| [NO.144] སྐད་འཇོག་དུས 2012-05-08 14:08:44 仁布切你好~!最近过的好吗? 我今天在网吧里藏文打不了,哈哈~!仁布切你的电话号码是多少?我上次手机丢了.,哈哈. |
| [NO.143] སྐད་འཇོག་དུས 2012-04-27 16:03:51 གཡུང་དྲུང་བོན་གྱི་བསྟན་པའི་བྱུང་ཁུངས་ནི། རྟག་གཟིགས་འོལ་མོ་ལུང་རིང་དུ་སྤྱི་ལོའི་སྔོན་གྱི་ ༡༦༠༡༧ ལོར་འཁྲུངས་པའི་རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པར་བྱོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་ཡིན་ལ། ལྟ་བ་གཙོ་བོ་རང་འབྱུང་ཡེ་ཤེས་དང་བོན་ཐམས་ཅད་རང་བཞིན་མེད་པའི་དོན་ཉམས་སུ་ལེན་ཞིང་། སྤྱོད་པ་ནི་ལས་འབྲས་ཀྱི་རྣམ་བཞག་ཕྲ་ཞིང་ཕྲ་བ་ནས་སྲུང་སྟེ་མས་ནས་ཡར་འཇུག་དགོས་པ་ཡིན་ནོ། ཞེས་པ་ལྟར་ན། དམ་པ་ཁོང་འཁྲུངས་ནས་ལོ་དེ་ཙམ་ཞིག་འགོར་ཡོད་པས་བསྒྲུབ་བྱེད་གཙོ་བོ་འགའ་ཞིག་དང་། གཞན་ཡང་འོལ་མོ་ལུང་རིང་ད་ལྟའི་གངས་རིན་པོ་ཆེའི་ཕྱོགས་སུ་ཡོད་པ་གསུང་གིན་འདུག་པས་དེང་སྐབས་སུ་གང་དུ་ཡོད་པ་དང་། དེ་དག་གི་ཡིན་པའི་བསྒྲུབ་བྱེད་འགའ་ཞིག་གསུང་རོགས་ཞུ། ཀུན་ལྷུན་ནས་གུས་འདུན་བཅས། |
| [NO.142] སྐད་འཇོག་དུས 2012-04-27 13:45:43 ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ལ་དགའ་ཞེན་ཆེ་བའི་བོན་ཀོང་པོ་རྒན་འགོག་ངས་ རིག་གནས་མེད་ཡང་རང་མི་རིགས་ཀྱི་ཡིག་གེ་ལ་དགའ་བ་དང་། ཁྲིམ་ལུགས་དམ་ཡང་བོན་བོད་ཆོས་ལ་དགའ་བ། རིམ་མེད་ཧི་མ་ལ་ཡའི་ཡི་གེ་འདི་ཡུན་ཧ་ཅང་རིང་པོ་གནས་པའི་སྨོན་དུད་ཞུ་རྒྱུ་དང་། དྲིན་ཆེན་མཁན་སློབ་རྣམས་ཡང་བྱ་བ་ལམ་འགྲོ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་དུད་ཞུ །། |
| [NO.141] སྐད་འཇོག་དུས 2012-04-25 18:36:46 ཧི་མ་ལ་ཡའི་བོད་ཡིག་ནི་བེད་སྤྱོད་བདེ་ལ་ཡིག་བཟུགས་མང་བ་དང་། བེད་སྤྱོད་བྱེད་མཁན་ཡང་ཧི་ཡིག་ལས་རྒྱ་ཆེ་བ་མེད་། ཡིང་རྩང་ཧི་ཡིག་བཟོ་མཁན་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་དང་། སྔར་བཞིན་རྒྱ་ཆེ་བོད་མི་དམངས་ལ་ཞབས་ཞུ་ཡོད་པ་སྨོན་དུད་ཞུ་།། རིན་པོ་ཆེ་ཁྱེད་རྣམས་བཀྲ་ཤིས་བདེ་ལེགས་ཡོངས་བ་སྨོན་དུད་ཞུ་།། |
| [NO.140] སྐད་འཇོག་དུས 2012-04-25 11:27:17 རིན་པོ་ཆེ་རྣམས་ལག །རང་ཉིད་ནི་ཞིན་གཅིག་ཀྱང་སློབ་གྲའི་འགྲོ་མྱོང་མེད་པའི་རྒན་འགོག་ཞིག་ཡིན། ཡིན་ན་ཡང་། ངས་རང་བོད་ཡིག་ལ་ཧ་ཅང་དགའ་པོ་དང་འབད་རྩོན་གྱི་སློབ་སྦྱོང་བྱེད་གི་ཡོད། ཡིན་ན་ཡང་། རྨང་གཞི་མེད་པའི་རྐྱེན་གྱི་དྲིན་ཆེན་ཧི་མ་ལ་ཡའི་བོད་ཡིག་འདི་ཆོས་ཡིག་གི་དཔེ་ཆ་བཟོ་དགོས་དུས་ བསྒྲིག་འཇུག་བྱེད་ཤེས་གི་མི་འདུག་ །རིན་པོ་ཆེ་དང་སློབ་དཔོན་རྣམ་ཀྱི་འཛུག་ཁྲིད་ཡོད་པ་བཀའ་དྲིན་ེར་ཞུ། |
| [NO.139] སྐད་འཇོག་དུས 2012-04-24 20:52:03 ཧི་མ་ལ་ཡའི་བོད་ཡིག་ནང་གི་བོད་ཡིག་དང་ཆོས་ཡིག་གང་འདྲ་ཞིག་གི་བསྒྲིག་དགོས་པ་བཀའ་གནང་ཡོད་པ་ཞུ། 2012-04-24 21:23:45 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ནང་དོན་ཡག་པོ་ཞིག་གོ་མ་སོང་ངོ་། ། བོད་ཡིག་དང་ཆོས་ཡིག་ཟེར་བའི་དོན་གོ་མ་སོང་། |
| [NO.137] སྐད་འཇོག་དུས 2012-03-28 14:58:01 རང་ཅག་བོན་ལ་ལྡེ་མིག་ཞེས་པའི་གསུང་འབུམ་ཤིག་ཡོད་ལགས་སམ། 2012-03-29 22:47:20 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ལྡེ་མིག་ཞེས་མིང་ཡོད་པའི་གསུང་འབུམ་ཡོད་རེད |
| [NO.136] སྐད་འཇོག་དུས 2012-03-25 21:16:15 ཧི་མ་ལ་ཡའི་བོན་དྲྭ་ཚིགས་དུས་དང་རྣམ་པ་ཀུན་དུ་ཡར་རྒྱས་གོང་འཕེལ་ཡོང་བ་སྨོན་འདུན་ཞུ། 2012-03-26 19:44:34 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། འོ་ཁྱེད་ཉིད་ཀྱང་ངེད་དྲ་ཚིགས་སུ་གཟིགས་ཕེབས་གནང་བར་དགའ་བསུ་ཞུ། |
| [NO.135] སྐད་འཇོག་དུས 2012-03-19 14:45:53 ཐོག་མ་འདི་འདྲའི་དྲ་ཞིག་བཟོས་པར་སྙིང་ཐག་པ་ནས་བཀའ་དྲིན་དང་རྗེས་སུ་ཡི་རང་བྱ་རྒྱུ་ཡིན། ད་དུང་དྲ་ཐོག་ནས་གཟུགས་ལམ་ལམ་སྒྲ་ལམ་གང་རུང་བརྒྱུད་དེ་དགེ་བའི་བཤེས་གཉེན་དམ་པ་རྣམ་གྱིས་དཔེ་ཁྲིད་རེ་མཇལ་ཐུབ་པར་ཉིན་བཞིན་རེ་སྒུག་བྱེད་བཞིན་ཡོད། ཡིན་ཡང་དཔེ་ཁྲིད་བྱེད་མཁན་དེ་གཡུང་དྲུང་བོན་ལ་སྦྱངས་པ་མཐར་ཕྱིན་པའི་དགེ་བའི་བཤེས་གཉེན་ཡིན་པ་དང་། མདོ་དབུས་ཁམས་གསུམ་སུས་ཉན་ན་གོ་ཐུབ་པ། དཔེ་ཁྲིད་ཁྲོད་དུ་ཆབ་སྲིད་དང་གྲུབ་མཐའ་གཞན་ལ་ཕོག་གཏུག་གཏོང་བའི་སྐད་ཆ་མེད་པ་ཞིག་ངེས་པར་དུ་དགོས། ང་ཚོ་འདི་བསོད་ནམས་ཆུང་བས་ངོ་མ་སྐྲག་གི