ཞང་བོད་སྔགས་རྫོགས་བགྲོ་གླེང་བརྡ་སྦྱོར།

[ཟླ་ཚེས། 2019-04-05 12:02:05][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1554437222489787.jpg

རྣམ་དཔྱོད་ཤེས་རབ་ཀྱི་གོ་རྟོགས་མཐོ་ཞིང་ཤེས་ཡོན་དཔལ་གྱིས་ཐུགས་རྒྱུད་ཕྱུག་པའི་མཁྱེན་ལྡན་རྣམས་ཀྱི་སྙན་སྒྲོན་དུ་ཞུ་རྒྱུ།

འོ་སྐོལ་གངས་ཅན་ཁ་བའི་ལྗོངས་དང་རང་རེའི་མེས་པོ་ཞང་ཞུང་གི་ཐུན་མོང་མ་ཡིན་ཞིང་ཆེས་བླ་ལྷག་ཏུ་གྱུར་བ་ནི། འཛམ་གླིང་གོ་ལའི་སྟེང་གི་སྤྱི་ཕུད་ཆེན་པོ་སངས་རྒྱས་བསྟན་པའི་ཡང་སྙིང་སྔགས་རྫོགས་གདམས་པ་ཟབ་མོའི་བོན་ཡིན་ལ། དེས་ན་སྔགས་རྫོགས་གཞུང་ལུགས་ཀྱི་དགོངས་དོན་དཀའ་གནད་ཐད་ལ་ཆེས་གསལ་ཁ་འདོན་པའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། སྔགས་རྫོགས་འབྲེལ་ཡོད་ལོ་རྒྱུས་ཁག་ལའང་ཞིབ་འཇུག་གཟིངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཆེད། སྤྱི་ལོ ༢༠༢༠ ལོའི་སྤྱི་ཟླ ༢ ཚེས ༡༠ དང་བོད་ཟླ ༡༢ པའི་ཚེས ༡༦ ནས་ཉིན་གསུམ་གྱི་ཡུན་ལ་ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོ་ཞེས་པ་འདི་ཉིད་ད་ལོ་སི་ཁྲོན་ཁྲིན་ཏུའུ་རུ་སྐོང་འཚོགས་བྱེད་རྒྱུ་ཡིན་པས། བླ་མ་དང་དགེ་བའི་བཤེས་གཉེན། ལོ་རྒྱུས་པ་དང་རྩོམ་པ་པོ། བསམ་བློ་པ་དང་ཤེས་ཡོན་པ་ལ་སོགས་སྐྱ་སེར་གང་གིས་དབྱེ་བ་མེད་པ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་བགྲོ་གླེང་འདིར་དངོས་ཞུགས་ཕེབས་པགདན་ཞུས་ཆེད་མཁས་པགཙོ་བོ་རྣམས་ཀྱིས་སྔགས་རྫོགས་དང་དེ་འབྲེལ་ལོ་རྒྱུས་སྐོར་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དཔྱད་རྩོམ་རེ་དགོས་ཤིང་། རྩོམ་ཡིག་དེའི་དབུ་ལ་རྩོམ་གཞུང་གི་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ་བཀོད་དེ། བར་མཇུག་ཏུ་ཁུངས་བཅོལ་དཔྱད་མཆན་བཅས་དགོས་པ་མ་ཟད། ཡིག་འབྲུ་ཡང་ཆེས་ཉུང་མཐར་ཉིས་སྟོང་ནས་མང་མཐར་གཅིག་ཁྲི་བར་གྱི་དཔྱད་རྩོམ་གྱ་ནོམ་པ་ཞིག་བྲིས་ཏེ།ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོའིཚོགས་ཐོག་ཏུ་རང་གི་རྩོམ་ཡིག་ཐད་ནས་བགྲོ་གླེང་ཕུན་སུམ་ཚོགས་པར་བྱེད་པའི་གླེང་སྟེགས་དང་གོ་སྐབས་བསྐྲུན་ཡོད་ལ། དེ་མིན་འུ་ཅག་ཐུན་མོང་གིས་བགྲོ་གླེང་དེ་དག་དང་འབྲེལ་ཏེ་དྲི་བ་དྲིས་ལན་གྱི་སྒོ་ནས་དོགས་སློང་དང་དོགས་སེལ་བྱེད་རྒྱུ་བཅས་སོ།།

གསལ་བཤད། ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོ་འདི་ནི་སི་ཁྲོན་མངའ་ཁོངས་སུ་བཞུགས་པའི་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བླ་མ་དང་དགེ་བཤེས་སྒྲུབ་ཐོན་པ་དང་གྲྭ་བཙུན་དག་གིས་ཐུན་མོང་མཉམ་འབྲེལ་གྱིས་དབུ་འཛུགས་གནང་བ་ཞིག་ཏུའོ།།

འབྲེལ་གཏུག་བྱེད་ཡུལ།

ཚོགས་གཙོ། རྒྱ་ཤོད་དགེ་བཤེས་ཤེས་རབ་རྒྱ་མཚོ། 13547737760

ཚོགས་གཞོན། དགེ་བཤེས་ཤེས་རབ་སྦྱིན་པ། 18382167888

དྲུང་ཡིག་པ། དགེ་བཤེས་གཡུང་དྲུང་ཉི་མ། 17358681444

དྲུང་ཡིག་གཞོན་པ། བླ་མ་ཤེས་རབ་ལེགས་ལྡན། 18096399888

སྤྱི་ལོ༢༠༡༩ལོའི་བོད་ཟླ༤ཚེས༥ཉིན་ཞང་བོད་སྔགས་རྫོགས་བགྲོ་གླེང་ཆེན་མོའི་བཀོད་སྒྲིག་ཚན་ཆུང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།