ཞུ་ཚང་དང་འབྲེལ་བའི་ཆེད་རྩོམ་བསྡུ་ཡིག

[ཟླ་ཚེས། 2023-09-15 13:56:31][རྩོམ་པ་པོ། རྩོམ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །ཞུ་ཚང་དང་འབྲེལ་བའི་ཆེད་རྩོམ་བསྡུ་ཡིག

  རིགས་གཅིག་སྨྱུག་ཐོགས་པ་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ། བསྟན་པ་ཕྱི་དར་དབུ་བརྙེས་པ་ནས་བཟུང་རྒྱལ་གཤེན་རིང་ལུགས་ཀྱི་བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུ་བཞི་ཡི་བསྟན་པ་ཕྱོགས་སོ་སོ་ནས་དབུ་ཚུགས་ཤིང་ད་ལྟའི་བར་མི་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་མཁྱེན་གསལ་ལྟར་ཡིན་ལ། ཡང་དར་བསྟན་པའི་གནས་བབ་ཀྱང་ད་ལྟ་རང་ཅག་རྣམས་ཀྱི་ཕྲག་སྟེང་ན་ཡོད་པའི་ལས་འགན་ཞིག་ཡིན་ཕྱིར། ཕྱོགས་སོ་སོ་ནས་བརྒྱུད་འཛིན་དར་སྤེལ་གནང་སྟེ་གཤེན་རབ་བསྟན་པ་རིན་པོ་ཆེ་བསྐལ་པའི་མཐའ་ལ་མི་ཉམས་ཤིང་གོང་དུ་འཕེལ་བར་བྱེད་པའི་ཐབས་ལ་ཐུགས་འདུན་གལ་ཆེན་དུ་དམིགས་ཏེ། ད་ལན་ཞུ་སྟོན་རིན་པོ་ཆེ་ཡོན་ཏན་རྒྱ་མཚོ་མཆོག་གི་ཐུགས་དགོངས་ལྟར་དབང་ལྡན་ཞུ་ཚང་གི་རིག་གཞུང་དང་འབྲེལ་བའི་དཔྱད་རྩོམ་བསྡུ་རྒྱུ་ཡིན་པས་དེ་ལུགས་སུ་སྨྱུག་འཛིན་རྣམས་ཀྱིས་ལྗགས་རྩོམ་ཕ་འབབ་གནང་རོགས་ཞུ་རྒྱུ་ཡིན།

  ཐུགས་མཉམ་གཞག་བྱའི་དོན་ཚན་བདུན།

   འདིར་ཞུ་ཚང་དང་འབྲེལ་བའི་དཔྱད་རྩོམ། ལོ་རྒྱུས། གདན་རབས། རྣམ་ཐར། ཆོ་གའི་ཕྱག་ལེན། འབུད་བརྡུང་དཀྲོལ་ལུགས་སོགས་གནང་ཆོག

   སྤྱི་ཚོགས་འགལ་འདུ་ལ་མི་འགལ་བ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པ་དགོས།

  སྐྱ་སེར་ཕོ་མོ་རྒན་གཞོན་ཁྱད་མེད་ངང་ཞུགས་ཆོག་ལ་རང་རྩོམ་མ་ཡིག་རང་གིས་ཉར་དགོས་པ་ལས་ཕྱིར་སྤྲོད་མི་བྱེད།

   འདི་ག་ནས་རྩོམ་འབྱོར་ཟིན་པ་དག་གདམ་གསེས་བྱེད་རྒྱུ་ཡིན་ལ་བདམས་ཐོན་བྱུང་ཚེ་དུས་ལྟར་བརྡ་ལན་འབུལ་ངེས་ཡིན།

   བདམས་ཟིན་པའི་དཔྱད་རྩོམ་ལ་རྩོམ་ཡོན་འབུལ་རྒྱུ་ཡིན་པ་དང་དཔྱད་གླེང་གདན་ཞུ་པའི་གོ་སྐབས་ཡོད།

  དཔྱད་རྩོམ་ཡིག་གྲངས་ཚེག་ཁྱིམ༣༠༠༠ནས༡༠༠༠༠བར་ལོངས་དགོས།

   ༢༠༢༣ལོའི་སྤྱི་ཟླ༡༡པའི་ཚེས༢༤ཉིན་ཚུན་ཆད་ནས་བསྡུ་མཚམས་འཇོག་རྒྱུ།

  འབྲེལ་བ་གནང་ཡུལ། 13322563111     18308063307 (སྐད་འཕྲིན)

  ཞུ་ཚང་རིག་གཞུང་དར་སྤེལ་རྐང་འཛིན་ལྷན་ཚོགས་ནས་སྤེལ། 2023/9/15ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།