བོད་ཚེས་༡༥ཉིན་གྱི་དགོངས་རྫོགས་དང་འབྲེལ་བའི་གནས་ཚུལ།

[ཟླ་ཚེས། 2019-02-20 10:27:22][རྩོམ་པ་པོ། དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བོད་ཟླ་དང་པོའི་ཚེས་༡༥ཉིན་གྱི་སྟོན་པའི་འཁྲུངས་མཆོད་ཆེན་མོ་དང་འབྲེལ་༧མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་གི་དགོངས་རྫོགས་སྐོར་གྱི་གནས་བསྡུས།

1550629864644874.jpg

སངས་རྒྱས་བསྟན་པའི་མངའ་བདག་གསེར་མདོག་འཆང་། །

མཚན་དཔེ་གཟི་འབར་བརྒྱད་ཁྲི་བོན་འཁོར་བསྐོར། །

ལོག་ལྟའི་དཔུང་འཇོམས་འགྲོ་བའི་སྐྱབས་གཅིག་པུ། །

རྒྱལ་བ་གཤེན་རབ་མཆོག་ལ་གསོལ་བ་འདེབས། །

 1550629895320500.jpg

ཨེ་མ་ཧོ། སྐྱེ་མེད་གདོས་བྲལ་ཀུན་བཟང་དགོངས་བརྙེས་ཤིང་།

འགག་མེད་ལྷུན་གྲུབ་བསྐྱེད་རྫོགས་ཟུང་འཇུག་ཅན།

གཉིས་མེད་རྩལ་སྣང་བསླབ་གསུམ་རྣམ་པར་དག

སྐྱབས་མཆོག་ཤེས་རབ་མཐར་ཕྱིན་གསོལ་བ་འདེབས།
༠༨.jpg

   ཞེས་བདག་ཅག་གི་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་༧རྒྱལ་བ་གཤེན་རབ་མི་བོ་ཆེ་མཆོག་གི་འཁྲུངས་མཆོད་ཉིན་མོ་དང་འབྲེལ་༧རང་ཅག་གི་སྐྱབས་མཆོག་དམ་པར་གྱུར་བ་༧མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་སྐུ་ཞི་བར་གཤེགས་ནས་གསང་རྒྱ་གྲོལ་ཏེ་ཞག་གསུམ་གྱི་ཉིན་མོ་སྟེ་བོད་ཟླ་དང་པོའི་ཚེས་༡༥ཉིན་གྱི་དགོངས་རྫོགས་རིམ་པ་ལ།

1550634335819712.jpg
༡༡.jpg1550634335931379.jpg1550634334806372.jpg1550634334982415.jpg༢༠.jpg
1550634333703569.jpg

༢༢.jpg

   དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་སློབ་རྣམ་གསུམ་གཙོས་པའི་དགོན་མ་ལག་ཡོངས་ཀྱི་དགོན་བདག་༧མཁན་སློབ་བླ་སྤྲུལ་རྣམ་པ་དང་། དེ་བཞིན་གྲྭ་མང་འདུས་པ་རྒྱ་མཚོ་ཡོངས་ནས་ཉིན་མཆོད་ལ། དུ་ཏྲི་སུའི་སྒྲུབ་གཞུང་བསྲངས་ཤིང་།

1550632319539747.jpg1550632319130674.jpg

   སྔ་དྲོ་ཆུ་ཚོད་༩བའི་སྟེང་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་གླིང་གི་༧མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་དང་སྐྱིད་འཛོམས་དབུ་བླ་ཤེས་རབ་གོང་འཕེལ་རིན་པོ་ཆེ་གཙོས་པའི་བླ་གྲྭ་ཡོངས་ནས་༧ཁོང་རིན་པོ་ཆེའི་བླ་བྲང་གི་སྐུ་གདུང་རིན་པོ་ཆེའི་མདུན་ནས་བླ་མའི་མཆོད་ཕུལ་བ་དང་།

༠༤.jpg

 དེ་བཞིན་བྲག་གཡུང་དྲུང་དགོན་གྱི་དབུ་བླ་འབྲས་བུ་བོན་འཛིན་རིན་པོ་ཆེ་གཙོས་པའི་བླ་གྲྭ་བཙུན་མ་ཡོངས་ནས་སྐུ་གདུང་རིན་པོ་ཆེའི་མདུན་ནས་བླ་མའི་མཆོད་པ་ཕུལ། དེ་ནས་རྫོང་ཆོས་ལུགས་ཅུས་དང་ནང་བསྟན་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམ་པ་ཐུགས་གསོའི་འཚམས་འདྲིར་ཕེབས།

1550632414377646.jpg1550632414103667.jpg1550632414109838.jpg


  དེ་ནས་ཉིན་གུང་༧མཁན་སློབ་རྣམ་གསུམ་གཙོས་པའི་དགོན་མ་ལག་ཡོངས་ཀྱི་མཁན་སློབ་བླ་སྤྲུལ་འདུས་པ་རྒྱ་མཚོ་ཡོངས་ནས་ཚོགས་ཆེན་འདུ་ཁང་གི་མདུན་ནས་༧སྐྱབས་མཆོག་དམ་པ་མཆོག་གི་དགོངས་རྫོགས་སུ་བླ་མའི་མཆོད་པ་ཕུལ།

