབང་པོ་ཐོག་མེད་ཡིན། སྲིད་པ་གསུམ་ལ་གནས་པ་ཀུན། ཀུན་འབུམ་གོ་འབྱེད་འདི་ལ་བརྟེན། ཡེ་དབང་ཐེག་པ་འདིར་སངས་རྒྱས། ཡེ་དབང་རང་ལ་རང་ཆས་སུ། དབང་ཆེན་འབྱུང་བ་ལྔ་པོ་འདི། དང་པོ་བསྐྱེད་ཀྱང་འདི་ཡིས་བསྐྱེད། བར་དུ་གནས་ཀྱང་འདི་ལ་གནས། ཐ་མར་སངས་ཀྱང་འདི་ལ་རྒྱས” ཅེས་དང་ཡང་དེ་ཉིད་ལས། “ཇི་ལྟར་སྣང་ཞིང་སྲིད་པ་ཀུན། རིག་པའི་གནས་ལྔ་ལ་བརྟེན་ནས། ལེགས་ཉེས་མཐའ་དང་དོན་རྟགས་པས། གལ་ཏེ་ལྔ་པོ་འདི་མེད་ན། དབང་པོ་ལྔ་མེད་གཟུགས་ཅན་བཞིན། བོན་དང་གང་ཟག་སྡེ་རྣམས་ཀྱང་། དོན་བྱེད་ནུས་པ་ཤིན་ཏུ་དཀའ། དེ་བས་ངས་བཤད་ཐེ་ཚོམ་མེད། ཟབ་མོ་ཡང་དག་འདི་སྤྱོད་ཅིག ང་ནི་མྱ་ངན་འདས་འོག་ཏུ། ཀུན་མཁྱེན་མུ་ཆོས་བསྟན་པ་འཛིན། དེ་ལ་དགྱེས་པའི་གཤེན་པོ་ཡང་། ཤར་ཕྱོགས་རྒྱ་ནག་ཡུལ་ཁམས་སུ། ལེགས་ཏང་རྨང་གིས་ཕྱི་རིག་འཆད། ལྷོ་ཕྱོགས་རྒྱ་གར་རྒྱ་ཁམས་སུ། ལྷ་བདག་སྔགས་གྲོལ་ནང་རིག་འཛིན། ནུབ་ཕྱོགས་ཏ་གཟིག་རྒྱལ་ཁམས་སུ། དགྲ་བཅོམ་རྒྱལ་པོས་ཚད་མ་འཆད། བྱང་ཕྱོགས་ཁྲོམ་གྱི་རྒྱལ་ཁམས་སུ། གསེར་ཐོག་འབྱམས་པས་གསོ་རིག་སྟོན། དབུས་ཕྱོགས་ཞང་ཞུང་སྨར་ཡུལ་དུ། གྷ་ཏྲ་པ་ཡི་སྒྲ་རིག་སྒྲོགས། དེ་ལས་སོགས་པའི་གཤེན་ཕྲན་ཡང་། གནས་ལྔའི་དོན་ཤེས་གྲངས་མེད་འབྱུང་། བསྟན་པ་བོན་ཡང་འདི་ཡིས་སྐྱོངས། དཔེར་ན་གསང་བའི་རྒྱུད་ཆེན་འདི། མཁས་པས་སྲོག་བཞིན་གཅེས་པར་བཙའ། སྟོན་པའི་བསྟན་པ་འདིས་འཛིན་འགྱུར” ཞེས་པའི་ལུང་དོན་ནི། དབང་ལྔ་ནུས་ཅན་སྐྱེས་བུའི་ལུས་དང་ཉེ་བར་འཚམས་ཞིང་། འབྱུང་ལྔ་རང་བྱུང་གི་རྟེན་འབྲེལ་དང་མཐུན་པའི་རིག་པའི་གནས་ལྔ་སྟེ། མིང་དོན་དང་། བྱེད་ལས། ངོ་བོ། དགོས་པ། རྒྱུ་མཚན་སོགས་ཐུན་མིན་སྲོལ་ཉམས་གྱི་རང་རྟགས་དང་ལྡན་པར་སྙམ། དེས་ན་ཕྱི་རིག་པ་དང་། ནང་རིག་པ། གསོ་བ་རིག་པ། སྒྲ་རིག་པ། རྒྱུ་འབྲས་རིག་པའམ། ཡང་ན་བཟོ་དང་མངོན་པའི་རིག་པ་ཞེས་ཀྱང་འཐད་དེ། ཀུན་མཁྱེན་ཉི་མ་མཆོག་གི མཚན་བཏགས་ཚིག་བཤད་རབ་དཀར་པད་མོ་ཕྲེང་མཛེས་ལས། “ བསྟན་པ་ཆགས་པའི་གཞི་དང་ཀུན་ལ་མ་རྨོངས་པར་བྱེད་པའི་བཟོ་དང་མངོན་པའི་རིག་པ” ཞེས་གསུངས་པའང་དོན་དང་ལྡན་པར་འཁུམས་པས། བཟོ་རིག་ལ་ལུས་བཟོ་ངག་བཟོ་ཡིད་བཟོ་དང་གསུམ་གྱི་སྒོ་ནས་དབྱེ་བ་ཡོད་པས་རིག་གནས་ཀྱི་ཁྱབ་ཁོངས་ཆེ་ཤོས་འདི་ཡིན་ལ། དེ་ཡང་འོལ་ཚོད་ཀྱིས་ཁུངས་མེད་ར་ཆོད་སྨྲས་པ་མིན་སྟེ། གསོ་རིག་དཔྱད་འབུམ་ཁྲ་བོ་སྨན་པའི་ལེའུ་ལས། “ རྣམ་པར་བཟོ་ལ་ལུས་ངག་ཡིད་དང་གསུམ། ལག་པ་བདེ་བས་སྨན་སྤྱད་བཟོ་ལ་མཁས། ངག་ཚིག་སྙན་པས་ནད་པ་སྤྲོ་བསྐྱེད་ནུས། རིག་པ་བཀྲ་བས་ཡིད་ལ་མ་རྨོངས་གསལ། དེ་ཤེས་བཟོ་རྣམས་ཀུན་གྱི་དཔོན་དུ་འགྱུར” ཞེས་སོ། དེས་མཚོན་པས་རིགས་འགྲོས་བྱས་ན་བཟོ་རིག་ཁོངས་སུ་འདུས་ཆེ་བས་གཤམ་དུ་དེ་ལྟར་ཞུ་རྩིས་ལགས་ཤིང་། རིག་པའི་གནས་བཅུ་ཞེས་ཡོངས་སུ་གྲགས་པའང་ཕྱིས་སུ་རིག་གནས་ཆེ་ཆུང་སོ་སོར་དགར་བའི་རིག་ཚན་གྱི་ཐ་སྙད་ཡིན་ལ། དེའི་སྐོར་ཀུན་མཁྱེན་བསོད་ནམས་བློ་གྲོས་ཀྱི་སྨྲ་སེང་སྒྲུབ་གཞུང་ལས་གསལ་བ་ལྟར་རོ། །སྔར་གཞུང་རྙིང་པ་ཁག་ལ་རིག་པའི་གནས་ལྔ་ཞེས་པ་ལས། དེ་ལ་ཆེ་བ་ཞེས་བསྙད་པ་མེད་དེ་ཆེ་ཆུང་ལྟོས་འཇོག་ཟླ་ལས་དྲངས་དགོས་པས་ཟླ་མེད་གཅིག་པུ་ལ་ཆེ་དང་ཆུང་ཞེས་བརྡ་མི་འཐོགས་པས་སོ། །ད་ནས་སྐབས་དོན་དངོས་ནས་རིམ་པར་ཞུས་ན།
༡} ཕྱི་རིག་པའི་སྐོར། ཀུན་འབུམ་ལས། “ ཕྱི་ལ་རིག་པའི་དབང་པོ་ནི། སྣོད་ཀྱི་ཚོགས་ལ་ལོངས་སྤྱོད་པ། ཡེ་དབང་རྒྱལ་པོར་སྐུ་གྱུར་ཅིག” ཞེས་པ། ཕྱི་གནམ་སའི་ཁོར་ཡུག་གི་ཡུལ་དུས་དབྱེ་བའི་རིག་པ་ནི། འབྱུང་ལྔ་རང་མཚན་གྱི་འགལ་མཐུན་དཔྱད་སྟབས་ལས་གྲུབ་པའི་རིག་པ་ཅིག་ཡིན་ཏེ། ཡོངས་འཛིན་མཆོག་གི་གཙུག་ལག་དཀར་ནག་ཁྲ་གསུམ་གྱི་རྟོག་བརྗོད་ཉུང་གསལ་ལས། “ སྟོབས་ཆེན་འབྱུང་བའི་ནུས་ཤུགས་མཉམ་མིན་གྱིས། ཆོ་འཕྲུལ་གོད་ཆགས་བཅུད་ཀྱི་འགྲོ་ལ་འབེབས། དེ་དག་ཆ་ལ་འགོད་ཅིང་བདེ་བའི་ཆེད། རྫོགས་སངས་རྒྱས་པས་བོན་སྒོ་བསམ་ཡས་གསུངས། །ཇི་ལྟར་གསུངས་པའི་རྗེས་སུ་ངེས་ཞུགས་ན། ཕན་བདེའི་འབྲས་བུ་གཡུར་བ་དངོས་པོའི་གཤིས། དེའི་ཕྱིར་འབྱུང་བ་རིག་པའི་ལྷ་ཚོགས་ལ། དད་པས་མཆོད་སྤྲིན་འབུལ་ཕྱིར་གཞུང་འདི་བཀོད” ཅེས་སོ། །དེ་དང་འབྲེལ་ཡོད་ཀྱི་གཞུང་ལུགས་དཔྱད་པས་གསལ་འདོན་མཛད་པའི་ཕྱོགས་གཏོགས་འདི་ཞེས། ཡོངས་འཛིན་གསུང་འབུམ་པོད་བཅུ་གཉིས་པ། རིག་གཞུང་དཔྱད་བརྗོད་ལས། “གཞི་གནས་སྣོད་བཅུད་ཀྱི་རྣམ་བཤད་ལུང་དོན་གསལ་བའི་མེ་ལོང་། བསང་གསོལ་དང་ཀླུང་དར་སོགས་ཀྱི་སྐོར། སྐུ་གླུད་གཏོང་བའི་རྣམ་བཤད་འདོད་དགུ་འབྱུང་བའི་བང་མཛོད། སྲིད་པའི་བརྡ་དར་ཆེན་མོའི་ཁུངས་བཤད། གཙུག་ལག་དཀར་ནག་ཁྲ་གསུམ་གྱི་རྟོག་བརྗོད་ཉུང་གསལ། འབྱུང་བའི་སྐོར། གསུང་འབུམ་པོད་ལྔ་པ་ལས། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལས་བསྟན་པ་མོ་པྲའི་ནང་ཚན་སོག་མོའི་རྣམ་བཤད་དངུལ་དཀར་མེ་ལོང་། ཕྱྭ་གཤེན་ཐེག་པའི་རྣམ་བཤད་གསལ་བྱེད་མེ་ལོང་ལས། འཆི་བསླུ་དཔྱད་ཀྱི་སྐོར་མ་གཏོགས་དེའི་སྐོར་ཆ་ཚང་དང་། སྣང་གཤེན་ཐེག་པའི་རྣམ་བཤད་གསལ་བྱེད་མེ་ལོང་། འདུར་རྒྱུད་སྲིད་གཤེན་ཐེག་པའི་གཞུང་དོན་གསལ་བྱེད” བཅས་ཕྱི་རིག་པའི་རང་གཞུང་གསལ་བྱེད་ཀྱི་མཚན་གཞིར་འོས་སོ། །
༢} ནང་རིག་པའི་སྐོར། ཀུན་འབུལ་ལས། “ནང་ལ་རིག་པའི་དབང་པོ་ནི། བཅུད་ཀྱི་ཚོགས་ལ་ལོངས་སྤྱོད་པ། ཡེ་དབང་[དབལ]རྒྱལ་པོའི་སྐུ་གྱུར་ཅིག” ཞེས་གསུངས་སོ། འདི་ནི་གོང་གསལ་གཞུང་ལུགས་སྐོར་དེས་འཐུས་པས་ཟུར་ཚན་མཚན་གཞི་མེད་དོ། །
༣} གསོ་བ་རིག་པའི་སྐོར། ཀུན་འབུམ་ལས། “གསོ་བ་རིག་པའི་དབང་པོ་ནི། སྲོག་གི་ཚོགས་ལ་ལོངས་སྤྱོད་པ། ཡེ་རྗེ་རྒྱལ་པོའི་སྐུ་གྱུར་ཅིག” ཞེས་གསུངས། འདི་སྐོར་ནི། ཕྱྭ་གཤེན་ཐེག་པའི་རྣམ་བཤད་གསལ་བྱེད་མེ་ལོང་ལས། འཆི་བསླུ་དཔྱད་ཀྱི་སྐོར་དང་། གསོ་རིག་འབུམ་བཞིའི་བརྒྱུད་ཁུངས་དཔྱད་གཞི་ལས“ གསོ་དཔྱད་ཐོག་མར་བྱུང་བའི་ཁུངས། དེ་ལྟར་འབྱུང་བའི་དགོས་ཆེད། དེ་ཇི་ལྟར་རྒྱུད་ལྡན་དུ་བསྐྱངས་པའི་ཚུལ་དང་གསུམ”ཡོད་པ་ལས། དང་པོ་ནི་ལོ་རྒྱུས་ཁོངས་སུ་ངེས་ལ། ཕྱི་མ་གཉིས་པོ་གསོ་རིག་རང་གཞུང་གི་གསལ་བྱེད་ཐུན་མོངས་མིན་པའི་མཚན་གཞིར་འོས་པས་དེ་ལྟར་ལ། གཞན་དམ་པ་མཆོག་ནས་གསོ་རིག་གི་གདམ་སྐོར་མ་མཛད་བསྐྱུངས་ཡོད་པ་ནི། བོད་གངས་ཅན་དུ་གསོ་རིག་མཁས་པའི་དབང་པོ་གནམ་གྱིས་ས་བཀབ་པ་ལྟར་བྱོན་པ་དང་། དེ་ཡི་འགྲེལ་དང་ལག་ལེན་ཇི་སྙེད་ཅིག་བཞུགས་པ་དེ་ཡིས་ཆོག་པར་བཞེད། དེ་བཞིན་དུ་བརྡ་སྤྲོད་དང་སྙན་ངག་རྩིས་ཀྱི་སྐོར་སོགས་མཁྱེན་རྒྱ་རབ་ཏུ་ཆེ་ཡང་དེ་ཡི་གདམ་སྐོར་ཆེར་མ་མཛད་པ་ནི། བོད་གངས་ཅན་གྱི་ཐུན་མོང་རིག་གནས་སྤྱི་འགྲོས་གཅིག་ཏུ་འཕེལ་བས་ཆོག་ཅེས་ལན་གཅིག་ཙམ་མིན་ཡང་ཡང་འཁོར་དུ་གསུངས་པས་ཤེས་ལ། སྔར་སྲོལ་ཐུན་མིན་གཅེས་པའི་རང་མདངས་ངང་གིས་འབར་བར། གངས་ཅན “ བོད་ཀྱི་རིག་གཞུང་རྙིང་པའི་ཚིག་མཛོད” ཅེས་རླབས་ཆེན་མི་བུ་དག་གིས་གླིང་ལྔར་བསྒྲགས་པ་ལས། ཚུར་འཐོགས་པའི་མཚན་དུ་གྲགས་པ་ཡིན་གྱི་ནན་གྱིས་ཕར་སློང་བས་ཆོ་ལོ་བཏགས་པ་ནི་མ་ཡིན་ནོ། །
༤} སྒྲ་རིག་པའི་སྐོར། ཀུན་འབུམ་ལས། “ སྒྲ་ལ་རིག་པའི་དབང་པོ་ནི། ཚིག་གི་ཚོགས་ལ་ལོངས་སྤྱོད་པ། ཡེ་མཁྱེན་རྒྱལ་པོའི་སྐུ་གྱུར་ཅིག” ཞེས་གསུངས། འདིའི་རང་གཞུང་གསལ་བྱེད་མཚན་གཞི། ཉིད་ཀྱི “སྣང་གཤེན་ཐེག་པའི་གསལ་བྱེད་མེ་ལོང”ལས། གྱེར་གྱི་སྐོར་དེ་རང་གཞུང་གསལ་བྱེད་སྒོ་ཙམ་དེ་བཞག་ན་སྙམ། སྣང་གཤེན་གྱི་སྐད་གཅོང་དང་གྱེར་སྣང་གི་རིག་གནས་དེ་སྒྲ་རིག་ཁོངས་སུ་འདུས་པ་ལས་གཞན་དཀའ། བརྡ་དག་སྙན་ངག་གི་སྐོར་ཡོད་ན་འདིར་འཐད་པ་ལས། དེའི་དགོངས་པ་དགོས་གཞི་གོང་ཞུས་ལྟར་རོ། །
༥} བཟོ་རིག་པའི་སྐོར། བསྟན་པ་ཆགས་པའི་གཞི་དང་ཀུན་ལ་མ་རྨོངས་པར་བྱེད་པའི་བཟོ་དང་མངོན་པའི་རིག་པ་ཞེས། ཀུན་མཁྱེན་ཉི་མའི་བཞེད་ལ། ཀུན་འབུམ་ལས། རྒྱུ་འབྲས་རིག་པའི་དབང་པོ་ནི། དོན་གྱི་ཚོགས་ལ་ལོངས་སྤྱོད་པ། ཚད་མེད་རྒྱལ་པོའི་སྐུ་གྱུར་ཅིག” ཞེས་པ་སོགས་གོང་འོག་ལུང་རིགས་མང་པོའི་བབས་དོན་ཡིན་པས་སོ། །འདིའི་ནང་རིག་གནས་གཞན་དང་མ་འདྲ་ཁྱབ་ཁོངས་ཆེ་ཚུལ་ལུང་རིགས་གོང་གསལ་བསྐྱར་ཟློས་མ་བྱས་པར། འདི་དང་འབྲེལ་བའི་ལུང་རིགས་དག་པར་གཏུགས་པའི་ཉིད་ཀྱི་མཛད་པ་མཚན་གཞིར་བཀོད་ན། “ སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་པད་མ་དཀར་པོའི་ཕྲེང་བ། གསུང་འབུམ་པོད་དང་པོ་གཉིས་པ་གཉིས། གསུང་འབུམ་པོད་གསུམ་པ་བསྟན་འབྱུང་སྐོར། གསུང་འབུམ་པོད་བཞི་པ་བླ་མའི་རྣམ་ཐར་སྐོར། གསུང་འབུམ་པོད་ལྔ་པའི་ལམ་ཡིག་སྐོར། གསུང་འབུམ་པོད་དྲུག་པ་བཟོ་རིག་སྐོར། གསུང་འབུམ་པོད་བདུན་པ་དཀྱིལ་འཁོར་སྐོར། གསུང་འབུམ་པོད་བརྒྱད་པ་དང་དགུ་པ་བཅུ་པ་བཅས་ལྷ་བཀོད་སྐོར། གསུང་འབུམ་པོད་བཅུ་གཅིག་པ་ཐོར་བུའི་སྐོར། གསུང་འབུམ་པོད་བཅུ་གཉིས་པ་བསྟན་འབྱུང་སྐོར་ལས་ཕལ་ཆེ་བ་ཡིན་ལ། དེའི་ནང་གསེས་ལས “ སྟོན་པ་སངས་རྒྱས་འཁྲུངས་དུས་ལ་དཔྱད་པ་དང་། སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཡི་ཆ་ལུགས་ཀྱི་རྣམ་བཤད་ལོག་རྟོག་བྲག་ཆེན་གཞོམ་པའི་ཐོག་ཆེན”ཟུང་ནི་ལུང་རིགས་ཁུངས་སུ་བསྐྱལ་བ་དང་དེའི་མཛད་དོན་རེ་བཅོལ་ཤིན་ཏུ་ཆེ་ཚུལ་གཞན་དང་མི་འདྲ་བ་འདི་ལྟར་གསུང་སྟེ། དེ་ཉིད་ཀྱི་མཇུག་ཏུ། “ སངས་རྒྱས་འཁྲུངས་པའི་དུས་དང་ཆ་ལུགས་སོགས། ཁུངས་ལྡན་མདོ་རྒྱུད་རྣམས་ནས་གསལ་གསུངས་ཀྱང་། ཡིད་གཏད་མི་བྱེད་རང་སྣང་གང་ཤར་བྱེད། ཚུལ་འདི་ལྟར་ན་རྒྱལ་བསྟན་ངང་གིས་ཡལ། །འདི་འདྲའི་ཚུལ་གྱིས་ཡིད་རབ་སྐྱོ་བ་བསྐྱེད། རྣམ་པར་དག་པའི་གཞུང་དོན་དྲི་མེད་ཅིག ། བྱི་དོར་ནུས་པའི་རིག་པ་བསྐྱེད་པའི་ཕྱིར། འཆད་རྩོད་རྩོམ་པར་བྱ་བའི་སྙིང་པོར་མཐོང་། །ཚུལ་འདི་བྱས་པའི་རྣམ་དཀར་ཆ་གང་མཆིས། རྒྱལ་བའི་བསྟན་པ་དར་རྒྱས་ཡུན་གནས་པའི། རྒྱུ་རུ་བསྔོས་པའི་དོན་ཡང་འགྲུབ་གྱུར་ཅིག རྩ་གསུམ་ལྷ་དང་བཅས་པས་མཐུན་འགྱུར་མཛོད། །ཅེས་པའི་ལུང་དོན་ཚིག་དང་བཅས་བཀོད་ནས་སངས་རྒྱས་ཀྱི་ཆ་ལུགས་ལ་དོགས་གཞི་འཁྲུལ་པ་སེལ་བྱེད་དུ་སྨན་རི་བ་བསྟན་འཛིན་རྣམ་དག་གིས་བྲིས” ཅེས་སོ། །དེ་ལྟར་གོང་དུ་དམ་པ་མཆོག་གི་གཞུང་ལུགས་དང་རིག་གནས་བཅས་པ “རྩོམ་གཞུང་གནད་དུ་ཁེལ་བས་གསལ་བྱེད་ཀྱི་རིན་ཐང་རྒྱང་ཤེལ་ལྟ་བུར་ལུང་རིགས་ཀྱི་གཞུང་དོན་ཟབ་པ” ཞེས་ཞུས་དོན་གསལ་བར་དེ་ལྟར་ལགས་སྟེ། གཟི་བརྗིད་རྩོམ་པ་བོན་འཁོར་ལས། དེ་དག་རབ་འབྲིང་བློ་ལས་སུ། རྒྱས་འབྲིང་བསྡུས་པའི་བོན་བརྩམས་ཤིང་། སྲིད་པ་གསུམ་དུ་སྒྲོག་གྱུར་ན། དེ་དག་སྲིད་རྩེར་བྱ་ཁྱུང་ལྡིང” ཞེས་གསུངས་པའི་དོན་དུ་འཁུམས་སོ། །
༣༽ རྩོམ་དོན་གྲུབ་པའི་དངོས་པོའི་བརྒྱུད་སྤྲོད་ཀྱི་རིན་ཐང་ལྕགས་དམར་དུས་སུ་བརྡུང་བ་ལྟར། བཀའ་བསྡུ་གྲུབ་པས་སྐུ་འཚོའི་བརྒྱ་སྟོན་རོལ་བ་སྟེ། ཉིད་སྐུ་དངོས་བཞུགས་སྐབས་སུ་ཉེ་འཁོར་ལས་ལྡན་དག་ལ། ཁྲིད་ལུང་དབང་གསུམ་དངོས་སུ་ཉེར་བར་གཏད་པས་བྱིན་རླབས་ཚན་ཁ་ཆེ་བ་དང། ཡོངས་སུ་རྫོགས་པའི་བཀའ་བསྡུ་གྲུབ་པ་དེ་ཉིད་རེ་ཙམ་མིན་པའི་དག་ཞུས་བསྒྲིགས་སྦྱོར་ཐེངས་འགར་གནང་ཤིང་དོགས་གནད་བྱུང་རིགས་རིན་པོ་ཆེར་དངོས་སུ་བཀའ་འདྲི་ཞུས་དོན་ནན་བབས་གནང་བ་ལྟར། ཡང་ནས་ཡང་ཞུན་དག་མ“སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ ” པོད་ཉེར་གཉིས་ལེགས་པར་གྲུབ་པ་དང་། སྤང་པའི་ཁུངས་དག་སྟོན་མཆོག་ཁྲི་གཙུག་རྒྱལ་བ་དངོས་དང་མི་གཉིས་པ། བསྒྱུར་ལམ་མངའ་བདག་བླ་ཆེན་དྲན་པ་ནམ་མཁའ་དངོས་བྱོན། གྲོལ་ལམ་བདག་ཉིད་བོན་སྐུ་ཀུན་ཏུ་བཟང་པོ་ཉིད། བརྒྱུད་གསུམ་འདུས་པའི་མངའ་བདག་ཏུ་བསམ་བཞིན་མིར་གཟུགས་སུ་ཕེབས་པར། མཚན་ནས་བརྗོད་པ་དཀའ་བ་དགོས་པའི་དབང་གིས་མཚན་ཙམ་སྨོས་ན། ཕྱི་ལྟར་ན་༧ རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ཚངས་སྲས་དགྱེས་པའི་བློ་ལྡན། ནང་ལྟར་ན་ཀུན་འགྲུབ་རྒྱལ་བའི་སྲས་པོ་ཞེས་མཚན་དུ་འཆང་བ་གང་དེའི་དགུང་གྲངས་བརྒྱར་འཁོར་བའི་དུས་སྟོན་ཐོག སྐུ་གསུང་ཐུགས་གསུམ་གྱི་གལ་ཆེའི་མཛད་རྣམ་ལ་དམིགས་བསལ་ཉམས་ཞིབ་དང་འབྲེལ་བའི་ཐོག་ནས་དཔྱད་བརྗོད་སྤེལ་བའི “བརྒྱ་སྟོན་རྩོམ་བསྡུའི་ཚན་པ” བཙུགས་པའི་སྐལ་བ་ལྷགས་པའི་འབྲས་བུ་གཡུར་དུ་སྨིན་པ་འདིས། ཡངས་པའི་འཇིག་རྟེན་ཁམས་སུ་ནད་མཚོན་མུ་གེའི་བསྐལ་ངན་ཆལ་དུ་བསྙིལ་བའི་རྐྱེན་གྱི་བསྒུལ་བསྐྱོམས་འཛམ་གླིང་ཡོངས་སུ་ཤིག་ཤིག་ཏུ་གཡོ་བ་དང་། དེའི་རྐྱེན་གྱིས་ཞི་བདེའི་རླབས་སྤྱོད་མཁའ་ལ་འཕྱུར་བའི་དགེ་མཚན་རྣམ་པར་རྒྱལ་བའི་གདུགས་དཀར་སྲིད་རྩེར་བསྒྲེངས་ཤིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གདུལ་བྱའི་ཁམས་དང་མོས་པར་འཚམས་པོར་སྨིན་པ་སྟེ། གཡུང་དྲུང་བོན་གྱི་ཐུགས་ཀྱི་བསྟན་པ་རིན་པོ་ཆེའི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའི་འགྲོ་དོན་མཛད་པའི་དུས་ཀྱི་མཚམས་ཚིགས་དངོས་པོར་སྨིན་པའི་མཛད་པ་རྣམ་པར་དག་པའོ། །
༤༽ གསུང་དོན་ཤེལ་དཀར་དྭངས་མར་བྱི་དོར་བགྱི་བའི་དར་བཀླུབས་འབུལ་བ་ནི། གསུང་འབུམ་གླེང་བརྗོད་དེ་ཉིད་ལས “ དཔྱད་གཞི་ཡིག་ཆའི་མཐུན་རྐྱེན་འཛོམས་མིན་གྱི་དབང་གིས་སྔ་རྩོམ་ཕྱི་རྩོམ་གྱི་ཁྱད་པར་ཕྲན་བུ་ཡོད་པ་ཡང་མཁྱེན་དགོས་པའི་རིགས་སོ” ཞེས་གསུངས་པ་ནི་ཤིན་ཏུ་མད་ལ། དེ་ཡི་དོན་ནི། དམ་པ་མཆོག་གི་གསུང་འབུམ་རིན་པོ་ཆེ་འདི་ཉིད་ལུང་རིགས་ཁུངས་ཀྱི་དཔྱད་གཞི་དག་པར་གཏུགས་པ་ལ། རིགས་ལམ་ཀྱིས་རྣམ་པར་ཕྱེས་པས་རང་ལུགས་ཁུངས་དག་གསལ་འདོན་གྱི་རང་ཚུགས་འཛིན་པ་དང་། ཡུལ་དུས་ཁོར་ཡུག་འཚམས་པའི་གཞན་ལུགས་ལེགས་ཆ་ཟུར་རྒྱན་གནང་བའི་ཚུལ་དང་གཉིས་སུ་ཡོད། དེ་ཡི་དབྱེ་མཚམས་ཀྱི་ཟིན་པའི་ཉམས་མྱོང་དང་དབང་ལུང་གི་ཁྲིད་རྒྱན་མེད་པར་ཧོབ་ཚོད་ཀྱིས་གཞལ་བ་ཙམ་གྱིས། གསུང་འབུམ་རིན་པོ་ཆེའི་དགོངས་གཞི་དགོས་པའི་དངོས་མཐིལ་རྟོགས་པ་ཤིན་ཏུ་དཀའ་བའི་གནད་ཡོད་ཅེས་གོང་གསལ་གླེང་བརྗོད་ཀྱི་དོན་ནི་དེ་ཡིན་པར་གོ། གསུང་འབུམ་འདི་ནི་མདོ་སྔགས་སེམས་གསུམ་ཆ་ཚང་བའི་རང་ལུགས་གོ་ཚུལ་རྒྱུས་མངའ་ཅུང་ཙམ་ཡོད་པས་ཉམས་སུ་བླངས་ན། གཡུང་དྲུང་བོན་རིན་པོ་ཆེའི་ཡིན་ཚུལ་ངོ་མར་མཇལ་བའི་དད་སྤྲོའི་མྱོང་བ་ཞིག་ཤ་རུས་གསེང་ནས་ཕྱི་ཚུལ་ཙམ་མིན་པ་སྐྱེས་པ་ན། དེ་ལ་གསུང་འབུམ་འདིའི་གོ་དོན་རྙེད་པའི་ཚད་ཅི་སྟེ་མིན། གུས་པོས་ཀྱང་དེ་ལྟར་དུ་ཉམས་སུ་ལོན་པའི་སྨོན་ལམ་དང་གཞན་ལའང་དེ་ལྟར་བསྐུལ་བ་ཡིན་ཞེས་ཞུའོ། །

