གནས་ཆེན་ཀོང་པོ་བོན་རིའི་སྐོར་ལམ་ལ་གད་སྙིགས་གཙང་སེལ་གནང་བ།

[ཟླ་ཚེས། 2019-10-08 15:46:17][རྩོམ་པ་པོ། བླ་མ་ཤེས་རབ་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   འགྲོ་ཕན་ལས་ལ་བརྩོན་ཤིང་།  བོན་ལ་ལྷག་བསམ་དཀར་བའི་ཀོང་པོའི་ཡུལ་ལ་གནས་སྤོས་ཚ་རོང་ལྷ་སྡེ་རྣམ་པ་དང་།  དེ་བཞིན་བོན་བསྟན་ལ་ལྷག་བསམ་རབ་ཏུ་དཀར་བའི་ཞང་ཞུང་སྒོ་པའི་སྡེ་པའང་ཁྱུང་པོ་སྟེང་ཆེན་ནས་ཡིན་པའི་ཡུལ་མི་ཁག་གཅིག་འོང་ནས།  ཚ་ཁྱུང་མཉམ་འབྲེལ་ཐོག་གནས་མཆོག་བོན་རིར་མ་གྲོས་བསམ་པ་གཅིག་མཐུན་བྱས་ནས་ཚ་རོང་སྡེ་པ་ནས་འགོ་སྨོན་ལམ་དར་ལྕོག་ནས་བཟུང་བར་ཐང་ཤིང་དུ་ཁྲོད་བར་གད་བདར་གཙང་སྦྲ་བྱས་ཏེ། 
   གད་སྙིགས་དག་ས་གནས་སྲིད་གཞུང་གིས་གཏན་འབེབས་བཟོས་ཡོད་པའི་གད་སྙིགས་བླུག་སྒམ་ས་ཚུགས་སྐྱེལ་ཡོད་པ་མ་ཟད།  ཐང་ཤིང་དུ་ཁྲོད་ནས་ཙང་གང་གདོང་བར་ཁྱུང་པོ་ལྷག་སྡེ་རྣམ་པའི་གཙང་སྦྲ་བྱས་ཏེ་ཡང་གད་སྙིགས་དག་གཏན་ཁེལ་གྱི་དག་སྙིགས་བླུགས་སའི་ས་ཚུགས་ལ་སྐྱེལ་ཡོད་པའི་ཚ་ཁྱུང་ལྷ་སྡེ་རྣམ་པ་ལ་སྙིང་དབུས་ནས་ཐུགས་རྗེས་ཆེ་ཞེས་ཡང་ནས་ཞུ་བ་དང་ཆབ་ཅིག
   སླད་ཀྱི་ཆ་མ་སྐུལ་དང་བླངས་ཐོག  བོན་འབངས་ཡོངས་ནས་དེ་ལྟར་ཐུན་མིན་བོན་གྱི་གནས་ཆེན་ཀོང་པོ་བོན་རི་དང་།  རང་གནས་ཁུལ་གྱི་གནས་རི་དང་ཁོར་ཡུག་བཅས་ལ་གཙང་སྦྲ་ལ་འབད་འབུངས་གནང་ནས་གོམས་གཤིས་ཆགས་པ་བྱེད་རྒྱུ་སྟེ། 
   འབྱུང་ཁམས་ཁོར་ཡུག་ལ་རྒྱུད་འཛིན་བྱ་བའི་ཁྱད་དུ་རང་ཉིད་ཀྱིས་འགན་ཁུར་དགོས་པ་ཡིན་པས་ཚང་མས་ཐུགས་ལ་དེ་ལྟར་ཡོད་པར་ཞུ་ཞུ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།