༠༡.jpg༠༢.jpg

  དེ་ནས་ཁོང་རིན་པོ་ཆེའི་གཞིས་དགོན་སྐྱང་ཚང་དགོན་པའི་བླ་གྲྭ་འདུས་པ་ཡོངས་ནས་སྐུ་གདུང་རིན་པོ་ཆེའི་མདུན་ནས་བླ་མའི་མཆོད་ཕུལ།

1550633125187532.jpg1550633125535702.jpg1550633125140184.jpgIMG_0024.JPG

  དེ་ནས་ཉིན་གུང་རྗེས་སུ་ཟིང་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་སོགས་ལས་ཁུངས་ཀྱི་དབུ་ཁྲིད་རྣམ་པ་སླར་ཡང་དགོན་ཆེན་ལ་ཐུགས་གསོའི་འཚམས་འདྲིར་ཕེབས། ཁྱད་པར་དུ་ཉིན་གང་བོ་ལ་དད་ལྡན་མང་ཚོགས་ཁྲི་ཕྲག་ལྷག་སྐུ་གདུང་རིན་པོ་ཆེ་མཇལ་ཁ་ཞུས།

1550630957527956.jpg  1550630602874233.jpg1550630603129142.jpg
1550630957519737.jpg1550630957581789.jpg1550630957888993.jpg

   དེ་ནས་དགོང་མོ་འཆར་ཅན་ལྟར་དགའ་མལ་དགོན་པའི་སྐྱ་སེར་ཡོངས་ནས་སྟོན་པའི་འཁྲུངས་མཆོད་ཆེན་མོ་དང་འབྲེལ་དགའ་མལ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་གི་མདུན་དང་དགའ་མལ་དགོན་པའི་ཚོགས་ཆེན་འདུ་ཁང་མདུན་ནས་མར་མེ་སྟོང་ཕྲག་དུ་མས་༼མཁན་ཆེན་ཤེས་རབ་མཐར་ཕྱིན་མཁྱེན་ནོ།༽ དུང་། གཡུང་དྲུང་དང་འཁོར་ལོ། པད་མ། ནོར་བུ་རིན་པོ་ཆེ་བཅས་རིགས་རྟགས་རྣམ་པ་བཞི་ཡི་སྒོ་ནས་༧སྟོན་པའི་འཁྲུངས་མཆོད་ཆེན་མོ་བསུ་བ་དང་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེའི་དགོངས་རྫོགས་མཆོན་སྤྲིན་ཕུལ་བ་མ་ཟད། དད་ལྡན་སེར་སྐྱ་ཡོངས་ཀྱིས་ཚོགས་ཆེན་འདུ་ཁང་རྣམ་གཉིས་དང་བླ་བྲང་སོགས་ལ་སྐོར་ཕྱག་ཕུལ།

1550630603102656.jpg 

གཞན་ཁྱུང་པོ་སྟེང་ཆེན་དགོན་ནས་༧དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་མཆོག་སྐུ་མྱ་ངན་འདས་པར་གདུང་སེམས་མཉམ་བསྐྱེད་ཞུས་པ།

1550630602135748.jpg1550630602872555.jpg 

  དེ་ནས་དགའ་མལ་དགོན་པའི་ཚོགས་ཆེན་འདུ་ཁང་ནས་༧དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་གིས་སེར་སྐྱ་མང་ཚོགས་ཡོངས་ལ་སྟོན་པའི་མཛད་རྣམ་དང་འབྲེལ་བཀའ་སློབ་ཟབ་རྒྱས་གནང་བ་སོགས་ཀྱི་གནས་བསྡུས།

1550634333506225.jpg
1550634332930045.jpg1550634333131298.jpg

   གཞན་གསལ་བརྡ་ལ། བོད་ཚེས་༡༥སྟེ་སྟོན་པའི་འཁྲུངས་མཆོད་ཉིན་ནས་བོད་ཚེས་༢༡བར་ལ་ཉིན་རེའི་སྔ་དྲོ་ཆུ་ཚོད་༨པ་ནས་ཕྱི་དྲོ་ཆུ་ཚོད་༥བའི་བར་དུ་དད་ལྡན་མང་ཚོགས་རྣམས་ལ་སྐུ་གདུང་རིན་པོ་ཆེ་མཇལ་ཁ་གནང་བའི་དུས་ཚོད་ཡིན་པས་འབྲེལ་ཡོད་མཇལ་ཞུ་བ་ཡོངས་ནས་དུས་ལྟར་མ་ཡོལ་བ་གནང་བ་འཚལ།

དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་
དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་ནས་
༢༠༡༩་༢་༢༠ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།