མཐའ་དོན་མཇུག་སྡོམ།
“བརྒྱ་སྟོན་རྩོམ་བསྡུ་ཚན་ཆུང་ནས། ”ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ་སྐྱབས་རྗེ“སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ”གྱི་རྩོམ་རིག་གི་རིན་ཐང་ཉམས་ཞིབ་བདག་ལ་དགོས་ཅེས་བཀས་བསྐུལ་གནང་དོན་ལྟར། སྐལ་པ་བཟང་པོའི་ཆ་རྐྱེན་གནང་གཟིགས་མི་ཆུང་བ་བསྩལ་བ་དང་། དེ་ལ་དད་སྤྲོའི་ལེགས་སོ་ཞུས་ཁུལ་མཚོན་བྱེད་ཙམ། གུས་པོའི་དཔྱད་སྟོབས་ཚོད་ལས་དཔག་པས ༡ རྩོམ་གཞི་སློང་བའི་ཐུགས་གཤིས་ཀྱི་རིན་ཐང་གསེར་མདངས་ལྟ་བུར་ཁྱད་དུ་འཕགས་པའི་ཀླད་དོན་གཙང་བ། ༢རྩོམ་གཞུང་གནད་དུ་ཁེལ་བས་གསལ་བྱེད་ཀྱི་རིན་ཐང་རྒྱང་ཤེལ་ལྟ་བུར་ལུང་རིགས་ཀྱི་གཞུང་དོན་ཟབ་པ། ༣ རྩོམ་དོན་གྲུབ་པའི་དངོས་པོའི་བརྒྱུད་སྤྲོད་ཀྱི་རིན་ཐང་ལྕགས་དམར་དུས་སུ་བརྡུང་བ་ལྟར། བཀའ་བསྡུ་གྲུབ་པས་ཉིད་སྐུའི་བརྒྱ་སྟོན་རོལ་བ། ༤ གསུང་དོན་ཤེལ་དཀར་དྭངས་མར་བྱི་དོར་བགྱི་བའི་དར་བཀླུབས་འབུལ་བ་དང་བཞི་ཡི་སྒོ་ནས་“གསུང་འབུམ་ནང་གི་རྩོམ་རིག་གི་རིན་ཐང་ཉམས་ཞིབ” བྱས་ཁུལ་ལགས་པས་གྲུབ་དོན་ནི། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་རང་གཞུང་དང་། སྔར་སྲོལ་ཐུན་མོང་གི་རིག་པའི་གནས་ལྔ་དང་བཅས་པའི་བཞིན་རས་གསལ་བའི་མེ་ལོང་སྟེ། གཞུང་དང་རིག་གནས་གཉིས་ཀྱི་དངོས་གཟུགས་རྗེན་པར་ལྷག་གེར་བསྟན་ཞེས་པས “གསུང་འབུམ་ནང་གི་རྩོམ་རིག་གི་རིན་ཐང”མཐའ་བསྡོམས་བྱས་པའི་ཁུལ་ལོ། །

ཚོ་ཚོམ་ཚོགས་བཙེམ་རྩོམ་ཞེས་བླ་དྭགས་རིས། །འདོགས་གཞི་གཅིག་ལས་འཕེལ་བའི་བརྡ་ཆད་ཡིན། །
ཚིག་བསྡེབ་སྦྱོར་བ་རྩོམ་གྱི་དོན་ཡིན་པས། །རིན་ཐང་ལྡན་མིན་བརྗོད་བྱའི་དོན་གྱིས་ཕྱེད། །
བཅོས་ཚོན་མིག་ལ་མཛེས་པའི་རི་མོ་དང་། །རང་བྱུང་མེ་ཏོག་གད་པའི་ཁ་དོག་གཉིས། །
ངད་གཅོད་སྣ་ཡིས་གཟུ་དཔང་མ་བསྡེབས་ན། །མིག་དབང་རྗེན་པའི་ངོས་ལ་ཕྱེད་པ་མེད། །

ཅེས་ཀྱང་སྨྲའོ། །མཐོང་གྲོལ་ཁྲོད་ནས་ཀུན་རྒྱན་པས་སོ། །