ས་ཁའི་བློ་ལྡན་གྱི་བྲིས་གཟུགས།

[ཟླ་ཚེས། 2014-01-05 01:27:42][ཡོང་ཁུངས། ][ཀློག་གྲངས། ]


  

ཤེས་དམན་ས་ཁའི་བློ་ལྡན་པ།། ཆིག་སྟོང་དགུ་བརྒྱ་དོན་བརྒྱད་དེ།། རབ་རྒྱན་ས་ཕོ་རྟ་ཡི་ལོར།། ཁྲི་ཤོར་རྒྱལ་མོར་ལུས་རྟེན་རྙེད།། རང་ལོ་བཅུ་དགུར་བོན་སྒོར་ཞུགས།། ཉེར་གཅིག་དུས་སུ་གྲྭ་སྐོར་འགྲིམས།། སྟོང་ལོ་གཉིས་ནས་རྩོམ་རིག་སྦྱངས།། ངལ་གསོའི་མཚམས་སུ་བྲིས་གཟུགས་བསླབས།། མི་ལོ་ཉེར་བདུན་ལོ་མགོ་ནས།། ད་ལྟའི་དུས་ཀྱི་ཉིན་མོའི་བར།། དགོན་གྲོང་ཟུང་གི་སློབ་གླིང་ནས།། རང་དོན་འགྲུབ་པར་ཕན་སེམས་བསྐྱངས།། ད་ནི་བློ་རིག་ལོ་ཡིས་ཉམས།། རིག་གཞུང་གཟིགས་པར་ལེ་ལོ་ཆེ།། ཉམས་ལེན་སྒོ་ལ་རྒྱང་མིག་ཐུང༌།། གསོན་ཡང་ཤི་བའི་རོ་དང་མཚུངས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།