གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྒོ་འབྱེད་དུས་དྲན་མཛད་སྒོ།

[ཟླ་ཚེས། 2023-10-29 10:38:23][རྩོམ་པ་པོ། རྒྱ་ཤོད་དགེ་བཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   
   སྣང་ཞིག་ཆེན་པོ ༧ སྐྱབས་མགོན་རྒྱལ་བ་གཡུང་དྲུང་བློ་གྲོས་ཐོགས་མེད་དཔལ་བཟང་པོ་མཆོག་ནི་ད་ལོ་སྟེ་སྤྱི་ལོ༢༠༢༣ལོའི་ཟླ༡༠ཚེས༢༧གྱི་སྐལ་བཟང་དུས་ཚིགས་ཀྱི་ཉིན་མོ་འདིར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་མཐར་ཕྱིན་པའི་ཕྱག་འཁྱེར་བཞེས་པ་ལ། སྒོ་གསུམ་གུས་པ་ཆེན་པོས་བཀྲ་ཤིས་ལྷ་དར་དཀར་པོ་ལག་ཏུ་ཐོགས་ནས་རྟེན་འབྲེལ་ཞུ་རྒྱུའོ།།
​​
   སྣང་ཞིག་ཆེན་པོ༧སྐྱབས་མགོན་རྒྱལ་བ་བློ་གྲོས་ཐོགས་མེད་དཔལ་བཟང་པོ་མཆོག་དང་། སྣང་ཞིག་དགོན་པའི་ནང་ཆེན་ཁག་དང་། ཚོགས་ཆེན་དཔོན་སློབ། ཚོགས་ཆེན་དབུ་མཛད་ཆེ་ཆུང་། ཚོགས་ཆེན་དགེ་སྐོས། དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཚོགས་གཙོ། ཤེས་རབ་ཀྱིས་ཐུགས་རྒྱུད་ཕྱུག་ཅིང་རྣམ་དཔྱོད་ཀྱི་སྤྱན་དཀྱུས་ཡངས་པའི་དཔོན་གསས་དགེ་རྒན་རྣམ་པ་དང་། རྨང་གཞིའི་ཤེས་བྱ་གསོ་སྐྱོང་གླིང་གི་སློབ་གཙོ་རྒན་གཞོན་བཅས་དབུ་བཞུགས་གནང་སྟེ། སྤྱི་ལོ་༢༠༢༣ལོའི་ཟླ༡༠ཚེས༢༧ལ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྒོ་འབྱེད་དུས་དྲན་ཐེངས་ཉེར་གཉིས་པའི་མཛད་སྒོ་སྤེལ་ཡོད།

སྐྱབས་རྗེ་སྣང་སྟོན་རིན་པོ་ཆེ་དང་ཚོགས་གཙོ་རྣམ་གཉིས་ནས་སྲིད་པའི་བརྡ་དར་བསྒྲེངས་པ།

སློབ་གཙོ་རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ་ལགས་ནས་བཤད་སྒྲུབ་སློབ་གླིང་གི་སྒོ་འབྱེད་དུས་དྲན་མཛད་སྒོའི་དབུ་བཟུང་སྟེ། སློབ་གླིང་འདི་ཉིད་སྤྱི་ལོ༢༠༠༡ལོར་དབུ་འཛུགས་གནང་བའི་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་དང་། སློབ་གླིང་གི་སློབ་གཙོ་རིམ་བྱོན་དང་། སློབ་གླིང་གི་དགེ་རྒན་རིམ་བྱོན་དག་ལ་ཡི་རངས་དང་བཀའ་དྲིན་རྗེས་དྲན་ཞུས་པ་དང་བསྟུན་ནས། སྤྱི་ལོ༢༠༢༢ལོའི་བོད་ཟླ༩ཚེས༡༣ནས། སྤྱི་ལོ༢༠༢༣ལོའི་བོད་ཟླ༩ཚེས༡༣བར་གྱི་ལོ་ངོ་གཅིག་ཧྲིལ་བོའི་རིང་དུ། སློབ་གླིང་གིས་བསླབ་པ་སློབ་གཉེར་གནང་སྟངས་དང་། འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་ལུགས་སྙན་ཞུ་ཕུལ་ཡོད།
 
སུམ་བཟང་འཛིན་གྲྭ་ཨང་དང་པོ་ཐོབ་མཁན།

སུམ་བཟང་འཛིན་གྲྭ་ཨང་གཉིས་པ་ཐོབ་མཁན།

སུམ་བཟང་འཛིན་གྲྭ་ཨང་གསུམ་པ་ཐོབ་མཁན།

ཡིག་ཆའི་རྒྱུགས་སྤྲོད་ཆེན་མོའི་སྐབས་སུ་མཐོ་རིམ་ཨང་དང་པོ་གསེར་གྱི་རྟགས་མ། གཉིས་པ་དངུལ་གྱི་རྟགས་མ། གསུམ་པ་ཟངས་ཀྱི་རྟགས་མ་ཐོབ་མཁན་གྱི་སློབ་མ།

ཡིག་ཆའི་རྒྱུགས་སྤྲོད་ཆེན་མོའི་སྐབས་སུ་འབྲིང་རིམ་ཨང་དང་པོ་གསེར་གྱི་རྟགས་མ། གཉིས་པ་དངུལ་གྱི་རྟགས་མ། གསུམ་པ་ཟངས་ཀྱི་རྟགས་མ་ཐོབ་མཁན་གྱི་སློབ་མ།

