སྔོན་འགྲོའི་ཁྲིད་ཡིག་འགྲེམ་སྤེལ་མཛད་སྒོ་སྤེལ།

[ཟླ་ཚེས། 2025-12-18 20:39:01][རྩོམ་པ་པོ། སྨོན་ལམ་འོད་ཟེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དེ་རིང་སྟེ། སྤྱི་ལོ་༢༠༢༥ལོའི་ཟླ་བ་༡༢པའི་ཚེས་༡༨ཉིན་མདའ་ཆེན་ཁྲི་བ་སྐལ་བཟང་བསྟན་འཛིན་གྱིས་བརྩམས་པའི་《སྔོན་འགྲོའི་ཁྲིད་ཡིག་སྤྱི་དོན་སྐལ་བཟང་ཞལ་རྒྱུན་ཐར་བར་འདྲེན་པའི་ཐེམ་སྐས་བཞུགས་སོ།།》བོད་རྒྱ་ཤན་སྦྱར་གྱི་སྔོན་འགྲོའི་ཁྲིད་ཡིག་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ།

ཁྲིད་ཡིག་དེ་ནི་ཁྲི་བ་ཁོང་གིས་མི་ལོ་དུ་མའི་རིང་ལ་སྐུ་ལས་ཚད་མེད་བསྐྱངས་ཏེ་བོད་ཡིག་ལམ་ནས་བརྩམས་པ་དང་དེ་ནས་དམིགས་བསལ་རྒྱ་རིགས་ཀྱི་དད་ལྡན་མང་ཚོགས་རྣམས་ཀྱི་དགོས་མཁོ་དང་བསྟུན་ནས་རྒྱ་ཡིག་ཏུ་བསྒྱུར་བ་དང་། ནང་དོན་གྱི་ཐད་ལ་ཡང་སྔོན་བྱོན་རྒྱལ་གཤེན་རིག་འཛིན་གོང་མ་རྣམས་དང་ཁྱད་པར་དུ་བྲུ་རྒྱལ་བ་སོགས་དང་སྨན་རིའི་མཁན་རབས་རིམ་བྱོན་གྱི་སྔོན་འགྲོའི་ཁྲིད་རིམ་སྐོར་ཕྱོགས་བསྡུས་སུ་གནང་སྟེ་མཛད་པ་ཡིན།
གཞན་ཡང་༢༠༢༥ལོའི་ཟླ་བ་༨པའི་ཚེས་༡༨ཉིན་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཁོང་གིས་རྒྱ་ཡིག་ལམ་ནས་བརྩམས་པའི་《བསམ་འགྲུབ།》ཉམས་ལེན་དང་འབྲེལ་བའི་སྐོར་གྱི་དེབ་ཀྱི་འགྲེམ་སྤེལ་མཛད་སྒོ་སྤེལ།
 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།