དགོངས་རྫོགས་དང་འབྲེལ་བའི་གནས་ཚུལ།

[ཟླ་ཚེས། 2019-02-19 08:25:48][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1550536645139818.jpg

 དེ་ཡང་རང་ཅག་འབྲེལ་ཡོད་དད་འབངས་ཡོངས་ཀྱི་སྐྱབས་གནས་དམ་པར་གྱུར་བ་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ་མཆོག་སྤྱི་ལོ་༢༠༡༩ལོའི་ཟླ་བ་༢པའི་ཚེས་༡༤ཉིན་རེ་ཞིག་མི་རྟག་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་མདོ་སྨད་ཤར་ཁོག་ཟིང་ཆུའི་ཡུལ་ལུང་དགོན་གྲོང་སྐྱ་སེར་ཡོངས་ལ་བཟོད་ཐབས་བྲལ་བའི་གནས་སུ་གྱུར་བ་རེད།

1550544270807878.jpg

   དེ་ནས་ཉིན་གསུམ་ཞག་གཉིས་ལ་ཐུགས་དམ་གསང་རྒྱ་གནང་སྟེ་སྤྱི་ཚེས་༡༦ཉིན་གསང་རྒྱ་དམ་པ་གྲོལ་བ་དང་།

1550544318408758.jpg

   ༧དགའ་མལ་དགོན་ཆེན་གྱི་ནང་དགོན་ཁག་ལྔ་སོགས་ཀྱི་དགོན་བདག་བླ་མ་རྣམ་པ་དང་ཀྲུའུ་རེན་སོགས་དགའ་མལ་དགོན་ཆེན་དུ་ཕེབས་ཏེ་མཁན་སློབ་རྣམ་གསུམ་གཙོས་པའི་མཁན་སློབ་བླ་སྤྲུལ་ཀྲུའུ་རེན་རྣམས་ཀྱིས་༧སྐྱབས་རྗེ་ཞིང་གཤེགས་དམ་པའི་དགོངས་རྫོགས་སྒྲུབ་སྟངས་སོགས་ཀྱི་ཐད་ལ་གྲོས་བསྡུར་གནང་།

1550544309712649.jpg

   གཞན་དེ་མ་ཐག་ཏུ་ཁོང་རིན་པོ་ཆེའི་གཞིས་དགོན་སྐྱང་ཚང་དགོན་གྱི་༧དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར་རིན་པོ་ཆེ་དང་དགེ་བཤེས་བསོད་ནམས་ཚེ་རིང་སོགས་གཞིས་དགོན་གྱི་བླ་གྲྭ་རྣམ་པ་གདུང་འབུལ་དུ་ཕེབས།

1550544256865196.jpg

   དེ་བཞིན་ཤར་ཁོག་གི་དད་ལྡན་སྐྱ་སེར་བརྒྱ་ཕྲག་དུ་མ་མྱ་ངན་ངུ་འབོད་དང་བཅས་ཏེ་དགའ་མལ་དགོན་ཆེན་གྱི་ཁོང་རིན་པོ་ཆེའི་བླ་བྲང་དུ་༧སྐུ་གདུང་རིན་པོ་ཆེ་མཇལ་ཞུ་བྱུང་བ་ལ་དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་ངོས་ནས་༧གདུང་རིན་པོ་ཆེ་མཇལ་བའི་གོ་སྐབས་གནང་།

1550548026139728.jpg

   གཞན་གཞུང་འབྲེལ་ཟིང་ཆུ་རྫོང་ཨུ་རྫོང་སྲིད་གྲོས། མི་རིགས་ཆོས་དོན་ཅུས། རྫོང་ནང་བསྟན་མཐུན་ཚོགས། དེ་བཞིན་ཁྲི་སྨིན་ཡུལ་ཚོ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་རྣམ་པ་དགོན་ཆེན་ལ་ཐུགས་གསོའི་འཚམས་འདྲིར་ཕེབས། དེ་ནས་མཁན་སློབ་བླ་སྤྲུལ་སོགས་ནས་གདུང་མཆོད་ཀྱི་ཆོ་ག་དུས་ལྟར་ཕུལ།

1550544269426531.jpg

   སྤྱི་ཚེས་༡༧ཉིན་ཁོང་རིན་པོ་ཆེའི་བླ་བྲང་དུ་ཁོང་རིན་པོ་ཆེའི་ཡི་དམ་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་ཕུལ། དེ་ནས་བླ་གྲྭ་རྣམ་པས་སྐུ་གདུང་རིན་པོ་ཆེར་མཆོད་པ་ཕུལ་བ་དང་། གཉན་ཡུལ་མཁར་ཡག་དགོན་པའི་མཆོག་སྤྲུལ་བསྟན་འཛིན་ཚུལ་ཁྲིམས་དབང་རྒྱལ་དང་དམུ་དགེ་བླ་རི་དགོན་པའི་བླ་མ་བཟོད་པ་རྒྱལ་མཚན་རྣམ་གཉིས་ཀྱིས་ཁོང་རྣམ་པ་ངོས་ནས་དགོངས་རྫོགས་གང་སྒྲུབ་དགོས་སྐོར་འབྲེལ་ཆེད་ཕེབས་གནང་།

