ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་གཉིས་པའི་ཚོགས་ཐེངས་གཉིས་པའི་རྩོམ་བརྡ།
[ཟླ་ཚེས། 2025-12-08 10:37:57][རྩོམ་པ་པོ། འགན་ཁུར་མི་སྣ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གླེང་བརྗོད།
འཐུས་སྒོ།
༡༽ འདིའི་རྩོམ་ཡིག་རྣམས་འབྲི་མཁན་ཆོས་ལུགས་རིས་མེད་ཀྱི་སློབ་གླིང་སོ་སོ་ནས་ཐོན་པའི་དགེ་བའི་བཤེས་གཉེན་དང་མཁན་པོ་ཡིན་དགོས།
༢༽ རྩོམ་གྱི་བརྗོད་བྱའམ་ཁ་བྱང་ཐད་རང་རང་གིས་གདམ་རྒྱུ༼ལོ་རྒྱུས། གཞུང་ལུགས། རིག་གནས་སོགས། ༽ལས་དམིགས་བསལ་གྱི་གཏན་འབེབས་མེད་ལ། དེ་ཡང་བརྗོད་གཞི་གང་ཞིག་ཡིན་རུང་དཀའ་གནད་གཙོར་བཟུང་དང་ཞིབ་འཇུག་གཏིང་ཟབ། དཔྱད་འབྲས་མངོན་གསལ་བཅས་ཡོད་པའི་རྩ་དོན་བཟུང་རྒྱུ།
༣༽ རྩོམ་འབྲི་སྟངས་ཐད་སྤྱི་ཚོགས་སམ་དུས་རབས་ཀྱི་འགྲོས་ལྟར་ཞིབ་འཇུག་རིག་པའི་ཐབས་ལམ་གཙོར་འདོན་གྱིས་དབུ་ལ[གནད་བསྡུས]དང[གནད་ཚིག] རྩོམ་གཞུང་དངོས་ལ་དཔེ་རྟགས་《》དང་འདྲེན་རྟགས་“”ཟུར་མཆན། མཇུག་ལ་དཔྱད་གཞིའི་ཡིག་ཆ་གཙོ་བོའི་རིགས་ཁ་གསལ་ཡོད་པ། གཤམ་དུ་རྩོམ་པ་པོ་སོ་སོའི་མཚན་དངོས་དང་། ཡབ་ཡུལ། ཡོན་གནས། ད་ལྟའི་ལས་གནས། ཞལ་པར་ཨང་གྲངས་བཅས་འགོད་རྒྱུ།
དུས་ཚོད།
༤༽ སྐབས་འདིའི་ཆེད་རྩོམ་ཆ་ཚང་༢༠༢༦ ལོའི་སྤྱི་ཟླ ༦ པའི་ཚེས ༡༥ སྔོན་དུ་འབྲེལ་ཡོད་བགྲོ་གླེང་འགན་འཛིན་མི་སྣའི་ཕྱག་ཏུ་འབྱོར་དགོས་པ་དང་། འདིར་འབྱོར་བའི་རྩོམ་རྣམས་རེ་ཞིག་ཕྱིར་འབུལ་ཞུ་རྒྱུ་མིན་པས་མ་ཕྱི་འདྲ་མཚུངས་རེ་རང་རང་གིས་ཉར་ཚགས་གནང་ན་ལེགས། འདིར་འབྱོར་བའི་རྩོམ་ཡིག་རྣམས་བགྲོ་གླེང་འགན་འཛིན་ཐུན་མོང་གིས་དཔྱད་ཞིབ་ཀྱིས་འོས་འདེམས་བྱས་ཏེ། བགྲོ་གླེང་འོས་ཡོད་ཀྱི་རྩོམ་པ་པོ་སོ་སོ་ལ་དེ་ལུགས་དངོས་གཞིའི་བགྲོ་གླེང་དུ་ཕེབས་རྒྱུའི་མགྲོན་བརྡ་གཏོང་རྒྱུ་ཡིན་པ་དང་རྩོམ་ཡོན་འོས་འཚམས་རེ་འབུལ་རྒྱུ་བཅས་སོ། །
འབྲེལ་ཡུལ་མི་སྣ།
དགེ་བཤེས་བོན་དབྱིངས་རྒྱལ་མཚན། 13618959911
དགེ་བཤེས་གཡམ་དྲང་སྲོང་། 18189050995
དགེ་བཤེས་གཡུང་དྲུང་བསྟན་པ། 13322563111
དགེ་བཤེས་གཡམ་དྲང་སྲོང་། 18189050995
དགེ་བཤེས་གཡུང་དྲུང་བསྟན་པ། 13322563111