ཡིག་ཆའི་རྒྱུགས་སྤྲོད་ཆེན་མོའི་སྐབས་སུ་དམའ་རིམ་ཨང་དང་པོ་གསེར་གྱི་རྟགས་མ། གཉིས་པ་དངུལ་གྱི་རྟགས་མ། གསུམ་པ་ཟངས་ཀྱི་རྟགས་མ་ཐོབ་མཁན་གྱི་སློབ་མ།

རིག་གནས་རྒྱུགས་སྤྲོད་ཆེན་མོའི་སྐབས་སུ་མཐོ་རིམ་ཨང་དང་པོ། གཉིས་པ། གསུམ་པ་ཐོབ་མཁན་གྱི་སློབ་མ།

རིག་གནས་རྒྱུགས་སྤྲོད་ཆེན་མོའི་སྐབས་སུ་འབྲིང་རིམ་ཨང་དང་པོ། གཉིས་པ། གསུམ་པ་ཐོབ་མཁན་གྱི་སློབ་མ།

རིག་གནས་རྒྱུགས་སྤྲོད་ཆེན་མོའི་སྐབས་སུ་དམའ་རིམ་ཨང་དང་པོ། གཉིས་པ། གསུམ་པ་ཐོབ་མཁན་གྱི་སློབ་མ།

༢༠༢༣ལོའི་མདོ་སྔགས་རྫོགས་གསུམ་མཐར་ཕྱིན་པའི་སློབ་མ་རྣམས།

༢༠༢༣ལོའི་སྒྲུབ་གྲྭ་མཐར་ཕྱིན་པའི་སློབ་མ་རྣམས།

༢༠༢༣ལོའི་མདོ་མཐར་ཕྱིན་ནས་སྔགས་རྫོགས་སུ་ཞུགས་པའི་སློབ་མ་རྣམས།

༢༠༢༣ལོའི་མདོ་མཐར་ཕྱིན་ཏེ་ཕྱག་འཁྱེར་བཞེས་པའི་སློབ་མ་རྣམས།

གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ལས་སྣེ་མཐར་ཕྱིན་རྣམས།

གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་ལས་སྣེ་གསར་བ་རྣམས།
 
སློབ་གླིང་གི་ལས་སྣེ་གསར་རྙིང་རྣམས་ཀྱིས་ཕན་ཚུན་ལ་བཀྲ་ཤིས་ལྷ་དར་དཀར་པོ་ཕུལ་ཏེ་བརྗེ་སྤོར་གནང་བ། 
   མཐར་སློབ་གཙོ་རྒྱ་ཤོད་དགེ་བཤེས་མཆོག་ནས་སློབ་གླིང་འདིར་ནམ་ཡང་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་གྱི་འབྲེལ་ཡོད་མི་སྣ་ཡོངས་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་སྨོན་སྐྱབས་འཇུག  བཀྲ་ཤིས་རྟེན་འབྲེལ་གྱི་མཆོད་པ་སོགས་ཕུལ་ཏེ། ལས་སྣེ་དང་དགེ་སློབ་ཡོངས་ནས་སངས་རྒྱས་བསྟན་པ་རྒྱས་པའི་སྨོན་ལམ་གྱིས་རྒྱས་གདབ་པའོ།།
   བཤད་སྒྲུབ་སློབ་གླིང་གི་བསྟན་པའི་སྦྱིན་བདག་ཆེན་མོ་སྟག་ཚའི་ཤར་ཀ་ཚང་གི་སྐུ་ཞབས་ཤེས་རབ་ཕུན་ཚོགས་ཁོང་གིས་ལོ་ངོ་ཧྲིལ་བོ་གསུམ་གྱི་རིང་དུ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སྨྲ་སེང་བདུན་སྒྲུབ་དང་། གཡས་རུའི་འཆད་རྩོད་ཆེན་མོ་བདུན་ཕྲག་གསུམ། གཟའ་འཁོར་རེ་རེའི་རྩོད་རྒྱུགས་དམ་བཅའ་ཡོད་ཚད། དེ་མིན་སློབ་གླིང་གི་བར་སྐབས་ཀྱི་སྤྲོ་གསེང་གནང་བ་ཐམས་ཅད་ཀྱི་འགྲོ་གྲོན་བཏང་དང་གཏོང་བཞིན་འདུག་སྟེ། དེ་ལྟར་ལོ་གཅིག་རྫོགས་ནས་ལོ་ངོ་གཉིས་པའི་ནང་དུ་བསྟན་སྦྱིན་གནང་བའི་བཀའ་དྲིན་སྐྱོང་བཞིན་ཡོད། ད་དུང་དེ་ཙམ་དུ་མ་ཟད་སྤྱི་ལོ༢༠༢༢ལོར་སྤྱི་ཕུད་བླ་མ་སྣང་ཞིག་ཚང་དང་། ཚོགས་ཆེན་དཔོན་སློབ། གཞུང་ཁྲིད་དང་ཟུར་ཁྲིད་དགེ་རྒན་ཡོངས་རྫོགས་ལ། གསུང་རྟེན་གླེགས་བམ་བཅུ་ཅན་རེ་རེ་དང་། ད་ལོ་སྟེ་སྤྱི་ལོ༢༠༢༣ལོར་གོང་ཞུས་སྐྱེས་ཆེན་དེ་དག་ལ། སྐུ་རྟེན་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཆེ་མཆོག་གི་སྐུ་བརྙན་རེ་རེ་ཕུལ་པའི་ཚོགས་བསགས་རྒྱས་འབུལ་གནང་ཡོད་པས། སྐུ་ཞབས་ཁོང་ལ་བཀའ་དྲིན་ཆེ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།