རང་རྐྱ་ཐུབ་པའི་བོན་རིན་པོ་ཆེ་ཡོད་ཀྱང་རང་རྐྱ་ཐུབ་པའི་མྱི་དཀོན་པས་ངོ་མ་སེམས་སྡུག་གིན། བཀའ་དྲིན་ཆེ། བཀའ་དྲིན་ཆེ། བཀའ་དྲིན་ཆེ། 2012-03-20 16:22:51 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། སེམས་ཁུར་གནང་བར་བཀའ་དྲིན་ཆེ། ང་ཚོ་ཚང་མ་མཐུན་སྒྲིལ་སྒོ་ནས་རང་རང་གི་བསྟན་པ་དེ་འཛིན་སྐྱོན་བྱེད་པར་གལ་ཆེ་སྙམ། |
| [NO.134] སྐད་འཇོག་དུས 2012-02-18 20:06:39 ཐོ་འགོད་བྱེད་པའི་ཆ་རྐྱེན། གཅིག༽ དབྱིན་ཡིག་གི་མི་སོ་སོའི་མིང་ཞིག་དང་བོད་ཡིག་གི་དངོས་མིང་འབྲི་དགོས། གཉིས།༽ གསང་གྲངས་ལ་ཨང་གྲངས་དང་དབྱིན་ཡིག་སོགས་གང་ཡིན་ཆོག གསུམ།༽ གློག་རྡུལ་ཡིག་སྒམ་ཡོད་དགོས། བཞི།༽ འབྲེལ་གཏུགས་ཁ་པར་ཨང་གྲངས་དགོས། ལྔ།༽ སྡོད་གནས་གསལ་བོ་འབྲི་དགོས། དྲུག༽ མི་སོ་སོའི་འདྲ་པར་བསྐུར་དགོས། ༼ཧི་བོན་ཟིན་བྲིས༽ཚོགས་པ་ལ་ཞུགས་མཁན་གྱི་ཆ་རྐྱེན། གཅིག༽ རྩོམ་ཡིག་སྤེལ་སྐབས་རྩོམ་ཡིག་རྣམས་བོན་དང་འབྲེལ་བའི་རྩོམ་ཡིག་ཡིན་དགོས། གཉིས།༽ གྲུབ་མཐའ་དང་མི་རིགས། བླ་སློབ་དང་མི་སྣའི་བར་གྱི་འགལ་ཟླ་སློང་བའི་རྩོམ་རིགས་སྤེལ་མི་ཆོག གསུམ།༽ ཀུན་གྱིས་མཁྱེན་གསལ་ལྟར་དྲ་ཚིགས་ཀྱི་ཚེ་སྲོག་ལ་ཐུགས་བཞེས་གནང་སྟེ་རྒྱལ་ཁྲིམས་ཀྱི་རྩ་ཁྲིམས་སོགས་དང་འགལ་བའི་རྩོམ་རིགས་སྤེལ་མི་ཆོག བཞི།༽ ཡིག་གཟུགས་ཡིན་འགྱུར་རྒྱལ་སྤྱིའི་བོད་ཡིག་ཡིག་གཟུགས་ཧི་མ་ལ་ཡའི་ཡིག་གཟུགས་ཡིན་དགོས། 2012-02-19 09:51:03 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ནས་གང་ཟེར་གི་ཡོད། |
| [NO.133] སྐད་འཇོག་དུས 2012-02-17 22:15:51 ཧི་བོན་ཟིན་བྲིས་ཀྱི་དོ་དམ་པ་ལགས་སུ་ཞུ་གསོལ། བདག་གིས་ཁྱེད་དྲ་བར་ཟིན་བྲིས་ཤིག་བཟུང་འདོད་ཡོད་པས་ས་མིག་གཅིག་སྟེར་བར་སྙིང་ནས་རེའོ། དེ་མིན། བདག་གི་རྩོམ་ཡིག་ནི་ངེས་པར་དུ་ཁྱེད་ཅག་གི་དམིགས་ཡུལ་དང་མི་མཐུན་པ་མེད། 2012-02-18 19:25:00 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་པོ་ལགས། ཁྱེད་ཀྱི་ངོ་སྤྲོད་དང་ཧི་བོན་ཟིན་བྲིས་ཀྱི་ཆ་རྐྱེན་རྣམས་བསྐུར་དང་། |
| [NO.132] སྐད་འཇོག་དུས 2012-02-16 23:14:15 ཧི་བོན་ཟིན་བྲིས་ཀྱི་དོ་དམ་པ་ལགས་སུ་ཞུ་གསོལ། བདག་གིས་ཁྱེད་དྲ་བར་ཟིན་བྲིས་ཤིག་བཟུང་འདོད་ཡོད་པས་ས་མིག་གཅིག་སྟེར་བར་སྙིང་ནས་རེའོ། དེ་མིན། བདག་གི་རྩོམ་ཡིག་ནི་མི་ཆོས་གཙོ་བོར་བཟུང་ཡོད་པས་དྲ་བའི་དམིགས་ཡུལ་དང་མཐུན་མིན་མི་ཤེས། 2012-02-17 12:59:31 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་པོ་ལགས། ཧི་བོན་ཟིན་བྲིས་སུ་བཞུགས་པའི་ཆ་རྐྱེན་དྲ་གནས་འདིའི་ནང་ལ་གསལ་བ་དེ་ཡིན་ལགས། དེ་དང་འཚམས་ཚེར་ཧི་བོན་ཟིན་བྲིས་སུ་བཞུགས་ཆོག་ལགས།http://blog.himalayabon.com/u/tibetmonk/archives/2011/150.html |
| [NO.131] སྐད་འཇོག་དུས 2012-02-14 15:06:35 ངོ་དགའ་རྐྱང་བ་བཤད་དགོས་པའི་དྲྭ་ཚིགས། ནང་བསྟན་ལ་གཤེ་སྐུར་བྱེད་པའི་དྲྭ་ཚིགས། དགག་བཞག་བྱས་ན་དང་དུ་མི་ལེན་པའི་དྲྭ་ཚིགས། མཁས་པ་ལ་སྐུར་འདེབས་བྱེད་པའི་དྲྭ་ཚིགས། བླུན་པོ་ལ་བསྟོད་ར་བྱེད་པའི་དྲྭ་ཚིགས། དོ་དམ་པ་རང་ཉིད་གཞན་ལ་རྫུན་ངོམ་བྱེད་པའི་དྲྭ་ཚིགས་འདི་ལ་བསྟོད་དོ། ། |
| [NO.130] སྐད་འཇོག་དུས 2012-01-05 21:59:41 ངོ་མ་ཡ་མཚན་རེད། ད་ཐེངས་རྫ་གསེར་ཆུ་དགོན་གྱི་གྲྭ་མེད་པར་གྲགས་ཀྱིན་འདུག འདི་ངོ་མ་རེད་དམ། ད་དུང་མདོ་སྨད་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དོ་དམ་པས་གྲྭ་བཙུན་ག་ཙམ་འའདུས་གསལ་བོ་མ་ཤེས་ན་གཞི་དགོན་དག་གི་གྲྭ་བཙུན་མང་བོ་ཕེབས་ཡོད་ཡང་གསན་མ་བྱུང་ངམ། འོ་ན། དོ་དམ་པས་་་་་་་་་། དྲྭ་བདག་ལགས། གློ་གྲི་དང་མྱུར་གྱིས། 2012-01-05 22:31:22 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། དེའི་ཐད་ལ་ང་ལ་གསལ་ཆ་མེད། |