1550544304113208.jpg
1550544305769752.jpg

   གཞན་ཟིང་ཆུ་རྫོང་ཧྲུའུ་ཅི་དང་རྫོང་དཔོན། ཧྲུའུ་ཅི་གཞོན་པ། སྲིད་གྲོས་ཀྱི་ཀྲུའུ་ཞི། མི་དམངས་མཐུས་མིའི་ཀྲུའུ་རེན། འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་། མི་རིགས་ཆོས་དོན་ཅུས་ཀྱི་ཅུས་ཀྲང་གཙོས་པའི་ཟིང་ཆུ་རྫོང་གི་དབུ་ཁྲིད་རྣམ་པ་ཐུགས་གསོའི་འཚམས་འདྲི་དང་ཁོང་རིན་པོ་ཆེ་ཟིང་ཆུ་རྫོང་གི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་ཆེན་ཡིན་པས་གུས་འདུད་ཞུས་པར་ཕེབས།

1550544319105806.jpg

   ཁྱད་པར་དུ་དགོང་དྲོར་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་༧དཔོན་སློབ་སྨན་རིའི་དགེ་བཤེས་ཤེས་རབ་མཐར་ཕྱིན་མཆོག སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་མཆོག་གཙོས་དགའ་མལ་དགོན་ཆེན་གྱི་བཤད་སྒྲུབ་འདུས་སྡེའི་དགེ་སློབ་ཡོངས་ནས་སྐུ་གདུང་རིན་པོ་ཆེའི་མདུན་ནས་གདུང་མཆོད་ཕུལ་བ་དང་། གཞན་ཉིན་གང་བོ་ལ་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མས་སྐུ་གདུང་རིན་པོ་ཆེ་མཇལ་བ་ཞུ།

1550544262348557.jpg
1550544259573613.jpg

   དེ་ནས་སྤྱི་ཚེས་༡༨ཉིན་སྔ་དྲོར་ཆུ་ཚོད་༨པའི་སྟེང་དགའ་མལ་དགོན་པའི་བླ་སློབ་གྲྭ་མང་ཡོངས་ཀྱིས་སྐུ་གདུང་རིན་པོ་ཆེའི་མདུན་ནས་གདུང་མཆོད་ཕུལ་ཅིང་། དེ་ནས་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མས་སྐུ་གདུང་རིན་པོ་ཆེ་མཇལ་ཁ་ཞུ་བ་དང་།

1550544263893339.jpg
1550544278128041.jpg

   ཉིན་གུང་རྗེས་སུ་རིན་སྤུངས་དགོན་པའི་བླ་གྲྭ་འདུས་མང་ཡོངས་ཀྱིས་སྐུ་གདུང་རིན་པོ་ཆེ་མདུན་ནས་གདུང་མཆོད་ཕུལ། གཞན་རི་བོ་དགེ་ལུགས་པའི་བྲག་ར་དགོན་པའི་ཀྲུའུ་རེན་སོགས་ཐུགས་གསོའི་འཚམས་འདྲི་ཕེབས། ཁྱད་པར་དུ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱིས་དགའ་མལ་དགོན་ཆེན་གྱི་མཁན་སློབ་བླ་སྤྲུལ་འདུས་སྡེ་སེར་སྐྱ་མི་མང་ཡོངས་ལ་ཐུགས་གསོའི་འཚམས་འདྲིའི་གསུང་འཕྲིན་བསྩལ་གནང་བྱུང་། དེ་བཞིན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་ཐུགས་གསོའི་འཚམས་འདྲི་དང་འབྲེལ་བའི་རྗེས་དྲན་རྩོམ་ཡིག་གནང་།

1550547646276393.jpg1550547732566384.jpg

   དེ་ནས་དགོང་དྲོ་༧གདན་ས་ཆེན་མོ་དཔལ་ལྡན་སྨན་རིའི་གླིང་དང་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་གཉིས་ནས་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་འཚོགས་ཤིང་།

1550548000605069.jpg

   གཞན་དགོང་མོར་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་༧དཔོན་སློབ་ཤེས་རབ་མཐར་ཕྱིན། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ། སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། སྐྱིད་འཛོམས་དགོན་པའི་བླ་མ་ཤེས་རབ་གོང་འཕེལ། སྒྲུབ་དགེན་དམུ་རུའི་དགེ་བཤེས་བསྟན་འཛིན་ཡེ་ཤེས། སྐྱང་ཚང་དགོན་པའི་གྲྭ་ལྷུན་གྲུབ་དཔལ་ལྡན་གཙོས་དང་། དེ་བཞིན་དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣ་སོགས་ཀྱིས་སྐུ་གདུང་རིན་པོ་ཆེ་༧ཁོང་རིན་པོ་ཆེའི་བླ་བྲང་གཟིམ་ཁང་ནས་བླ་བྲང་སྲིད་རྒྱལ་ལྷ་ཁང་དུ་གདན་དྲངས་ཏེ་ཕྱི་ནང་གསང་བའི་མཆོད་པ་ཕུལ།

1550544310140309.jpg

   གཞན་གསལ་བརྡ་ལ། བོད་ཚེས་༡༥སྟེ་སྟོན་པའི་འཁྲུངས་མཆོད་ཉིན་ནས་བོད་ཚེས་༢༡བར་ལ་ཉིན་རེའི་སྔ་དྲོ་ཆུ་ཚོད་༨པ་ནས་ཕྱི་དྲོ་ཆུ་ཚོད་༥བའི་བར་དུ་དད་ལྡན་མང་ཚོགས་རྣམས་ལ་སྐུ་གདུང་རིན་པོ་ཆེ་མཇལ་ཁ་གནང་བའི་དུས་ཚོད་ཡིན་པས་འབྲེལ་ཡོད་མཇལ་ཞུ་བ་ཡོངས་ནས་དུས་ལྟར་མ་ཡོལ་བ་གནང་བ་འཚལ།

དགའ་མལ་དགོན་ཆེན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་དང་
དགོངས་རྫོགས་བཀོད་སྒྲིག་ཚན་ཆུང་ནས་
༢༠༡༩་༢་༡༨ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།