གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་གསར་འགྱུར།

[ཟླ་ཚེས། 2019-03-07 15:47:50][རྩོམ་པ་པོ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་འཕྲིན་སྟེགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1551945852139005.jpg1551945852136539.jpg

    སྤྱི་ལོ་ ༢༠༡༩ ལོའི་ཟླ་ ༢ པའི་ཚེས་ ༢༧ ནས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ལྔ་བརྒྱ་ལྷག་ཅིག་ལོ་རེའི་འཆར་ཅན་ལྟར་སྨྲ་སེང་སྒྲུབ་ཆེན་ལ་དུས་ཡུན་ཉིན་དགུ་ལ་འཚོགས་ཤིང་། 

1551945852851555.jpg1551945852123892.jpg1551945853685926.jpg

1551945853111529.jpg

   དེ་རིང་སྤྱི་ཚེས་ལྟར་ཟླ་ ༣  པའི་ཚེས་ ༧ ཉིན་སྨྲ་སེང་སྒྲུབ་ཆེན་ཡོངས་སུ་མཇུག་གྲུབ་པའི་དུས་འདིར ༧ གོང་ས་སྐྱབས་མགོན་སྨྲ་བའི་སེང་གེ་བསྐལ་བཟང་བློ་གྲོས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་བཀས་སྐུལ་འོག་ཤེས་རབ་སྨྲ་བའི་སེང་གེའི་དབང་མཆོག་ཟབ་མོ་འདི་ཉིད་ ༧ སྣང་སྟོན་གཡུང་དྲུང་བློ་གྲོས་ཐོགས་མེད་ཀྱིས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་གཙོས་ཤེས་བྱ་རིག་པའི་ཞིང་ཁམས་ཆེན་པོ་ལ་བློ་གྲོས་ཀྱི་གོམ་ཁ་བསྒྱུར་དང་སྒྱུར་བཞིན་པའི་མཐའ་ཀླས་འགྲོ་བའི་ཚོགས་ལ་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་སྦྱངས་སྟོབས་ཀྱི་བཅུད་རྫོགས་པའི་ཐུགས་སྨོན་ཡང་དག་པའི་འོག་ཤེས་རབ་སྨྲ་བའི་སེང་གེའི་དབང་མཆོག་ཟབ་མོ་འདི་བསྐུར་དགོས་པའི་བཀའ་དགོངས་ཕབ་སྟེ།


   དེ་རིང་དངོས་སུ་ ༧ སྣང་སྟོན་གཡུང་དྲུང་བློ་གྲོས་ཐོགས་མེད་ཀྱིས་ ༧ གོང་ས་སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་ཇི་བཞིན་དད་ལྡན་འགྲོ་བའི་ཚོགས་ལ་ལྷག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་དབང་བཞི་རིམ་གྱིས་བསྐུར་ཞིང་གདུལ་བྱ་རྒྱ་མཚོའི་ཚོགས་ལ་བདུད་བཞིའི་ནད་དུག་གི་གདུང་བ་ཡོངས་སུ་སེལ་ནུས་པའི་ཐུགས་སྨོན་ཡང་དག་གནང་བ་ལགས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།