| [NO.129] སྐད་འཇོག་དུས 2012-01-05 13:40:36 སྦ་གསང་མེད་པའི་སྐད་ཆ་ཞིག་བརྗོད་ན་འདོད། མདོ་སྨད་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དོ་དམ་པ་ལགས། དོན་ངོ་མ་གྲྭབཙུན་ཆིག་སྟོང་ལྔ་བརྒྱ་ཡས་མས་ལས་མི་འདུག་པ་ཀུན་གྱིས་རླུང་དར་གྲག་་གིན་འདུག ཡིན་ཡང་ཁྱེད་ཅག་གིས་ད་རུང་ཁས་མི་ལེན་པར་གྲྭ་བཙུན་སྟོང་ཕྲག་བཞི་འདུས་ལབ་འདུག འདི་ལ་ཉིད་ཀྱིས་ཅི་ལྟར་གསལ་བྱེད། ད་དུང་གོང་གི་དྲི་བ་དག་ལ་ལན་གསལ་བོ་མི་འདེབས་དོན་ཅི། དྲྭ་བདག་ལགས། གློ་གྲི་དང་མྱུར་གྱིས། 2012-01-05 15:48:18 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་པོ་ལགས། གྲྭ་གྲངས་སོགས་ནི་པར་བསྐུར་མཁན་གྱིས་བསྐུར་བ་བཀོད་པ་ལས། ང་ཚོ་དོ་དམ་པ་དག་དེ་ག་དངོས་ལ་འགྲོ་ཐུབ་མེད་ཡ། ང་ཚོས་ཀྱང་འདྲ་པར་སོགས་བསྐུར་མཁན་གྱིས་ཟེར་བ་ལྟར་དུ་འགོད་པ་ཡིན།། |
| [NO.126] སྐད་འཇོག་དུས 2012-01-04 00:22:08 འདྲ་པར་སོགས་བསྐུར་མཁན་གྱིས་ཁ་བྱང་དང་། གྲྭ་གྲངས་སོགས་ཡིན་པ་ལས་ཁྱོད་ཚོས་འཕྲི་སྣོན་སོགས་གང་ཡང་བྱས་མེད་ན། དོན་ངོ་མ་གྲྭ་བཙུན་ག་ཙམ་གདའ། དགོན་ཆོས་གཞན་དག་གི་འཇང་དགུན་ཆོས་ཚོགས་སྐབས་མདོ་དབུས་ཁམས་གསུམ་གྱི་ཕྱོགས་གང་ན་མཚན་ཉིནའམ་ཚད་མ་རྒྱས་ཡོད་པ་ཤ་ཏག་བསྡུས་ནས་ད་གཟོད་མིང་དོན་ལྡན་པའི་རྩོད་པའམ་བསམ་བློ་བརྗེ་རེས་བྱེད་ཀྱིན་ཡོད། མདོ་སྨད་སྟག་ཚང་ལྷ་མོ་ཀིརྟི་དགོན་ཁྱེད་རང་དེ་ལས་ལྡོག་་སྟེ་གཙོས་མཛོད་དགེ་སྒར་གསར་གཙོས་གཞི་དགོན་མང་བོ་ཞིག་བསྡུས་ནས་ཚོགས་ཀྱིན་པ་ཅི་ཡིན། འདི་མང་ཚོགས་ལ་མགོ་སྐོར་དང་གཞི་དགོན་པའི་གྲྭ་བཙུན་རྣམས་ཀྱི་དུས་ཚོད་ཆུད་འཛའ་བ་མ་ཡིན་ནམ། དྲྭ་བདག་ལགས། ལནགསལ་བོ་ཞིག་འདེབས་པར་གལ། གློ་གྲི་དང་མྱུར་གྱིས། 2012-01-04 21:42:31 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། བསྐུར་མཁན་གྱིས་ཟེར་ཡ་ལ། བཞི་སྟོང་ཡས་མས་འདུག་ཟེར། |
