གངས་རྒྱལ་ཏི་སེའི་ལོ་དེབ་ཀྱི་འགྲེམ་སྤེལ་མཛད་སྒོ།

[ཟླ་ཚེས། 2024-03-17 22:37:36][རྩོམ་པ་པོ། རྒྱ་ཤོད་དགེ་བཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བཤད་སྒྲུབ་སློབ་གླིང་གི་ལོ་དེབ<<གངས་རྒྱལ་ཏི་སེ>>འདི་ཉིད་ལེགས་གྲུབ་བྱུང་སྟེ། སྣང་ཞིག་སྐྱབས་རྗེ་སྐྱབས་མགོན་རྒྱལ་བ་བློ་གྲོས་ཐོགས་མེད་དཔལ་བཟང་པོ་མཆོག་ལ་མཆོད་པའི་ཕུད་དུ་འབུལ།

གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་གཉེར་བ་རྣམས་ཀྱི་ཤེས་ཡོན་དང་རྩོམ་རིག་གི་ཆུ་ཚད་མཐོར་འདེགས་གཏོང་བའི་སླད་དུ་གཞིགས་ནས་གཙོ་སྒྲུབ་གནང་པའི་བོན་གྱི་རིག་གཞུང་ལོ་དེབ<<གངས་རྒྱལ་ཏི་སེ>>སྤྱིའི་འདོན་ཐེངས་དང་པོ་དེ་རིང་སྟེ། ༢༠༢༤ལོའི་ཟླ་བ༣པའི་ཚེས༡༦ཉིན་ཡོངས་སུ་གྲུབ་སྟེ་རྩོད་པའི་རིག་ལམ་སྟོང་གི་རྔ་གསེང་སྒྲོག་སའི་འཆད་ར་ཆེན་པོ་ནས་དགེ་སློབ་ཡོངས་དཀྱུས་གཅིག་ཏུ་འགྲེམ་སྤེལ་གྱི་མཛད་སྒོ་རུ་ཞུགས། འཚོགས་ཐོག་ཏུ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོའམ་ལོ་དེབ་ཀྱི་སྤྱི་ཁྱབ་འགན་འཛིན་པ་རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་ནས <<གངས་རྒྱལ་ཏི་སེའི>> ལོ་དེབ་ཐོག་བཀོད་པའི་རྩོམ་ཡིག་ཀྱི་རིགས་ལ་རྣམས་གྲངས་བདུན་ཏེ།  ལོ་རྒྱུས་སྲིད་པའི་རྡོ་རིང་། དཔྱད་རྩོམ་གསེར་གྱི་ཐིག་ཤིང་། ཤེས་རིག་གཏེར་ཀྱི་བང་མཛོད། མཚན་ཉིད་རིག་པའི་ཡང་བཅུད། སྙན་རྩོམ་ངག་གི་རོལ་དབྱངས། བསླབ་བྱ་ཕན་བདེའི་ལམ་སྟོན། ཆ་འཕྲིན་གསལ་བའི་མེ་ལོང་སོགས་རྣམས་གྲངས་འདི་དག་གི་སྒོ་ནས་དབྱེ་དགོ་བའི་རྒྱུ་མཚན་དང་། རྩོམ་ཡིག་བསྡུ་སྟངས་དང་འདེམས་ཚུལ། ད་དུང་འདེམས་ཐོན་བྱུང་བའི་རྩོམ་པ་པོ་དག་ལ་བཀའ་དྲིན་དང་བཀྲ་ཤིས་རྟེན་འབྲེལ་དཀར་པོའི་ཤིས་བརྗོད་སོགས་ཟབ་རྒྱས་གནང་པ་མ་ཟད། མ་འོངས་འབྱུང་འགྱུར་གྱི་ཆ་ལ་ཡང་མུ་མཐུད་ནས་འཆད་རྩོད་རྩོམ་གྱི་ཕྱོགས་ལ་རིས་སུ་མ་ལྷུང་པར་བརྩོན་སེམས་ཀྱི་རྟ་ཕོ་ལ་སྐུལ་ལྕག་ཐང་ལྷོད་མེད་པར་ཡུན་ནས་ཡུན་དུ་གཞུས་དགོས་པའི་སྐུལ་འདེབས་དང་ཕན་བདེའི་བསླབས་བྱ་གང་མང་མང་གནང་བ་འདིར་བཀོད་པ་ལགས།
 
གངས་རྒྱལ་ཏི་སེའི་རྩོམ་སྒྲིག་ཚན་ཆུང་།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།