གསལ་བརྡ་གལ་ཆེན།

[ཟླ་ཚེས། 2023-02-11 11:56:16][རྩོམ་པ་པོ། བཤད་སྒྲུབ་འདུས་སྡེའི་དཔེ་མཛོད་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ༧ སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧རྗེ་བཙུན་སྨན་རི་བ་༧རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་བཀའ་འབུམ་པར་ཐེངས་དང་པོ་པོད་བཅུ་ལས་གྲུབ་པ་ཞིག །འདི་གར་ཁམས་སྟོད་བོན་གྱི་འདུས་སྡེ་ཀླུ་ཕུག་དགོན་ཆེན་༧སངས་རྒྱས་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེའི་དཔེ་མཛོད་ཁང་ནས་བསྒྲིགས་ཏེ། སྤྱི་ལོ་2015ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་ད་ལྟའི་བར་ལོ་བདུན་ཙམ་སོང་ཡོད། ད་ཐེངས་སླར་ཡང་པར་ཐེངས་སྔོན་མའི་ནང་དུ་མ་འདུས་པའི་བཀའ་འབུམ་གང་དག་ལག་སོན་བྱུང་རིམ་བཞིན་ཁ་བསྐངས་ཏེ་པར་སྐྲུན་བྱེད་འཆར་ཡོད་པ་གཞིར་བཟུང་། ད་བར་དཔེ་ཆ་ཁག་ཅིག་ལག་སོང་བྱུང་བ་དང་ལྷག་ཏུ་བསྟན་པ་རིན་པོ་ཆེ་ལ་ལྷག་བསམ་འཇོན་ནུས་ལྡན་པ་མང་དག་ཞིག་གི་ཐུགས་འདུན་ལྟར། ད་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཐེངས་གཉིས་པ་དཔེ་སྐྲུན་བྱེད་ཆར་ལགས་ན། པར་གཞི་དང་པོའི་ནང་དུ་མ་འདུས་ཤིང་རྗེ་སྨན་རི་བ་ཆེན་པོའི་གསུང་ཡིན་ངེས་ཅན་མཐོང་ཐོས་ཡོད་རིགས་རྒྱ་ཆེའི་མཁྱེན་ལྡན་རྣམས་ཀྱིས་ངོ་སྤྲོད་དང་མཁོ་འདོན་ཡོད་པར་མཁྱེན་མཁྱེན།
༧ སངས་རྒྱས་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེའི་དཔེ་མཛོད་ཁང་ནས།
འབྲེལ་གཏུགས་ཁ་པར། 17310803859. 13658961725
 ༧ རྒྱལ་བ་གཉིས་པ་སྨན་རི་བ་མཉམ་མེད་ཆེན་པོའི་བཀའ་འབུམ་པར་ཐེངས་དང་པོའི་དཀར་ཆག །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།