| [NO.125] སྐད་འཇོག་དུས 2012-01-03 13:05:37 མདོ་སྨད་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཚད་མའི་དགུན་ཆོས་ཟེར་ནས་ཕྱོགས་དང་ཕྱོགས་ནས་གྲྭ་བཙུན་མང་བོ་ཞིག་བསྡུས་ཡོད།དེ་ལ་བདག་ཅག་གིས་ཡི་རང་བྱེད་ཀྱིན་ཡོད། ཁོང་གི་གསལ་བསྒྲགས་ལྟར་ན་གྲྭ་བཙུན་སྟོང་ཕྲག་བཞི་ཡས་མས་ཤིག་ཡོད་ཅེས་ལབ་འདུག དངོས་ནས་གྲྭ་བཙུན་ག་འདྲ་འདུས་ཡོད། གོ་ཐོས་ལྟར་ན་གྲྭ་བཙུན་ཆིག་སྟོང་ལྔ་བརྒྱ་ཡས་མས་ཤིག་མ་གཏོགས་མིན་འདུག་ཟེར། དེ་དག་ཚད་མ་ལ་བློ་སྦྱོང་ཡོད་པའི་དགོན་པ་ཏག་ཏག་ཡིན་ནམ། གཙོས་མཛོད་དགེ་སྒར་གསར་གཙོས་གཞི་དགོན་འགའ་རེ་ཡོད་སྐད། དོན་ངོ་མ་དོན་ཡིན་ནམ་མིང་ཡིན། མིང་ལ་ཚད་མའི་དགུན་ཆོས་ཞེས་བཏགས་འདུག མིང་འདི་ཅི་ཞིག་གི་སྒོ་ནས་བཏགས་པ་ཡིན། དྲྭ་བདག་ལགས། གློ་གྲི་དང་མྱུར་ཀྱིས། 2012-01-03 13:46:10 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁམས་བཟང་། གློ་གྲི་དང་མྱུར་ལགས། ཁ་བྱང་སོགས་ང་ཚོས་ཀྱང་ཏག་ཏག་རེད་ཅེས་ལབ་ཤེས་མ་སོང་ལགས། འདྲ་པར་སོགས་བསྐུར་མཁན་གྱིས་ཁ་བྱང་དང་། གྲྭ་གྲངས་སོགས་ཡིན་པ་ལས་ང་ཚོས་འཕྲི་སྣོན་སོགས་གང་ཡང་བྱས་མེད་ལགས། |
| [NO.124] སྐད་འཇོག་དུས 2012-01-01 19:48:34 རྡོ་བསྐུར་མ་རེད་ལགས 2012-01-01 21:18:41 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གང་ཟེར་གི་ཡོད། |
| [NO.123] སྐད་འཇོག་དུས 2011-12-20 20:33:43 ངས་ཟེར་ན་ གསུམ་བརྩེགས་ཅན་གྱི་ཡི་ག྄ེ་དྲ་བའི་ནང་གསལ་པོ་མཐོང་མི་ཐུབ་པས་ དེའི་ཐད་ལ་ཁྱེད་རྣམས་ནས་བསྒྱུར་བཅོས་ཡོད་པ་ཞུ་ དཔེར་ན་ བསྴྐུར་ དང་ བསྒྲིགས་ ལྟ་བུ་ 2011-12-21 10:21:46 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། དེའི་གནས་ཚུལ་གཙོ་བོ་གློག་ཀླད་ཀྱི་མ་ལག་ཡིན་ས་རེད་ལགས། |
| [NO.122] སྐད་འཇོག་དུས 2011-12-11 18:47:32 དྲ་བའི་ནང་གི་གསུམ་བརྩེགས་ཅན་གྱི་ཡི་གེ་ད་དུང་ལེགས་པོ་ཡོང་གི་མེད་པས་ ཁྱེད་རྣམས་ནས་དེའི་ཐད་ལ་བསྒྱུར་བཅོས་གནང་བར་ཚལ་ ཞེས་གུས་པའི་རེ་བ་ཡིན་ 2011-12-11 22:31:34 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཧི་མ་ལ་ཡའི་ཡིག་གཟུགས་ཡིན་ན་ཐུབ་ཀི་རེད། དབྱིན་ཡིག་གི་mཡི་གེ་བོད་ཡིག་གི་བརྩེག་མ་རང་ཡིན་པས་ཡི་གེ་མང་བོ་བརྩེགས་ན་འགྲིག་འདུག ཚོད་བལྟ་བྱས་དང་། |