ཐེ་བོ་ཀླུ་ཐར་གྱི་ཡིག་གཟུགས་བརྩམས་ཆོས།

[ཟླ་ཚེས། 2022-11-02 19:43:00][ཡོང་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


  

བྲིས་པ་ཐེ་བོའི་ཀླུ་ཐར་ནི། ༡༩༩༦ལོའི་ཟླ༡༠ཚེས༡༣ཉིན་མདོ་སྨད་རོང་ཆེན་བཞི་ཡི་ཡ་གྱལ་གསེར་གཞོང་ཐེ་བོ་རོང་སྟག་ར་ཡུལ་ཚོའི་འགོ་རྗེ་སྡེ་བའི་རོང་ཁྱིམ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས། ༢༠༡༢ལོར་སྐྱང་སྤྲུལ་རིན་པོ་ཆེའི་གདན་ས་དཔལ་ལྡན་གཡུང་དྲུང་གླིང་འཆར་ར་དགོན་དུ་རབ་ཏུ་བྱུང་། ༢༠༡༥ལོར་མདོ་སྨད་སྣང་ཞིག་དགོན་ཆེན་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྒོར་ཞུགས་ཏེ་མཚན་ཉིད་རིག་པ་ལ་ཐོས་བསམ་བྱེད་ཞོར་དུ་ཡིག་མཁན་ཝེར་རོའམ་བསྟན་པ་ལྷུན་གྲུབ་ལགས་དགེ་རྒན་དུ་བསྟེན་ཏེ་མི་ལོ་དུ་མའི་རིང་ལ་བོད་ཀྱི་ཡིག་གཟུགས་ཚུགས་རིང་། ཚུགས་ཐུང་། སྨར་ཆེན་སྨར་ཆུང་། སྤུངས་སོ་ཆེ་བ། སྤུངས་སོ་ཆུང་བ། འཁྱུགས་ཡིག་སོགས་སྦྱངས་བར་མཛད། སྔ་ཕྱིར་ཡིག་གཟུགས་འགྲན་བསྡུར་ཆེ་ཆུང་གང་མང་དུ་ཞུགས་ཏེ་གཟེངས་རྟགས་བླངས་མྱོང་། ད་ལྟ་ཐེ་བོ་རྫོང་བོད་རྒྱའི་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།