རག་ཞིག་ལུང་རིག་ཀུན་གསལ་སྙིང་པོ་མཆོག་གི་ཉེ་ཆར་མཛད་བཟང་།

[ཟླ་ཚེས། 2019-06-28 23:38:48][རྩོམ་པ་པོ། ཤེལ་ཞིན་ཨུན་ཀྲ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   སྤྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༤ ཚེས་ ༢ ནས་ ༡༢ བར། རྒྱལ་གཅེས་ཆོས་གཅེས་ཀྱི་སྐྱེས་ཆེན་ཀླུ་ཕུག་དགོན་གྱི་མཆོག་སྤྲུལ་རག་བླ་ཀུན་གསལ་སྙིང་པོ་རིན་པོ་ཆེ་བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣའི་སློབ་གསོ་ཟབ་སྦྱོང་འཛིན་གྲྭ་ཐེངས་གཉིས་པ་དང་གསུམ་པའི་སྐབས་ཡིག་ཚད་ཁག་ཚང་མ་ཨང་དང་པོ་ཐོབ་པར་སྲིད་གཞུང་གིས་དགའ་བསུ་བསྔགས་བརྗོད་དཔག་མེད་གནང་ཞིང་ཚད་ལོན་དང་སྔོན་ཐོན་ཕུལ་བྱུང་གི་ལག་ཁྱེར་གལ་ཆེན་གཉིས་དང་དཔེ་བཟང་སོགས་དུ་མ་ཐོབ།
དེ་ནས་༢༠༡༩-༦-༢༢ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་འཐུན་མི་ཚོགས་ཆེན་སྐབས་བཅུ་གཅིག་པ་ལྷ་སར་རྒྱས་འཛོམས་ངང་འཚོགས་སྐབས།
   གཏམ་བཟང་ཞིག་ལ་བསྟན་འཛིན་སྐྱེས་མཆོག་དམ་པ་ཀླུ་ཕུག་དགོན་གྱི་བླ་ཆེན་ལུང་རིག་ཀུན་གསལ་སྙིང་པོ་རིན་པོ་ཆེ། རང་སྐྱོང་ལྗོངས་དང་རིམ་ཁག་དབུ་ཁྲིད་རྣམ་དང་ལས་འཛིན་འཐུན་མི་ ༣༣༣ ལྷག་གིས་འདེམས་ཐོན་བྱུང་ནས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་བསྐོས་བཞག་གནང་བར། ང་ཚོ་བོན་པོ་ཡོངས་ཀྱི་བསོད་ནམས་དང་གཟི་བརྗེད་ཡིན་པ་མ་ཟད། གྱེར་བསྟན་སྐྱ་རེངས་གསར་པ་ཤར་བའི་མདུན་ལམ་འོད་སྟོང་འཕྲོ་བས་དགའ་བ་ཁྲི་དང་སྤྲོ་བ་འབུམ་གྱིས་བསུ་ནས་མཛད་འཕྲིན་གེགས་མེད་འགྲུབ་པའི་བཀྲ་ཤིས་སྨོན་ལམ་ཞུ།
   ཚོགས་འདུའི་བར་གསེང་དུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྦུ་དབྱིང་ཅེ་མཆོག་གིས་གཙོ་སྐྱོང་གནང་སྟེ་བཞུགས་མོལ་ཚོགས་འདུའི་སྐབས་སུ་གཡུང་དྲུང་བོན་གྱི་འཐུས་ཚབ་ཏུ་་ཚོགས་གཞོན་ཀུན་གསལ་སྙིང་པོས་རྒྱལ་གཅེས་ཁྲིམས་སྲུང་དགོས་ཚུལ་སོགས་གསུང་བཤད་གནང་བ་སོགས་ཀྱི་གནས་བསྡུས་སུ་སྤེལ་བའོ། །
སྐྱེས་ཆེན་བླ་མ་དམ་པ་ཁོང་རིན་པོ་ཆེའི་ཉེ་ཆར་གྱི་མཛད་འཕྲིན་གནས་བསྡུས་ཤིག་ཁོང་གི་སྐུ་འཁོར་པ་ཤེལ་ཞིན་ཨུ་ཀྲས་སྤེལ་བའོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།